དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2020 > ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། > སློབ་སྦྱོང་དང་ལག་བསྟར།

བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

སྤེལ་དུས 2020-09-30 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས། རྩོམ་པ་པོ།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དང་ལྷག་པར་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཚུན། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྷག་པར་དུ་ཧྲུའུ་ཅི་ཝུའུ་དབྱིང་ཅེས་པན་ཀྲང་གནང་བའི་སྐབས་དགུ་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་ཟམ་མི་ཆད་པར“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། བོད་ཀྱི་ལས་དོན་གྱི་དམིགས་ས་དང་། ཤུགས་རྒྱག་ས། འགོ་འཛུགས་ས། དོན་ལ་བབས་ས་བཅས་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་བཅས་བྱས་པས་དུས་ཡུན་རིང་པོ་ཐག་གཅོད་བྱེད་དགོས་བསམས་ཀྱང་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་ཐུབ་པ་དང་། དུས་ཡུན་རིང་པོར་སྒྲུབ་དགོས་བསམས་ཀྱང་སྒྲུབ་མ་ཐུབ་པའི་བྱ་བ་ཆེན་པོ་མང་པོ་སྒྲུབ་ཐུབ་པ། བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་ཆེན་པོ་བྱུང་བ་མ་ཟད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཀྱང་ཐོབ་ཡོད།
          འཕེལ་རྒྱས་ནི་བོད་ཀྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་འགག་རྩ་ཡིན།
          རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐོག་གནང་བའི་ལས་དོན་སྙན་སྒྲོན་ནང་འཕེལ་རྒྱས་གཏོང་དོན་ཅི་ཡིན་པ་དང་། འཕེལ་རྒྱས་ཀྱི་ལས་འགན་དང་དམིགས་ཡུལ། འཕེལ་རྒྱས་ཐད་ལྷག་པའི་གནད་དོན། འཕེལ་རྒྱས་ཅི་ཞིག་གི་ཆེད་དུ་ཡིན་པ། འཕེལ་རྒྱས་ཇི་ལྟར་མངོན་འགྱུར་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་ཇི་ལྟར་གཏོང་བ་སོགས་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་ལ་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་གསལ་འགྲེལ་དང་བྱ་ཐབས་ནུས་ལྡན་གྱི་བཀོད་སྒྲིག་གནང་བ་དང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རྩེ་རིམ་ཇུས་འགོད་དང་སྤྱིའི་བླང་བྱར་དམ་པོར་དམིགས་ཏེ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་པས་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།
          ཐོན་ལས་ཀྱི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་པ། རང་ལྗོངས་ཀྱིས་ས་མཐོའི་སྐྱེ་དངོས་ཐོན་ལས་དང་། ཡུལ་སྐོར་རིག་གནས་ཐོན་ལས། ནུས་རྒྱུ་གཙང་མའི་ཐོན་ལས། ལྗང་མདོག་བཟོ་ལས་སོགས“ཐོན་ལས་ཆེན་པོ་བདུན”ལ་དམ་པོར་དམིགས་ནས་ཐོན་ལས་ཀྱི་རྨང་གཞི་མཐོ་རིམ་ཅན་དང་ཐོན་ལས་འཁོར་སྦྲེལ་དེང་རབས་ཅན་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ཡོད། འདི་ལོའི་ལོ་སྟོད་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་རིང་། ཞིང་ལས་ཐོན་སྐྱེད་ཀྱི་རྣམ་པ་བཟང་པོ་དང་ཞིང་ལས་ཐོན་རྫས་ཀྱི་ཐོན་འབབ་བལྟོས་བཅས་བརྟན་པོ་བྱུང་ནས་ཞིང་ནགས་འབྲོག་ཉ་བཅས་ལས་རིགས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་64.94ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་གི་དུས་མཚུངས་ལས་2.2%འཕར་བ་དང་། བཟོ་ལས་ཐོན་སྐྱེད་འཕར་འགོ་ཚུགས་ནས་ལས་རིགས་ཀྱི་འཕར་གཞི་བཅུ་ཆ་དྲུག་ལྷག་ཙམ་ཟིན་ཡོད།
          གཞུང་ལམ་དྲ་བའི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་པ། མིག་སྔར། བོད་དུ་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ་བཅས་གཙོ་བོར་བྱས་པའི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་མ་ལག་གཞི་རྩའི་ཆ་ནས་གྲུབ་ཅིང་། ལྷ་ས་ལྟེ་བར་བྱས་པ་དང་ཤར་སི་ཁྲོན་དང་ཡུན་ནན་དང་། ནུབ་ཤིན་ཅང་། བྱང་མཚོ་སྔོན་བཅས་དང་འབྲེལ་ཞིང་། ལྷོ་རྒྱ་གར་དང་ནེ་པ་ལར་ཤར་གཏོང་ཐུབ་པ་དང་། ས་ཁུལ་དང་གྲོང་ཁྱེར་འབྲེལ་མཐུད་ཐུབ་པ། རྫོང་དང་ཤང་འབྲེལ་མཐུད་ཐུབ་པའི་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་བ་གཞི་རྩའི་ཆ་ནས་བསྐྲུན་ཟིན་ཡོད།
          སློབ་གསོའི་བྱ་གཞག་ལ་གྲུབ་འབྲས་གསར་པ་ཐོབ་པ། “100%ལྔ”ཡི་དམིགས་ཚད་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་ཞིང་། སློབ་ཞུགས་གོང་གི་སྐད་གཉིས་བུ་བཅོལ་ཁང་སྲིད་འཛིན་གྲོང་ཚོ(གྲོང་ལྷན)66.8%ལ་ཁྱབ་པ་དང་སློབ་གྲྭ་38.9%ལ་རིག་ནུས་སློབ་གསོ་ཁྱབ་ཡོད།
          ལས་ཞུགས་བརྟན་པོ་ཡོང་བའི་ལས་དོན་ཏན་ཏིག་སྤེལ་བ། མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་དང་། ཐབས་ལམ་གསར་པ་གསར་གཏོད། ལས་ཞུགས་གནད་སྨིན། ཐོན་སྐྱེད་དང་ལས་ཞུགས་ཟུང་འབྲེལ། ཆེད་ལས་ལེགས་སྒྱུར། འདུ་ཤེས་སྒྱུར་བ། སྲིད་ཇུས་ཀྱི་ཁྲིད་སྟོན་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་པས། འདི་ལོ་ལྗོངས་ནང་ཁུལ་གྱི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་87.23%ཟིན་ཡོད།
          རང་ལྗོངས་ཀྱིས་ལས་ཞུགས་བརྟན་པོ་ཡོང་བའི་ལས་དོན་ཏན་ཏིག་སྤེལ་བ་དང་ཆབས་ཅིག་ཞིང་འབྲོག་མང་ཚོགས་དེ་བས་མང་བས་གླ་པ་བརྒྱུགས་ནས་ཁྱིམ་ཚང་གི་དཔལ་འབྱོར་ཡོང་འབབ་མང་དུ་བཏང་ཡོད། ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་ཁྲི་60.1ལས་ཞུགས་གཞན་སྒྱུར་བྱས་པར་ཡོང་འབབ་སྒོར་དུང་ཕྱུར་43.4བྱུང་ཡོད།
          2020ལོའི་ལོ་སྟོད་ཀྱི་དཔལ་འབྱོར་གྱི“གྲུབ་འབྲས་རེའུ་མིག”ནང་བོད་ནི་བཀྲག་མདངས་འཚེར་ཤོས་སུ་གྱུར་ཅིང་། ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་838.38དང་འཕར་ཚད་5.1%ཟིན་ནས་རྒྱལ་ཡོངས་ཀྱི་སྣེ་ཁྲིད་པར་གྱུར་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་སོ་སོར་20151དང་སྒོར་4425ཟིན་པ་སོགས་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཞིག་སའི་གོ་ལའི་ཡང་རྩེར་འགྱིང་ངེར་ཆགས་ཡོད།
          ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་གྲངས་ཉུང་མི་རིགས་གཅིག་ཀྱང་ལུས་མི་རུང་།
          རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་དོན་ཆེན་ཨང་དང་པོ་དང་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས“གནད་སྨིན་དྲུག”དང“ཁག་གཅིག་རེ་ལྔའི”བླང་བྱ་གཞིར་བཟུང་། དབུལ་སྒྲོལ་འགག་སྒྲོལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་སྤྱི་འདོམས་བྱས་ནས་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅིས་ཙུའུ་ཀྲང་གི་འགན་འཁུར་བའི་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། དེའི་གཤམ་དུ་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་བཙུགས་པ། ཚུགས་གནས་མཐོ་པོས་སྐུལ་འདེད་དང་གོང་འོག་མཉམ་སྒུལ་གྱི་རྩ་འཛུགས་མ་ལག་བཙུགས་ཡོད།
          འདི་ལོའི་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཚོགས་འདུའི་ཐོག་ཧྲུའུ་ཅི་ཝུའུ་དབྱིང་ཅེས་འདི་ལོའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཡག་པོ་སྒྲུབ་པའི་གལ་འགངས་ཤིན་ཏུ་ཆེ་བའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཡིད་ཆེས་བརྟན་པོ་དང་ལས་དོན་ཏན་ཏིག་སྒྲུབ་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱས་ནས། དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་ཡོད།
          མིག་སྔའི་བར། རང་ལྗོངས་ཀྱིས་རིམ་རྩིས་བྱས་ན་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་26.6ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་པ་དེས་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་པའི་བསྡོམས་འབོར་གྱི་བཅུ་ཆ་གཅིག་ཙམ་ཟིན་པ་དང་མི་འབོར་དབུལ་པོའི་བསྡོམས་འབོར་གྱི་གསུམ་ཆ་གཅིག་ལྷག་ཙམ་ཟིན་ཞིང་། མིག་སྔར་གནས་སྤོ་བྱ་ཡུལ་953བསྐྲུན་ཟིན་པ་དང་གནས་སྤོ་བྱ་ཡུལ་22ལས་མཇུག་བསྡུ་བཞིན་ཡོད། མི་ཁྲི་25.7སྤོས་ཟིན་པ་དང་དེ་བྱིངས་མི་ཁྲི་0.9ལོ་མཇུག་གོང་ཚང་མ་སྤོས་ཐུབ་རྒྱུ་རེད། ལྗོངས་ཡོངས་ཀྱི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ་དང་། གྲོང་ཚོ་དབུལ་པོ་5377ཚང་མ་དབུལ་སྒྲོལ་ཐུབ་པ། རྫོང་དང་ཆུས་དབུལ་པོ་74ཚང་མའི་དབུལ་ཞྭ་ཕུད་དེ་ལོ་རྒྱུས་རང་བཞིན་ལྡན་པའི་སྒོ་ནས་དུས་ཡུན་རིང་པོར་མི་རིགས་ཁག་གི་མི་དམངས་ལ་རྙོག་དྲ་བཟོ་བའི་དབུལ་པོ་དབུལ་རྐྱང་གི་གནད་དོན་རྦད་དེ་ཐག་གཅོད་ཐུབ་ཡོད།
          མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་པ།
          འདི་ལོའི་ཟླ་5ཚེས་1ཉིན། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》དངོས་སུ་ལག་ལེན་བསྟར་ནས་དུས་རབས་གསར་པའི་བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྣམ་པ་གསར་པ་བཏོད་ཡོད།
          དམིགས་བསལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་ཞིག་ཡིན་པའི་བོད་དུ་བོད་རིགས་དང་། རྒྱ་རིགས། ཧུད་རིགས་སོགས་མི་རིགས་45ཡོད་ཅིང་། བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་མི་འབོར་གྱིས་91.83%བཟུང་ཡོད། དེར་བརྟེན། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་ཀྱི་བོད་ཀྱི་ལས་དོན་གྱི་དམིགས་བསལ་གལ་ཆེའི་རང་བཞིན་གཙོ་བོ་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་ལས་མངོན་པ་དང་། དེས་རྒྱལ་ཁབ་གཅིག་གྱུར་དང་བདེ་འཇགས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།
          བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག ཀྲུང་དབྱང་སྐུ་ཚབ་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་བྲིས་ཕྱག་བསྟར་མ“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པའི་རྟེན་འབྲེལ་བྱང་བུ་བསྣམས་པ་ནི་སྨོན་འདུན་ཞིག་རེད་ལ། རེ་སྒུག་ཅིག་དེ་བས་ཀྱང་རེད།
          “ད་ཆའི་བོད་ཀྱི་རི་བོ་སྔོ་མདངས་རྒྱས་པ་དང་། ཆུ་མོ་དྭངས་ཤིང་གཙང་བ། མཁའ་རླུང་གསར་ལ་སོས་པ་བཅས་ཡོད་པས། སྔར་བཞིན་འཛམ་གླིང་ཐོག་ཁོར་ཡུག་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད”ཅེས་2019ལོའི་ཟླ་9ཚེས་12ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གྱི་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་ཐོག“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པར་དམིགས་ནས་ངོ་སྤྲོད་གནང་སྐབས་དེ་ལྟར་གསུངས་ཡོད།
          མིག་སྔའི་བར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་མཁའ་རླུང་ཁོར་ཡུག་སྤུས་ཚད་ཆ་སྙོམས་ལེགས་པའི་ཉིན་གྲངས་95%ཡན་ཟིན་པ་དང་། གཙང་པོ་དང་། ཆུ་བོ། མཚོ་བཅས་གཙོ་བོའི་ཆུའི་སྤུས་ཚད་IIIརིགས་ཀྱི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལེགས་པ་ཡོད་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུའི་སྤུས་ཚད་ལོན་ཚད་100%ཟིན་པ། GDPརྩིས་གཞིའི་དབྱང་གཉིས་ཐཱན་འགྱུར་འབུད་ཚད་2015ལོ་དང་བསྡུར་ན་12.24%ཆག་པ། སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་རྒྱ་ཁྱོན་དབྱེ་འབྱེད་གཏན་འབེབས་བྱེད་ཚད་44.8%ཟིན་པ། ནགས་ཚལ་ཁེབས་ཚད་12.14%ཟིན་པ། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་45.9%ཟིན་པ། འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་652.9ཟིན་ཡོད།
          སྤུས་ལེགས་ཀྱི་སྣོད་བཅུད་ཁོར་ཡུག་དབང་གིས་བོད་འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་དུ་གྱུར་ཡོད། གྲངས་གཞི་ལས་མངོན་པར། ན་ནིང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་4000ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་དུང་ཕྱུར་560བྱུང་ཡོད། ལྷག་པར་དུ་འདི་ལོའི་ལོ་སྟོད་དུ་བོད་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་833ལྷག་ཙམ་ལ་སྣེ་ལེན་ཞུས་པ་དེ་རྒྱལ་ཡོངས་ཀྱི་ཡུལ་སྐོར་ཁྲོམ་ར་སླར་གསོའི་ཁྲོད་ཨང་དང་པོར་སླེབས་ཡོད།
          འཕེལ་རྒྱས་ཀྱི་འཆར་གཞི་བཀོད་ནས་མདུན་སྐྱོད་ཀྱི་དུང་བརྡ་བཏང་བ།
          ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་ཟླ་8ཚེས་28ཉིན་དང་29ཉིན་པེ་ཅིང་དུ་འཚོགས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཚུན་གྱི་ལས་ཀའི་གྲུབ་འབྲས་དང་ཉམས་མྱོང་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་། མིག་སྔའི་བོད་ཀྱི་ལས་དོན་ལ་འཕྲད་པའི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་མཛུབ་ཁྲིད་བསམ་བློར་འཆད་འགྲེལ། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་བོད་ཀྱི་ལས་དོན་གྱི་དམིགས་ཚད་ལས་འགན་དང་། མཛད་ཕྱོགས་སྲིད་ཇུས། འཐབ་ཇུས་བྱ་ཐབས་གསལ་བཟོ་བཅས་གནང་བ་དེ་ནི་དུས་རབས་གསར་པའི་བོད་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་རེད།
          “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་འཚོག་རྒྱུའི་ཇུས་འགོད་དང་བཀོད་སྒྲིག་གནང་བ་དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་བོད་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་དམིགས་བསལ་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བརྩེ་སེམས་ཟབ་མོ་འཆང་གནང་གི་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལ་ཐུགས་ཁུར་གནང་བ་དེ་ནི་ང་ཚོས་དུས་རབས་གསར་པར་ཡར་བརྩོན་མདུན་སྐྱོད་བྱེད་པར་སྐུལ་མ་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད”ཅེས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཕུར་བསྟན་གྱིས་བཤད།
          དུས་རབས་ཀྱི་མིག་དཔེ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱིས“སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོའི་ཐོན་སྐྱེད་དང་འཚོ་བར་ཐུགས་ཁུར་ཆེན་པོ་གནང་གི་ཡོད། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་བྱམས་སྐྱོང་འོག ཡུལ་སྨད་དུ་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་ཤང་བསྐྲུན་ཡོད། ཏང་གི་འོད་ཟེར་གངས་ལྗོངས་ས་མཐོའི་རི་ཀླུང་ཀུན་ཏུ་འཕྲོས་ནས་དུས་དང་རྣམ་པ་ཀུན་ཏུ་ང་ཚོའི་སེམས་ལ་དྲོ་སྐྱིད་སྦྱིན་ཡོད། ད་ཐེངས་ཚོགས་འདུའི་ཐོག་སླར་ཡང་འབྱུང་འགྱུར་བོད་འཕེལ་རྒྱས་གཏོང་བའི་འཆར་གཞི་བཀོད་ནས། བོད་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་སྐྱོང་སྲིད་ཇུས་གསར་པ་རབ་དང་རིམ་པ་བཟོས་པས་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ་སེམས་ཤུགས་ཀྱང་ཆེས་ཆེར་འཕེལ་སོང”ཞེས་གསར་འགོད་པར་བཤད།
          རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཤང་དར་དམར་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་སྐལ་བཟང་སྒྲོལ་དཀར་གྱིས“ཏང་གི་སྲིད་ཇུས་བཟང་པོའི་དྲིན་ལས་དར་དམར་གྲོང་ཚོའི་མང་ཚོགས་ཀྱི་འཚོ་བའི་ཕྱོགས་ཁག་ལ་འགན་ལེན་བྱུང་བ་དང་། ཡོང་འབབ་མང་དུ་ཕྱིན་པ། འཚོ་བ་ཕྱུག་པོ་ཆགས་ནས་ཡར་ངོའི་ཟླ་ལྟར་འཕེལ་ཡོད། ང་ཚོས་ངེས་པར་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་ཡག་པོ་བྱས་ཏེ། མང་ཚོགས་ཀྱི་སྣེ་ཁྲིད་ནས་ཕུགས་འདུན་དོན་གཉེར་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་ཀྱི་ཡིན”ཞེས་སེམས་འགུལ་ཐེབས་བཞིན་དུ་བཤད།
རྩོམ་སྒྲིག་པ། རིག་གྲོལ།