དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2020 > ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། > པར་རིས་གསར་འགྱུར།

བོད་ལྗོངས་ནང་བསྟན་སློབ་གླིང་གི་བསམ་ཡས་དགོན་པའི་ཡན་ལག་སློབ་གླིང་དུ་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་བྱས།

སྤེལ་དུས 2020-11-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།

           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་ཆར་བོད་ལྗོངས་ནང་བསྟན་སློབ་གླིང་གི་བསམ་ཡས་དགོན་པའི་ཡན་ལག་སློབ་གླིང་དུ་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་བྱེད་སྒོ་རྒྱ་ཆེར་སྤེལ་བ་རེད།
           སྒྲོག་འགྲེལ་བྱེད་པའི་རིང་བསམ་ཡས་དགོན་པའི་དོ་དམ་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅི་ཀྲུའུ་རེན་ཕུན་ཚོགས་བཀྲ་ཤིས་ཀྱིས་བོད་ལྗོངས་ནང་བསྟན་སློབ་གླིང་གི་བསམ་ཡས་དགོན་པའི་ཡན་ལག་སློབ་གླིང་གི་སློབ་གསོའི་འཆར་འགོད་ཀྱི་དོན་དངོས་ལ་གཞིགས་ནས། སློབ་མའི་གནས་ཚུལ་ལ་ཟུང་འབྲེལ་གྱིས་གོ་བདེ་ཞིང་ཤེས་སླ་བའི་རྒྱ་བོད་སྐད་ཡིག་གཉིས་ཀྱི་ཐོག་ནས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལ་དམ་པོར་དམིགས་ཏེ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱས་ནས“ཕན་པ་ལྔ”དོན་འཁྱོལ་བྱེད་པ། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས་བོད་བརྒྱུད་ནང་བསྟན་གྱི་ཆོས་གཞུང་དང་བཅའ་ཡིག་ལ་སྤྱི་ཚོགས་ཡར་ཐོན་གྱི་བླང་བྱ་དང་མཐུན་པའི་འགྲེལ་བཤད་བྱེད་པ། བོད་བརྒྱུད་ནང་བསྟན་གྱི་རིག་གནས་རྒྱུན་འཛིན་ཡང་དག་པར་བྱེད་པ་སོགས་ཀྱི་ཐད་ནས་འགོ་བཙུགས་ཏེ་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་དགོས་པའི་བླང་བྱ་བཏོན་ཡོད།
           སྒྲོག་འགྲེལ་བྱེད་སྒོའི་བླང་བྱ་ལྟར།  རྒྱ་ཆེའི་དགེ་འདུན་པ་ཚོས་དྲིན་ཚོར་བ་དང་། མངག་བཅོལ་ཆུད་ཟོས་སུ་མི་གཏོང་བ། རྒྱལ་གཅེས་ཆོས་གཅེས། སྒྲིག་བཀུར་ཁྲིམས་སྲུང་བཅས་ཀྱིས“འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བསྒྲུབ་ཐུབ་པ་བཅས་བྱེད་དགོས་ལ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་བཏང་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་ཧུར་ཐག་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསླབ་བྱ་ནན་ཏན་གནང་བ་བཞིན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་བྱེད་པ། རྒྱལ་ཁབ་ཀྱི་འདུ་ཤེས་དང་བཅའ་ཁྲིམས་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཅས་བརྟན་པོ་འཛུགས་པ། རྒྱལ་ཁབ་དེ་ཆོས་ལུགས་ལས་ཆེ་བ་དང་། རྒྱལ་ཁྲིམས་དེ་ཆོས་ཁྲིམས་ལས་ཆེ་བ། སྤྱི་དམངས་དེ་ཆོས་དམངས་ལས་ཆེ་བ་བཅས་ཀྱི་འདུ་ཤེས་བཙུགས་ནས། ལག་ལེན་དངོས་ལ་སྦྱར་ཏེ“ཚད་གཞི་བཞིའི”བླང་བྱ་དོན་འཁྱོལ་ཡོང་བར་བྱས་ནས་དུས་རབས་གསར་པར་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་བའི་དགེ་འདུན་པ་བཟང་པོ་ཞིག་བྱ་རྒྱུར་བརྩོན་ལེན་བྱེད་དགོས་པ་བཅས་བསྟན།
རྩོམ་སྒྲིག་པ། སྣང་རྡོར།