རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁྲེན་ཅུན་གྱིས་དུས་བདེའི་ཆབ་མདོ་ཧུར་ཐག་སྐྲུན་དགོས་པའི་གྲོས་གཞི་བཏོན།
སྤེལ་དུས 2021-03-10
ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།
རྩོམ་པ་པོ།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ཁྲེན་ཅུན་གྱིས་གསར་འགོད་པར། ཆབ་མདོ་གྲོང་ཁྱེར་གྱིས་སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་དོན་སྤེལ་བའི“ཐབས་མཆོག”ཞིབ་པར་གླེང་བ་རེད།
“ང་ཚོས་ཏང་གིས་སྤྱི་ཚོགས་བཅོས་སྐྱོང་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས། ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་སྤྱི་ཚོགས་བཅོས་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དུས་བདེའི་ཆབ་མདོ་བསྐྲུན་པའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་འགན་འཁུར་བ་གཙོ་བོ་དང་ཕྱོགས་བསྡུས་བཅོས་སྐྱོང་ལས་བྱེད་པས་དུས་བདེ་འཛུགས་སྐྲུན(ཕྱོགས་བསྡུས་བཅོས་སྐྱོང་གི་ལས་དོན)ལ་དམ་འཛིན་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་དགོས”ཞེས་ཁྲེན་ཅུན་གྱིས་གསུངས་པ་དང་། ཁོང་གིས། གཙོ་གནད་ཁྱབ་ཁོངས་ཀྱི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་དགོས། ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྩ་ལག་མཉམ་བཅོས་ཟུང་འབྲེལ་བྱ་རྒྱུ་མངོན་གསལ་དོད་དུ་གཏོང་བ། དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ། སྤྱི་པའི་བདེ་འཇགས་དོ་དམ་ལས་དོན་ཡག་པོ་སྒྲུབ་པ། འགལ་བ་དང་རྩོད་གཞི་གྲལ་བཤེར་དང་འདུམ་འགྲིག་གི་ལས་དོན་ཏན་ཏིག་ངང་སྤེལ་བ། གཉིས་ལྡན་དུད་སྦྲེལ་གྱི་ཞབས་ཞུའི་དོ་དམ་ལས་དོན་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། གཙོ་གནད་ཁྱབ་ཁོངས་ལ་ཆད་ལུས་མེད་པའི་ལྟ་འདོམས་དང་། གསང་མ་ལུས་པའི་དོ་དམ། སྲུབས་ཀ་མེད་པའི་ཞབས་ཞུ་བཅས་སྒྲུབ་དགོས་ཞེས་གསུངས།
ཁྲེན་ཅུན་གྱིས་གསུངས་དོན། གོང་གསལ་གྱི་ལས་དོན་ཡག་པོ་སྒྲུབ་པའི་རྨང་གཞིའི་ཐོག ཆབ་མདོ་གྲོང་ཁྱེར་གྱིས་ད་དུང་སྤྱི་ཚོགས་བཅོས་སྐྱོང་གི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཆབ་སྲིད་དང་། ཁྲིམས་སྐྱོང་། སྤྱོད་སྐྱོང་། རང་སྐྱོང་། རིག་སྐྱོང་བཅས་མཉམ་འདྲེས་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་གཏོད་ཀྱི་ཡིན། །
རྩོམ་སྒྲིག་པ། བདེ་སྒྲོལ།