དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2020 > ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། > པར་རིས་གསར་འགྱུར།

བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་ལས་ཞུགས་བཟོ་ཁང108ཀྱིས་མི་གྲངས1710ལས་ཞུགས་ལ་སྣེ་ཁྲིད་བྱས་པ།

སྤེལ་དུས 2020-11-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ11པའི་ཚེས9ཉིན་འཚོགས་པའི་རྒྱལ་ཡོངས་རིག་གནས་དང་ཡུལ་སྐོར་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུའི་ཐོག་ནས་གསར་འགོད་པས་ཤེས་རྟོགས་བྱུང་གསལ། 2020ལོའི་ཟླ10པའི་བར། བོད་རང་སྐྱོང་ལྗོངས་ཀྱིས་ཁྱོན་མངོན་མིན་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་ལས་ཞུགས་བཟོ་ཁང108བཙུགས་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ1710ཐད་ཀར་ལས་ཞུགས་ཐུབ་ཡོད་ཅིང་མི་རེའི་ཆ་སྙོམས་ཟླ་རེར་ཡོང་འབབ་སྒོར་3675ཟིན་ཡོད། 
          ཉིན་དེའི་གྲོས་ཚོགས་ཐོག རྒྱལ་ཁབ་རིག་གནས་དང་ཡུལ་སྐོར་པུའུ་ཡི་མངོན་མིན་རིག་གནས་ཤུལ་བཞག་སིའི་རིམ་པ་དང་པོའི་སྐོར་གཟིགས་པ་ཝང་ཁྲེན་དབྱང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྷག་པར་དུ་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཚུན། བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་རིམ་བཞིན་འཐུས་སྒོ་ཇེ་ཚང་དུ་ཕྱིན་པ་དང་། སྲུང་སྐྱོང་རྒྱུན་འཛིན་ལམ་སྲོལ་འཁོར་སྐྱོད་ནུས་ལྡན་བྱུང་པ། སྲུང་སྐྱོང་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། རྒྱུན་འཛིན་ལག་ལེན་ཉིན་བཞིན་ཇེ་ལེགས་སུ་ཕྱིན་ཡོད་ཅེས་ངོ་སྤྲོད་གནང་བྱུང་། 
          དེང་སྐབས། བོད་རང་སྐྱོང་ལྗོངས་ལ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས88ཡོད་པ་དང་རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ96ཡོད་པ། ལྗོངས་དང་གྲོང་ཁྱེར། རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས2364དང་ལྗོངས་དང་གྲོང་ཁྱེར། རྫོང་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ1435ཡོད། 

འདི་ནི་མངོན་མིན་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་སྣེ་ཁྲིད་པ།བོད་སྤོས་བཟོ་རྩལ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་བསྟན་འཛིན་ཆོས་གྲགས་ཀྱིས་བཅར་འདྲི་དང་གནང་བཞིན་པ་རེད། 

འདི་ནི་རྒྱལ་ཡོངས་རིག་གནས་དང་ཡུལ་སྐོར་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུའི་ཡུལ་དངོས་སུ་འགྲེམས་སྟོན་བྱས་པའི་སྙེ་མོའི་གཟིམ་སྤོས་རེད། 

འདི་ནི་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཐོན་པ་མཛེས་ལྗོངས་ཁུལ་གྱི་ཆུ་འཐག་ཁྱམས་རིང་རེད། 
          མངོན་མིན་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་སྣེ་ཁྲིད་པ།བོད་སྤོས་བཟོ་རྩལ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་བསྟན་འཛིན་ཆོས་གྲགས་ཀྱིས་རང་ཉིད་ཀྱི་ཀུང་སི་ནི་བོད་རང་སྐྱོང་ལྗོངས་ཀྱིས་ཁག་དང་པོར་བཙུགས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་ལས་ཞུགས་བཟོ་ཁང་གྲས་ཡིན་ཏེ། “ད་ཆ་ཀུང་སིས་ཉེ་འགྲམ་གྱི་མང་ཚོགས32ལས་ཞུགས་ཐུབ་པ་དང་ཁོ་ཚོའི་ཟླ་རེའི་གླ་ཕོགས་སྒོར3000ནས4000ཙམ་ཟིན་གྱི་ཡོད”ཅེས་ངོ་སྤྲོད་གནང་བྱུང་།
          བསྟན་འཛིན་ཆོས་གྲགས་ཀྱིས་ཀུང་སིའི་ནང་དུ་མ་བསྐྱོད་གོང་མང་ཚོགས་དེ་དག་གིས་སྤོས་བཟོ་མི་ཤེས་པས། ཁོ་ཚོར་གཅིག་གཅིག་གཉིས་གཉིས་བྱས་ཏེ་ཟླ་བ་ལྔ་ལྷག་ཙམ་རིང་དམར་ཁྲིད་བྱས་པ་ན་ད་གཟོད་བཟོ་ཤེས་པར་གྱུར་པ་ཡིན་ལ།“ལ་ལས་ད་དུང་གཟིམ་སྤོས་ཀྱི་རྒྱུ་ཆ་སྦྱོར་སྟངས་སྦྱངས་འདོད་ཡོད་དེ་ང་ཚོས་ཀྱང་ཁོ་ཚོར་ཁྲིད་འདོད་ཡོད”ཅེས་ངོ་སྤྲོད་གནང་བྱུང་། 
          བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་སྤྱི་ཚོགས་མཐོང་ཚད་དང་སྙན་གྲགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ཆབས་ཅིག ཉེ་བའི་ལོ་ཤས་རིང་བསྟན་འཛིན་ཆོས་གྲགས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་ཤུགས་དང་ནུས་པ་མངོན་གསལ་དོད་པོས་ཚོར་ཡོད། “ལོ་འགའི་སྔོན་དུ། ང་ཚོ་ཚང་མས་ཐོན་ལས་གཞན་གྱི་ཁེ་བཟང་ལ་བརྟེན་ནས་སྤོས་བཟོ་བྱེད་ལ་ཁ་གསབ་བྱེད་ཀྱི་ཡོད། ད་ལྟ་གཞི་ནས་དེ་ལྟར་བེད་སྤྱོད་གཏོང་གི་མེད། ན་ནིང་ཀུང་སིའི་ཡོང་འབབ་ཁེ་གཙང་སྒོར་ཁྲི70ཙམ་ཟིན་ཡོད།” ད་ཆ་བསྟན་འཛིན་ཆོས་གྲགས་ཀྱིས་རང་ཉིད་ཀྱི་དྲ་ཐོག་ཚོང་དོན་ལས་སྟེགས་སྐྲུན་བཞིན་ཡོད་ལ་ཁོས་ལས་སྟེགས་དེ་བརྒྱུད་མི་དེ་བས་མང་པོས་གཟིམ་སྤོས་ཤེས་རྟོགས་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཟེར། 
          2018ལོར་རིག་གནས་དབུལ་སྐྱོར་ལ་སྐུལ་འདེད་གཏོང་ཆེད། ས་ཁུལ་དབུལ་པོའི་སྲོལ་རྒྱུན་བཟོ་རྩལ་དར་རྒྱས་གཏོང་བར་རྒྱལ་ཁབ་རིག་གནས་དང་ཡུལ་སྐོར་པུའུ་ཡིས་ཁག་དང་པོའི“མངོན་མིན་རིག་གནས་ཤུལ་བཞག་དང་དབུལ་སྐྱོར་ཟུང་འབྲེལ”གྱི་གཙོ་གནད་རོགས་སྐྱོར་ས་ཁུལ10གཏན་འཁེལ་བྱས་ཏེ། ས་གནས་དེ་གར་མངོན་མིན་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་ལས་ཞུགས་བཟོ་ཁང་འཛུགས་རྒྱུར་རྒྱབ་སྐྱོར་བྱས་པ་རེད། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གིས་དུས་ཡུན་རིང་པོར་གཟིམ་སྤོས་དང་བོད་ཤོག་བཟོ་བ་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ལ་བརྟེན་ནས་རྒྱལ་ཁའི་ངང་བདམས་ཐོན་བྱུང་པ་རེད། 
          2020ལོའི་ཟླ10པའི་བར། སྙེ་མོ་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་ལས་ཞུགས་བཟོ་ཁང10བཙུགས་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ152ལ་ལས་ཞུགས་ལས་གནས་མཁོ་འདོན་བྱས་ཡོད་ཅིང་། མང་ཚོགས565ལ་ཕན་པ་ཐོབ་པ་དང་མི་རེར་ཟླ་རེར་ཆ་སྙོམས་ཡོང་འབབ་སྒོར་3500ཟིན་ཡོད་པ་རེད། 
          བོད་རང་སྐྱོང་ལྗོངས་ཀྱིས་ད་དུང་ཐང་ག་དང་ཤིང་བརྐོས། རྩེ་ཐེར་སོགས་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པ་དང་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་སྲོལ་རྒྱུན་བཟོ་རྩལ་རྣམ་གྲངས་ལ་སྔར་བས་བརྟེན་ནས་གསོ་སྦྱོང་བྱ་རྒྱུ་གཙོ་གནད་དུ་འཛིན་རྒྱུ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་སྲོལ་རྒྱུན་བཟོ་རྩལ་དང་འབྲེལ་ཡོད་རྩལ་ནུས་སློབ་སྦྱོང་བྱེད་རོགས་བྱས་ནས་མི་ཚོགས་དབུལ་པོའི་ལས་ཞུགས་འཕར་རྒྱུར་སྐུལ་ཁྲིད་བྱེད་རྒྱུ་རེད། 
རྩོམ་སྒྲིག་པ། བདེ་སྒྲོལ།