དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2020 > ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། > སློབ་སྦྱོང་དང་ལག་བསྟར།

ས་མཐོའི་ལས་བྱེད་མང་ཚོགས་ཀྱིས་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་བྱས།

སྤེལ་དུས 2020-09-04 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
ས་མཐོའི་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པར་གྲོས་བསྡུར་འཁྲུག་པོ་བྱས་པ།
       ཉེ་ཆར་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་པེ་ཅིང་དུ་འཚོགས་ཤིང་། བོད་ལྗོངས་གྲོ་མོའི་མཐའ་མཚམས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་སུ་དེ་འཕྲལ་དུ་ས་ཚིགས་ཡོངས་ཀྱི་ཁྱབ་ཁོངས་སུ་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་ཚ་རླབས་ཤིག་འཕྱུར་བ་རེད། 
       ཟླ8པའི་ཚེས31ཉིན་གྱི་སྔ་དྲོར། ས་ཚིགས་དེས་དུས་ཐོག་ཏུ་ཏང་ཨུད་ཀྱི་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང(རྒྱ་ཆེ)སློབ་སྦྱོང་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཆེད་དོན་སློབ་སྦྱོང་བྱས་པ་རེད། ཚོགས་ཞུགས་མི་དམངས་ཉེན་རྟོག་པ་ཀྲེང་ཝུའེ་ཧྥུང་གིས“སྤྱི་ཁྱབ་ཧྲུའུ་ཅིས་རྒྱ་ཆེའི་ལས་བྱེད་པ་དང་ལྷག་དོན་བོད་ཀྱི་ལས་བྱེད་པས་ལྷག་པར་དུ‘བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་གསོ་རླུང་མི་འདང་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་བའི་ཐོག་གོ་རྟོགས་དེ་བས་མཐོ་བ་ཡོང་བ་བྱེད་དགོས། ལས་ཀའི་ཁྲོད་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་བ་དང་ནུས་པ་ཆེར་གཏོང་། སྤྱོད་ཚུལ་སྦྱོང་བརྡར་བཅས་བྱ་དགོས་ཞེས་བསྟན་པ་དེས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ནང་དུས་སྐབས་གསར་པའི་བོད་ལྗོངས་ཀྱི་ལས་དོན་ཁག་གི་མཛུབ་ཁྲིད་བསམ་བློ་དང་དམིགས་ཚད་བླང་བྱ། བྱེད་ཐབས་གལ་ཆེན་བཅས་ཁ་གསལ་བཟོས་ཡོད་དེ། ང་ཚོ་དུས་སྐབས་གསར་པའི་གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པ་ཞིག་ཡིན་པའི་ཆ་ནས། མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་འཁུར་ཡོད། ཉེ་བའི་ལོ་ཤས་རིང་། མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་རྣ་ཐོས་ལའི་མཐའ་མཚམས་ཚོང་དོན་བགྲོད་ལམ་བསྟུད་མར་བསྐྲུན་པའི་འཕེལ་རྒྱས་ཀྱི་དུས་བབ་དང་ཟུང་འབྲེལ་བྱས་ཏེ་ཞབས་ཞུའི་བགྲོད་ལམ་རྒྱུན་མཐུད་འཛུགས་སྐྲུན་བྱ་རྒྱུ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དང་། རང་འགུལ་ངང་ས་གནས་སྲིད་གཞུང་དང་འགག་སྒོ་སོགས་སྡེ་ཚན་དང་མཉམ་འབྲེལ་ཐོག་མཐའ་མཚམས་ཚོང་དོན་བགྲོད་ལམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུ། མཐའ་མཚམས་མི་དམངས་མང་ཚོགས་རྒྱལ་མཚམས་ནས་འགྲོ་འོང་དང་འགག་སྒོ་ལས་སྒྲོལ་བའི་ལས་ཆོད་ཆེས་ཆེར་གཏོང་པའི་དུས་མཚུངས་སུ་མི་དམངས་ཉེན་རྟོག་པ་ཚོས་ཀྱང་ས་གནས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཁྲོད་ཧུར་ཐག་སྒོས་ཞུགས་ཡོད་དེ། གནས་གཏན་འཁེལ་གྱི་ཆ་སྒྲིག་རོགས་སྐྱོར་དང་མང་ཚོགས་ཀྱི་འཚོ་བའི་དཀའ་ངལ་སེལ་བ་སོགས་ཀྱི་རྣམ་པ་བརྒྱུད་བཅའ་སྡོད་བྱ་ཡུལ་གྱི་མཐའ་མཚམས་མང་ཚོགས་ཀྱིས་སྔར་ལས་ལེགས་པའི་འཚོ་བ་སྐྱེལ་ཐུབ་པ་བྱུང་སྟེ་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། 
འདི་ནི་གྲོ་མོའི་མཐའ་མཚམས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་གྲོས་བསྡུར་བྱེད་བཞིན་པ་རེད། 
       ཤེས་རྟོགས་བྱུང་བར་གཞིགས་ན། ས་ཚིགས་དེས་ད་དུང་མི་དམངས་ཉེན་རྟོག་པ་རྩ་འཛུགས་བྱས་ཏེ“ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་ལ་སློབ་སྦྱོང་བྱེད་པའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་གྲོས་བསྡུར་ཆེ་མོའི”བྱེད་སྒོ་སྤེལ་ཞིང་། མི་དམངས་ཉེན་རྟོག་པ་ཚོ་རུབ་ནས་བསྡད་དེ་རང་ངོས་ཀྱི་ལས་ཀའི་མྱོང་ཚོར་དང་ཟུང་འབྲེལ་བྱས་ནས་གྲོས་བསྡུར་བྱས་པ་རེད། བོད་རིགས་མི་དམངས་ཉེན་རྟོག་པ་བསོད་ནམས་ཀྱིས“ས་གནས་དེ་གའི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། ང་རང་གིས་དུས་ཡུན་རིང་པོའི་ནང་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ལས་དོན་ལ་མཐོང་ཆེན་གནང་བཞིན་པར་མྱོང་ཚོར་ཟབ་མོ་ཡོད། ངེད་ས་ཚིགས་ནི་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་ཆགས་ཡོད་ཅིང་། ང་ཚོས་མེས་རྒྱལ་གྱི་མཐའ་མཚམས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་ཡོད། ལས་འགན་གཟི་བརྗིད་ལྡན་ཞིང་དོན་སྙིང་གལ་ཆེན་ལྡན་པས། ང་ཚོས་མེས་རྒྱལ་གྱི་བྱ་གཞག་གི་ཆེད་དུ་རང་ནུས་ཅི་ལྕོགས་བྱས་པར་འགྱོད་པ་སྤུ་ཙམ་ཡང་མེད། དུས་མཚུངས་སུ་གོང་རིམ་གྱིས་ང་ཚོར་ཐུགས་ཁུར་བྱེད་བཞིན་ཡོད། ལས་རིགས་ཀྱི་མོས་སེམས་དང་སྤོབས་སེམས་ཉིན་བཞིན་ཆེ་རུ་ཕྱིན་ནས་ལས་ཁུངས་ཀྱི་སྡོད་ཁང་ཆ་རྐྱེན་དང་མི་དམངས་ཉེན་རྟོག་པའི་སྨན་བཅོས། མི་དམངས་ཉེན་རྟོག་པའི་བུ་ཕྲུག་སློབ་ཞུགས། མི་དམངས་ཉེན་རྟོག་པའི་བདེ་ཐང་འགན་ལེན་སོགས་ཀྱི་ཕན་བདེའི་སྲིད་ཇུས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་ཅིང་། ཚད་ངེས་ཅན་སྟེང་མི་དམངས་ཉེན་རྟོག་པའི་འབྱུང་འགྱུར་གྱི་སེམས་ཁྲལ་སེལ་གང་ཐུབ་བྱས་ཡོད། ང་ཚོས་ངེས་པར་དུ་དུས་ཀུན་དུ་དྲིན་ཚོར་གྱི་བསམ་པ་བཅངས་ནས་སྤྱོད་ལམ་དང་ལས་ཀའི་གྲུབ་འབྲས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་གྲོ་མོ་དང་བཅའ་སྡོད་བྱ་ཡུལ་གྱི་མཐའ་མཚམས་མང་ཚོགས་ལ་རྒྱུན་མཐུད་ངང་ཞབས་འདེགས་ཡག་པོ་ཞུ་ངེས་ཡིན”ཞེས་ཟེར། 
       ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་རྒྱུན་མཐུད་ངང་དྲིལ་བསྒྲགས་དང་ལག་བསྟར་བྱ་ཆེད། མི་དམངས་ཉེན་རྟོག་པའི་སློབ་སྦྱོང་གི་ཕན་འབྲས་སྲ་བརྟན་དུ་གཏོང་བ་དང་། མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་དང་བཅའ་སྡོད་བྱ་ཡུལ་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ། ས་ཚིགས་དེས་ད་དུང་མི་དམངས་ཉེན་རྟོག་པ་རྩ་འཛུགས་ཧུར་ཐག་བྱས་ནས་སློབ་གྲྭ་དང་ཁྲོམ་གཞུང་དུ་བསྐྱོད་པ་། བཅའ་སྡོད་བྱ་ཡུལ་གྱི་སློབ་མ་དང་མཐའ་མཚམས་མང་ཚོགས་ལ་ཚོགས་འདུའི་དགོངས་དོན་དང་བོད་ལྗོངས་གསར་རྙིང་གི་འགྱུར་ལྡོག་སོགས་སྒྲོག་འགྲེལ་བྱས་ནས་ཁོ་ཚོར་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་ངོས་འཛིན་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་བཏང་ཡོད་པ་རེད། ལུའོ་ཁྲེང་ནི་ས་ཚིགས་དེའི་ཆབ་སྲིད་ཁྲུའུ་མི་དམངས་ཉེན་རྟོག་པ་ཞིག་ཡིན་ཏེ།   ཁོ་ལས་ཀར་ཞུགས་ནས་ལོ་བདུན་ རིང་གྲོ་མོ་ནས་བྱ་བ་སྒྲུབ་པ་ཡིན་པས་ས་གནས་འདིར་བརྩེ་དུང་ཟབ་མོ་ཡོད་པ་དང་། མཐའ་མཚམས་མང་ཚོགས་ལ་སྒྲོག་འགྲེལ་བྱེད་པའི་བརྒྱུད་རིམ་ཁྲོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“ངེས་པར་དུ་བསྒྲུབ་དགོས་པ་བཅུ”ཡིས་ཁོ་ལ་བག་ཆགས་ཟབ་མོ་བཞག་ཡོད། ཁོས“ངེས་པར་དུ་བསྒྲུབ་དགོས་པ་བཅུ་’ཡིས་དུས་རབས་གསར་པར་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ལས་དོན་ལ་བཏོན་པའི་བླང་བྱ་ཁ་གསལ་བཟོས་ཡོད་ཅིང་། དེ་ནི་ང་ཚོའི་ལས་དོན་གྱི་རྩ་བའི་གཞི་འཛིན་ས་ཡིན་པས། དུས་ཡུན་རིང་པོར་རྒྱུན་འཁྱོངས་དང་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས་ཤིང་། དེ་ཉིད་སྒུལ་ཤུགས་སུ་འཛིན་དགོས་ལ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་མེས་རྒྱལ་གྱི་གནས་སྤོས་ཡུལ་མིའི་དོ་དམ་བྱ་གཞག་ལ་གཞི་ཚུགས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པར་བྱས་རྗེས་འཇོག་དགོས”ཞེས་ཟེར།