ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2020 > ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། > སློབ་སྦྱོང་དང་ལག་བསྟར།

ཝུའུ་དབྱིང་ཅེས་ཁེ་ལས་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་བྱས།

སྤེལ་དུས 2020-12-02 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས། རྩོམ་པ་པོ།

ཚོགས་འདུའི་ཡུལ་དངོས།
           

ཚེས་24ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་ཁེ་ལས་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁེ་ལས་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་དུས་རབས་གསར་པའི་དམངས་གཉེར་དཔལ་འབྱོར་དང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར། ཀྲུའུ་ཞི་ཝང་དབྱང་གིས་རྒྱལ་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་དང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བཅས་གནང་བ་དང་འབྲེལ་ཁེ་ལས་མཁས་ཅན་དང་ལྷན་དུ་ཁྲོམ་རའི་བྱེད་པོ་སྲུང་སྐྱོང་དང་།

          ཁེ་ལས་འཕེལ་རྒྱས་ལ་སྐུལ་འདེད། ཁེ་ལས་སྒྱུར་བཅོས་ཟབ་གཏོང་བཅས་ལ་དཔྱད་བསྡུར་གནང་བ་དང་རོགས་རམ་དང་། རྒྱབ་སྐྱོར། ཐག་གཅོད་བཅས་བྱེད་དགོས་པའི་དཀའ་གནད་མཁྱེན་རྟོགས་གནང་སྟེ། བོད་ལྗོངས་ཀྱིལོ་ལྔ་ཚན་བཅུ་བཞི་པའིའཆར་འགོད་སྒྲིག་བཟོ་ཡག་པོ་བྱེད་རྒྱུའི་ཐད་ཀྱི་བསམ་འཆར་དང་གྲོས་འགོ་གསན་པ་རེད།

          ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བསྟན་ཁོ་དང་། ཅང་ཅེ། པད་མ་དབང་འདུས། ལིའུ་ཅང་། དབང་ཧའེ་ཀྲོའུ། ཀྲང་ཡུང་ཙེ། ལུའོ་མེ། ཀྲང་ཧུང་པོ། ང་ཕོད་འཇིགས་ཡོན། བསོད་དར། ཀྲུའུ་ཡ་ཕིང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

          ཚོགས་འདུའི་ཐོག་ཁེ་ལས་མཁས་ཅན་གྱི་འཐུས་མི་ཝང་ཀང་དང་། པའེ་ཡུང་ཧྲེང་། ཟླ་བ་ཚེ་རིང་། ཉི་མ་བཀྲ་ཤིས། ཀོན་ཤིན་ཧྥེ། བསྟན་འཛིན་ནོར་བུ་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་ནས་ཏང་དང་སྲིད་གཞུང་ལ་ཡིད་ཆེས་ཡོད་ལུགས། ཁེ་ལས་སྒྱུར་བཅོས་དང་འཕེལ་རྒྱས་ལ་ཡིད་ཆེས་ཡོད་ལུགས་མཚོན་པར་བྱས་པ་དང་འབྲེལ་ཁྲོམ་རའི་དཔལ་འབྱོར་དང་ཁེ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་བོད་ལྗོངས་ཀྱིལོ་ལྔ་ཚན་བཅུ་བཞི་པའིའཆར་འགོད་སྒྲིག་བཟོ་ཡག་པོ་བྱེད་རྒྱུའི་ཐད་རང་ཉིད་ཀྱི་བསམ་འཆར་དང་གྲོས་འགོ་བཏོན་པ་རེད། ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷ་རྣམ་གཉིས་ཀྱིས་དེ་དག་གསན་ཞོར་དུ་ཟིན་བྲིས་བཀོད་པ་དང་བར་དུ་གཏམ་ལྕེབས་དང་བཀའ་འདྲི་ཡང་ཡང་གནང་སྟེ་ཚང་མས་སྐད་ཆ་དྲང་པོ་ཤོད་པ་དང་། ཁ་ཞེ་གཉིས་མེད་བྱེད་པ། བྱ་ཐབས་དངོས་འདོན་པ་བཅས་བྱས་ནས་ལྷག་པའི་གནད་དོན་ལ་མཉམ་དུ་ཞིབ་འཇུག་དང་ཐག་གཅོད་བྱེད་ཐབས་བཏོན་པ་དང་དམིགས་སའི་རང་བཞིན་ལྡན་པའི་དྲི་བར་ལྷག་བསམ་ཟོལ་མེད་ཀྱི་ལན་བརྒྱབ་པས་ཚོགས་རའི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་པ་རེད།

          ཚང་མའི་གཏམ་བཤད་གསན་རྗེས་ཝུའུ་དབྱིང་ཅེས་ཏང་ཀྲུང་དབྱང་གིས་སྔར་ནས་བཟུང་ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲོམ་རའི་དཔལ་འབྱོར་ཐད་ལ་བླང་བྱ་ཞིབ་ཕྲ་ཐེངས་མང་བཏོན་གནང་བ་དང་། ལྷག་པར་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་མཐའ་མའི་རྒྱལ་ཁ་ལེན་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་བཅས་ཀྱི་འགག་རྩའི་དུས་སུ་སྤྱི་ཁྱབ་ཧྲུའུ་ཅིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཁེ་ལས་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་བཅས་གཙོ་སྐྱོང་གནང་ནས། ཁྲོམ་རའི་བྱེད་པོར་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་པ་དང་། ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བར་བྱེད་པ། ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་ཀྱི་ཐད་བླང་བྱ་ཁ་གསལ་བཏོན་གནང་སྟེ། ཁེ་ལས་འཕེལ་རྒྱས་ལ་ཡིད་ཆེས་ཆེན་པོ་དང་སྒུལ་ཤུགས་ཆེན་པོ་བསྣན་པ་དང་ང་ཚོར་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཁེ་ལས་མཁས་ཅན་ཚོསའདུ་ཤེས་བཞིཟབ་ཏུ་གཏོང་བ་དང་། གདེང་ཚོད་བཞིབརྟན་དུ་གཏོང་བ། སྲུང་སྐྱོང་གཉིསཐུབ་པ་བཅས་ཀྱི་མཐོ་ཚད་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་ལྷག་པར་དུ་ཁེ་ལས་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ནས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། སྲིད་གཞུང་གིས་ཅི་ཞིག་སྒྲུབ་དགོས་ངེས་དང་ཁེ་ལས་ཀྱིས་ཅི་ཞིག་སྒྲུབ་དགོས་པ་གསལ་པོར་རྟོགས་པར་བྱེད་པ་དང་། སྲིད་གཞུང་གི་སྤྱི་ཁོག་སྙོམས་སྒྲིག་གི་ནུས་པ་དང་ཁྲོམ་རའི་རྨང་གཞིའི་རང་བཞིན་གྱི་སྙོམས་སྒྲིག་ནུས་པ་དཔུང་གཤིབ་མཉམ་སྐྱོད་དང་ཐུན་མོང་ཐོག་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གཏོང་བ།བརྟན་པོ་དྲུགགི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དངའགན་ལེན་དྲུགགི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ་བོད་ལྗོངས་ཀྱི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་སྲ་བརྟན་དུ་བཏང་ནས་ཕྱར་བ་གྲུ་འདེགས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་སྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་དགོས་ཞེས་གསུངས་པ་རེད།

          ཝུའུ་དབྱིང་ཅེས་རྒྱ་ཆེའི་ཁེ་ལས་མཁས་ཅན་ཚོས་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་ཀྱི་དོན་ཆེན་སེམས་ལ་བརྟན་པོར་ངེས་པ། ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། རང་འགུལ་གྱིས་རྒྱལ་ཁབ་ཀྱི་དོན་དུ་འགན་འཁུར་བ་དང་རྒྱལ་ཁབ་ཀྱི་ཆེད་དུ་དཀའ་སྡུག་མཉམ་ཁུར་བྱེད་པ། སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་འཁུར་བ། བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་སྟོབས་བཅས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པའི་ཁྲོད་བྱས་རྗེས་གསར་པ་འཇོག་པ་བཅས་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་འབུལ་དགོས་པའི་ལེགས་སྐྱེས་འབུལ་རྒྱུའི་ཐུགས་རེ་གནང་ཡོད།

          གཅིག་ནསསྲུང་སྐྱོང་གཉིསལ་ཁ་ཞེ་གཉིས་མེད་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཅེས་སྐྱོང་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་ཁེ་ལས་ཀྱི་ལས་བཟོས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་བསམ་བློའི་མོས་སེམས་དང་། ཆབ་སྲིད་ཀྱི་མོས་སེམས། བརྩེ་དུང་གི་མོས་སེམས་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་ལ་རང་རྟོགས་ངང་སྲུང་སྐྱོང་དང་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་བྱས་ཏེ་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུར་རྒྱུན་འཁྱོངས་བྱེད་དགོས།

          གཉིས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་དགོས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཁོང་དུ་ཆུད་པར་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་པ་བཅས་ཀྱི་ནང་དོན་ཕུན་སུམ་ཚོགས་པོར་གོ་བ་གཏིང་ཟབ་ལེན་པ་དང་། རང་འགུལ་ངང་དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་དང་འཚམ་པར་བྱེད་པ། ཁེ་ལས་ལ་དམིགས་པ་དང་ལས་འགན་གཙོ་བོར་དམ་འཛིན་བྱེད་པ། གསར་གཏོད་བྱེད་ནུས་ཆེ་རུ་གཏོང་བ། ཁེ་ལས་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཐོན་རྫས་རྩེ་གྲ་སྔར་ལས་མང་བ་འདོན་པ་དང་ཐོན་ལས་རྩེ་གྲ་སྔར་ལས་མང་བ་འཕེལ་རྒྱས་གཏོང་ཐུབ་པའི་བརྩོན་ལེན་བྱེད་དགོས།

          གསུམ་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཐད་བྱས་རྗེས་གསར་པ་འཇོག་དགོས། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཁེ་ལས་ཀྱི་ཏང་རྩ་འཛུགས་སྟོབས་ཆེར་གཏོང་རྒྱུ་འགན་ལེན་དུ་བྱས་ཏེ་ལྟོ་གོས་ལ་དོ་དམ་བྱེད་དགོས་ལ་བསམ་བློར་དེ་བས་དོ་དམ་བྱས་ནས་ཁེ་ལས་ཀྱི་ལས་བཟོར་བློ་བརྟན་འགྱུར་མེད་ངང་མཐའ་གཅིག་ཏུ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་སོགས་ཡིན་མིན་ཆེན་པོའི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་ལངས་ཕྱོགས་བརྟན་པོ་བྱེད་པ། དར་ཆ་གསལ་སྟོན་གྱི་སྒོ་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་སྤྱད་ནས་ཐོན་པའི་ཤུགས་རྐྱེན་ངན་པ་མེད་པར་བཟོ་བ། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ། སེམས་ཤུགས་གཙོ་བོ་ཐོན་སྐྱེད་གོང་འཕེལ་དང་འཚོ་བ་ལེགས་གཏོང་ཐད་སྤྱོད་པ། དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱེད་དགོས།

          བཞི་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ཐད་བྱས་རྗེས་གསར་པ་འཇོག་དགོས། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་གཏིང་ཟབ་སྤེལ་ནས་བོད་ལྗོངས་ཀྱི་ཁེ་ལས་ཀྱིས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་གཏམ་རྒྱུད་ཡག་པོ་བརྗོད་དེ་ཁེ་ལས་ཀྱི་ལས་བཟོརམོས་སེམས་ལྔཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་རང་རྟོགས་ངང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་མི་རིགས་བར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས།

          ལྔ་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་གསར་པ་འཇོག་དགོས། སྤྱི་ཚོགས་ཀྱི་འགན་འཁྲི་རང་རྟོགས་ཀྱིས་འཁུར་བའི་གཟི་བརྗིད་ཚོར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་དང་། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ནང་མཉམ་འདྲེས་ཧུར་ཐག་ཡོང་བ་བྱེད་པ། ནས་དང་། འབྲི་གཡག པགས་རིགས། རིག་གནས་ཡུལ་སྐོར། ཨར་སྐྲུན་རྒྱུ་ཆ་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བའི་ནང་ཞུགས་པ། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་བའི་ནང་ཞུགས་པ། མཐོ་སློབ་སློབ་ཐོན་སློབ་མ་དེ་བས་མང་བ་ལས་ཞུགས་ལས་གཏོད་བྱེད་པར་ཡིད་དབང་འགུག་པ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་སྣོན་དགོས། ལེགས་ཆ་འདོན་སྤེལ་བྱས་ཏེ་བོད་ལྗོངས་ཀྱིལོ་ལྔ་ཚན་བཅུ་བཞི་པའིའཆར་འགོད་སྒྲིག་བཟོ་བྱེད་པར་ཐབས་འདོན་ཇུས་འདོན་ཧུར་ཐག་བྱེད་དགོས།

          དྲུག་ནས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བའི་ཐད་བྱས་རྗེས་གསར་པ་འཇོག་དགོས། སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་དང་མཐའ་ཚད་མཐའ་འཁྱོངས་བྱེད་པ་དང་། ལྗང་མདོག་ཐོན་སྐྱེད་དར་སྤེལ་གཏོང་བ། ཚན་རྩལ་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་སྐྱེད་ཀྱི་ནུས་ཕྱོད་ཆེ་རུ་གཏོང་བ། གློག་དང་ཆུ་གྲོན་ཆུང་བྱེད་པ། སྦགས་བཙོག་ཆེ་བ་དང་། ཟད་གྲོན་ཆེ་བ། འབུད་ཚད་མང་བ་བཅས་གཏན་འགོག་བྱས་ཏེ། རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།

          མཇུག་ཏུ་ཝུའུ་དབྱིང་ཅེས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་ལམ་སྲོལ་གསར་གཏོད་བྱེད་པ། འཕེལ་རྒྱས་ཀྱི་འཆར་འགོད་དང་ཐབས་ཇུས་གལ་ཆེན་ལ་ཞིབ་འཇུག་ནན་ཏན་བྱས་ཏེ། ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། སྲིད་གཞུང་གིས་སྤྱི་ཁོག་སྙོམས་སྒྲིག་དང་ཚོད་འཛིན། སྡེ་ཚན་གྱིས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར། སྤྱི་ཚོགས་ཡོངས་ཧུར་ཐག་ཞུགས་པ། ཁེ་ལས་ཀྱིས་རང་བརྟེན་འཕེལ་རྒྱསབཅས་ཀྱི་ལས་ཀའི་རྣམ་པ་ཧུར་ཐག་ཆགས་པ་བྱེད་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་རང་འགུལ་ངང་འབྲེལ་མཐུད་བྱེད་པ་དང་། མཐུན་སྦྱོར་འབྲེལ་མཐུད་ཧུར་ཐག་བྱེད་པ། བློ་གཅིག་སེམས་གཅིག་གིས་ཁེ་ལས་མཁས་ཅན་ལ་ཞབས་འདེགས་ཞུ་བ་བཅས་བྱས་ནས་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

          བྱམས་བརྩེའི་ཐུགས་ཁུར་དང་། དྲོ་སྐྱིད་ལྡན་པའི་བཀའ་མོལ། གཟིགས་སྐྱོང་གི་སྲིད་ཇུས། དངོས་སྒྲུབ་ཀྱི་བྱེད་ཐབས་བཅས་ལས་ཁེ་ལས་མཁས་ཅན་ཚོའི་གདེང་ཚོད་དང་སེམས་ཤུགས་འཕེལ་ཡོད། ཚང་མས་ངེས་པར་དུ་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ལྗོངས་ཏང་ཨུད་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་དེ་སྒུལ་ཤུགས་སུ་བསྒྱུར་ནས་དུས་རབས་གསར་པར་བསམ་བློ་བཅིངས་འགྲོལ་དང་། དུས་བསྟུན་ཡར་བརྩོན། སྔོན་དུ་འཚོལ་ཞིབ། སྔོན་དུ་གསར་གཏོད་བཅས་ལ་གཞི་ཚུགས་ཏེ་དངོས་ཚན་དཔལ་འབྱོར་བརྟན་སྲུང་བྱེད་མཁན་དང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་མཁན་ཡག་པོ་བྱས་ནས་ཁེ་ལས་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་ཧུར་ཐག་གཏོང་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

རྩོམ་སྒྲིག་པ། རིག་གྲོལ།