ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ། > པར་རིས་གསར་འགྱུར།

ཏང་ཀྲུང་དབྱང་གིས་བསྩལ་གནང་བའི་ཕྱག་རྟགས་ང་ཚོར་འབྱོར་བྱུང་།

སྤེལ་དུས 2021-08-26 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

འདི་ནི་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་རྒྱ་སྨུག་གྲོང་ཚོའི་ནོར་འཛིན་དབང་མོས་ཀྲུང་དབྱང་སྐུ་ཚབ་ཚོགས་པས་བསྩལ་བའི་གོས་འཁྲུད་འཕྲུལ་ཆས་སྤྱད་དེ་གྱོན་གོས་འཁྲུད་བཞིན་པ།
          ཀྲུང་དབྱང་སྐུ་ཚབ་ཚོགས་པས་བསྩལ་བའི་གོས་འཁྲུད་འཕྲུལ་ཆས་འབྱོར་རྗེས་མངའ་རིས་ས་ཁུལ་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་རྒྱ་སྨུག་གྲོང་ཚོའི་གྲོང་མི་ནོར་འཛིན་དབང་མོའི་ཁྱིམ་མིས་དགའ་ཚོར་ཆེན་པོས་འཕྲལ་མར་ཐུམ་སྒྲིལ་གྱི་ཁ་ཕྱེས་ནས་བཀོལ་སྤྱོད་གསལ་བཤད་ཡི་གེ་ཞིབ་པར་བཀླགས་པ་དང་འབྲེལ་གོས་འཁྲུད་འཕྲུལ་ཆས་ནང་གྱོན་གོས་བླུགས་ནས་འཁྲུད་འགོ་ཚུགས།
          འདི་ནི་ཀྲུང་དབྱང་སྐུ་ཚབ་ཚོགས་པས་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་བསྩལ་གནང་བའི་དྲན་རྟེན་དངོས་པོ་བོད་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་ལག་ཏུ་འབྱོར་རྗེས་ཀྱི་མི་སེམས་འགུལ་བའི་རྣམ་པ་ཞིག་རེད།
          ཉིན་ཤས་བསྟུད་མར། ཀྲུང་དབྱང་སྐུ་ཚབ་ཚོགས་པས་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་བསྩལ་གནང་བའི་དྲན་རྟེན་དངོས་པོ་བོད་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་ལག་ཏུ་འབྱོར་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་བརྩེ་བ་ཟབ་མོ་གང་ལེགས་ཚོར་བ་དང་སེམས་འགུལ་ཆེན་པོ་ཐེབས་བཞིན་ཡོད།
          ཤེས་རྟོགས་བྱུང་བར་གཞིགས་ན། དྲན་རྟེན་དངོས་པོ་ཁྱོན་སྣ་ཁ་10ཡོད་པའི་ནང་རྟེན་འབྲེལ་སྒོ་བན་དང་། རྟེན་འབྲེལ་གོས་དར། གཙོ་འཛིན་གྱི་སྐུ་པར། གུ་གུ་ཤའི་ཡོ་བྱད། གོས་འཁྲུད་འཕྲུལ་ཆས། གློག་གི་བག་སླང་། བདེ་ཐང་སྨན་ཁུག་དང་ཁྲག་ཤེད་འཇལ་ཆས། ཉལ་ཆས་ཆ་ཚང་། སྒྲ་སྐྱེད་སྒམ། དཔེ་དེབ་བཅས་བོད་ལྗོངས་ཀྱི་མང་ཚོགས་ཀྱི་དངོས་ཡོད་དགོས་མཁོར་གཞིགས་ནས་མི་རིགས་ཀྱི་གོམས་སྲོལ་དང་མཐུན་པར་བྱས་ཏེ། གོ་ཆོད་ལ་སྤུས་ཚད་ཀྱང་འགན་ལེན་བྱས་ཡོད། དྲན་རྟེན་དངོས་པོ་དེ་དག་བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་ཏང་སྲིད་ལས་ཁུངས་དང་། བོད་སྡོད་དཔུང་སྡེ། ཁེ་ལས་དང་བྱ་གཞག་ཚན་པ། གྲོང་ཚོ་གྲོང་ལྷན། དགོན་སྡེ། ནང་བསྟན་མཐུན་ཚོགས། ནང་བསྟན་སློབ་གླིང་བཅས་ལ་ཕྱོགས་ནས་ཞིང་འབྲོག་མང་ཚོགས་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི། ལས་ཐོག་ལས་བྱེད་པ་དང་ལས་བཟོ། བོད་སྡོད་བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དཔོན་དམག ཆོས་ལུགས་ལས་རིགས་ཀྱི་མི་སྣ། ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་དང་ལས་བཟོ་སོགས་ལ་སྤྲད་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།