ཀྲུང་གོའི་བོད་ལྗོངས་དྲ་བ། > 2021ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས། > པར་རིས་གསར་འགྱུར།

རྗེས་དྲན་དང་གུས་འདུད་ཞུ།

སྤེལ་དུས 2021-03-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
ཟླ3པའི་ཚེས8ཉིན།
རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་ཕུལ་བྱུང་འགན་སྒྲུབ་བྱ་དགའི་གཟེངས་བསྟོད་མཛད་སྒོ་སྤེལ་ཞིང་།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན20ལ་བྱ་དགའ་ཐོབ།
བྱ་དགའ་ཐོབ་མཁན་གྱི་ཨུ་ཡོན19རིམ་པ་བཞིན་བྱ་དགའ་ལེན་པར་བསྐྱོད་རུང་།
འོན་ཀྱང་། ཨུ་ཡོན་གཅིག་ཞུགས་ཐུབ་མེད།
ཁོང་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཉི་མ་བཀྲ་ཤིས་ལགས་རེད།

2020ལོའི་ཟླ9པའི་ཚེས5ཉིན།
དགུང་ལོ55ལ་སོན་པའི་ཉི་མ་བཀྲ་ཤིས་ལགས།
གཞི་རིམ་དུ་བརྟག་དཔྱད་ཞིབ་འཇུག་བྱེད་པར་འགྲོ་བའི་ལམ་བར་དུ་རླངས་འཁོར་དོན་རྐྱེན་བྱུང་བ་དང་།
དེ་ལྟར་ཁོང་ནི་རང་གིས་བརྩེ་བས་བཅངས་པའི་གནས་འདི་དང་དེ་བཞིན་འབྲལ་དཀའ་བའི་ལོ་ལེགས་ཀྱི་སྙེ་མ་དག་དང་དུས་གཏན་དུ་ཁ་གྱེས་དགོས་བྱུང་བ་རེད། 

1
བྱིས་དུས་ཀྱི་ཕུགས་བསམ་རྒྱུན་བསྐྱངས་སྟབས།
ཁོང་བོད་ལྗོངས་ཀྱི་ཞིང་ལས་རིག་པའི་འབུམ་རམས་པ་དང་པོར་གྱུར།
ཉི་མ་བཀྲ་ཤིས་ཀྱི་ཕ་ཡུལ་ནི།
བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་སྣང་རྫོང་གྲ་ཐང་གྲོང་རྡལ་རྫ་ཡུལ་གྲོང་ཚོ་ཡིན།
གནས་དེ་གར་ས་གཤིས་ཞན་ཞིང་། ཐན་པ་མང་ལ་ཆར་ཆུ་ཉུང་།
མི་རྣམས་ཀྱིས་རྫ་ཆས་བསྲེགས་པའི་ལག་རྩལ་ལ་བརྟེན་ནས།
ཉེ་འགྲམ་གྱི་རྫོང་མཁར་དུ་འབྲུ་རིགས་བརྗེ་བར་འགྲོ་བཞིན་ཡོད།
“གྲོང་མི་ཚང་མའི་ལྟོ་བ་འགྲངས་པ་དང་།
འབྲུ་རིགས་ལ་སེམས་ཁྲལ་བྱེད་མི་དགོས་པའི”ཕུགས་བསམ་གྱི་མྱུ་གུ་དེ།
བྱིས་དུས་ཀྱི་ཉི་མ་བཀྲ་ཤིས་ཀྱི་སེམས་སུ་འབུས་པ་རེད།

གཞོན་དུས་ཀྱི་ཉི་མ་བཀྲ་ཤིས།

1982ལོར།ཉི་མ་བཀྲ་ཤིས་ཀྱིས་
ནུབ་བྱང་ཞིང་ལས་སློབ་ཆེན་གྱི་ཞིང་ལས་རིག་པའི་ཚན་ཁག་ཏུ་རྒྱུགས་འཕྲོད།
དེའི་རྗེས་སུ།
ཁོང་གིས་ད་དུང་ཀྲུང་གོ་ཚན་རིག་གླིང་གི་རབ་འབྱམས་དང་འབུམ་རམས་པའི་བསླབ་གནས་
བསྟུད་མར་འདོན་པའི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད།

1992ལོར།
ཉི་མ་བཀྲ་ཤིས་ལ་ཕྱི་རྒྱལ་དུ་ཟབ་སྦྱོང་བྱེད་པའི་གོ་སྐབས་ཐོབ་པ་རེད།
སློབ་མཐར་ཕྱིན་རྗེས།
ཁོང་གིས་ཕྱི་རྒྱལ་གྱི་ཚན་རིག་ཞིབ་འཇུག་ལས་ཁུངས་ཀྱིས་གླ་ཕོགས་མཐོན་པོ་སྤྲད་ནས་
གདན་འདྲེན་ཞུས་པ་དང་ལེན་མ་བྱས་པར་ཕྱིར་རྒྱལ་་ནང་དུ་ལོག་པ་དང་།
མཐོ་སྒང་གི་ཞིང་ལས་དང་ནས་ཀྱི་སོན་གསོའི་ཞིབ་འཇུག་གི་ལས་ཀ་བྱས་པ་རེད།

ཉི་མ་བཀྲ་ཤིས་ཀྱིས་སྔོན་ཆད་བརྗོད་དོན།
“ལས་ཁུངས་ཀྱིས་ང་རང་སློབ་མཐར་ཕྱིན་རྗེས་རྒྱལ་ནང་དུ་ལོག་པར་རེ་བའི་འཕྲིན་ཡིག་འབྱོར་སྐབས།
ངས་དེ་ནི་ཕ་ཡུལ་གྱི་མི་དམངས་ཀྱིས་འབོད་སྒྲ་ཡིན་པ་རྟོགས།
ང་ཕྱིར་རྒྱལ་ནང་དུ་ལོག་འོས།”ཞེས་ཟེར།
གནས་གང་དུ་ཡོད་ཀྱང་།
ཁོས་ཐོག་མཐའ་བར་གསུམ་དུ་མཐོ་སྒང་གི་ས་གཞི་སེམས་སུ་བཅངས་ཡོད།

ཉི་མ་བཀྲ་ཤིས་གཞི་རིམ་དུ་བརྟག་དཔྱད་ཞིབ་འཇུག་གནང་བར་ཕེབས་པ།

2
“དཔྱད་རྩོམ་ས་གཞིར་བྲིས་ཤིང་།
གྲུབ་འབྲས་ཞིང་ཁྱིམ་དུ་བཞག་པ།”
རྒྱལ་ནང་དུ་ལོག་རྗེས།
ཉི་མ་བཀྲ་ཤིས་ཀྱིས་བརྟག་དཔྱད་རུ་ཁག་གི་སྣེ་ཁྲིད་དེ།
ནས་ཀྱི་གཞི་རྒྱུའི་གསང་བ་བརྟོལ་ལ།
ནས་ཀྱི་ཐོན་འབབ་གོང་མཐོར་གཏོང་བའི་ཟིན་ཐོ་ཡང་དང་བསྐྱར་དུ་གཏོད་ཤིང་།
སྔོན་ཆད་ཞིང་ལས་ཁྱབ་ཁོངས་སུ་རྗེས་ལུས་ཐེབས་པའི་ཀྲུང་གོའི་བོད་ལྗོངས་རྒྱལ་སྤྱིའི་ཁྱབ་ཁོངས་སུ་སླེབས་པར་བྱས།

ཉི་མ་བཀྲ་ཤིས་ཀྱིས་ནས་ཀྱི་ཞིང་ཁར་བརྟག་ཞིབ་གནང་བ།

ཉི་མ་བཀྲ་ཤིས་ཀྱི་བསམ་པར།
ཚན་རྩལ་གྱིས་ཞིང་འབྲོག་ལས་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་།
ཞིང་འབྲོག་ལས་འཕེལ་རྒྱས་ཀྱིས་དབུལ་སྒྲོལ་ལ་སྐུལ་ཁྲིད་བྱེད་དགོས།
ཐོན་ལས་ཅན་གྱིས་ཁྱིམ་ཚང་མང་པོར་ཁེ་ཕན་བསྐྲུན་དགོས་པར་འདོད།

བོད་ལྗོངས་ཀྱི་ལོ་ཏོག་འདེབས་གསོའི་དབུ་བཞུགས་ཚན་རིག་པ་ཞིག་ཡིན་པའི་ངོས་ནས།
ཉི་མ་བཀྲ་ཤིས་ཀྱིས་ཚོགས་པའི་སྣེ་ཁྲིད་དེ་སྔ་རྗེས་སུ་ནས་ཀྱི་སོན་གསར20ལྷག་ཙམ་འདེམས་གསོ་བྱས་པ་རེད།
དེའི་ནང“མཚོ་བོད་ཨང2000པ”ཡི་སོན་རྒྱུད་ཀྱི་ཆ་སྙོམས་མུའུ་རེའི་ཐོན་ཚད་སྤྱི་རྒྱ350ཟིན་ཡོད་ལ།
བོད་ལྗོངས་ཀྱི་ལོའི་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི100ལས་
བརྒལ་བའི་ཐད་ལ་བྱས་རྗེས་གལ་ཆེན་བཞག་ཅིང་།
ཞིང་འབྲོག་པ་ཁྲི་བརྒྱ་ལྷག་ཙམ་ལ་ཕན་ཁེ་ཐོབ་པ་རེད།

ཉི་མ་བཀྲ་ཤིས་ཀྱིས་ནས་ཀྱི་སྐྱེ་འཚར་ལ་བརྟག་ཞིབ་གནང་བ།
 
འོན་ཀྱང་ཉི་མ་བཀྲ་ཤིས་ནི་ད་ལྟའི་གནས་བབ་ལ་ཡིད་མི་ཚིམ་པར།
བོད་ལྗོངས་ཞིང་ལས་ཚན་རིག་ཁང་ཞིང་ལས་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ཟླ་བ་དོན་གྲུབ་ཀྱིས་བརྗོད་དོན།
ཉི་མ་བཀྲ་ཤིས་ལ་བསམ་འདུན་ཞིག་ཡོད་དེ།
“ཁོང་གིས་ང་ཚོས་ལོ10དང་ཡང་ན་ལོ15ལ་རྒྱུན་འཁྱོངས་བྱས་ཏེ།
དགུན་ནས་ས་བབ་མཐོ་ཚད་སྨི4000ཡན་གྱི་མཐོ་སྒང་དུ་འདེབས་ཐུབ་པ་བྱེད་པའི་རེ་འདུན་བཅངས་ཡོད།”
ཉི་མ་བཀྲ་ཤིས་ཀྱིས་ཉི་མ་རྫོང་གི་ནས་ཀྱི་སྣ་ཁ་ལ་རྟོག་ཞིབ་གནང་བ།

2020ལོའི་ཟླ9པའི་ཚེས5ཉིན།
ཉི་མ་བཀྲ་ཤིས་མངའ་རིས་ས་ཁུལ་དུ་བརྟག་ཞིབ་གནང་བར་ཕེབས་པའི་ལམ་བར་དུ།
རླངས་འཁོར་དོན་རྐྱེན་བྱུང་བ་དང་། དགུང་ལོ55སྟེང་ང་ཚོ་དང་གཏན་དུ་ཁ་གྱེས་དགོས་བྱུང་།
དུས་དེ་ནས་བཟུང་།
ཚེ་སྲོག་གི་ས་བོན་ཞིག་ཇི་སྲིད་བར་དུ་ས་གཞི་ཆེན་མོའི་གཏིང་རིམ་ལ་སྦས་པ་རེད།
སྔོན་ཆད།
མི་ལ་ལས་ཉི་མ་བཀྲ་ཤིས་ལ།
ཁྱེད་རང་རྒྱལ་ནང་དུ་ལོག་པར་འགྱོད་པ་སྐྱེས་སམ་ཞེས་དྲིས་མྱོང་།
ཁོང་གིས་རྟག་ཏུ་མགོ་བོ་གཡུག་གཡུག་བྱེད་བཞིན།
“ངའི་རྩ་བ་ནི་མེས་རྒྱལ་དུ་ཡོད་ཅིང་།
ཏང་གི་སྲིད་ཇུས་ཀྱི་རྐྱེན་གྱིས།
ང་རང་ནི་རྒྱ་སྐད་ཚིག་གཅིག་ཀྱང་བཤད་མི་ཤེས་པའི་ལུག་རྫི་བྱིས་པ་ཞིག་ནས།
བོད་ལྗོངས་ཀྱི་ཞིང་ལས་ལས་རིགས་ཀྱི་བོད་རིགས་འབུམ་རམས་པ་དང་པོར་གྱུར།
ང་ཕྱིར་ལོག་པ་ནི་འོས་ཤིང་འཚམ་པ་ཞིག་མ་ཡིན་ནམ”ཞེས་བརྗོད་ཀྱི་ཡོད།

ཁོང་ང་ཚོ་དང་གྱེས་ཟིན་ལ། ལོ་ལེགས་ཀྱི་བསུང་ཞིམ་ཤུལ་དུ་བསྐྱུར།
ཁོང་གིས་འདེབས་གསོ་བྱས་པའི་ནས་ཀྱི་ས་བོན་བགྲང་ལས་འདས་པ་ཞིག་གངས་ལྗོངས་ས་མཐོའི་རི་ཀླུང་ཀུན་ལ་ཁྱབ་ཡོད།
“ནས་ཀྱི་འབུམ་རམས་པ”ལ་གུས་འདུད་ཞུ།
རྩོམ་སྒྲིག་པ། བདེ་སྒྲོལ།