ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ། > དཔྱད་གཏམ།

ལོ་ངོ་70ཡི་རིང་གཞིས་རྩེར་འཕོ་འགྱུར་ཇི་ལྟར་བྱུང་ཡོད་ཅེ་ན།

སྤེལ་དུས 2021-08-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          ལོ་ངོ་70ཡི་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། གཞིས་རྩེ་གྲོང་ཁྱེར་གྱིས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞིར”ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་ཏེ། དཔལ་འབྱོར་དར་རྒྱས་དང་། སྤྱི་ཚོགས་ཞི་མཐུན། སྐྱེ་ཁམས་བཟང་བ། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། མཐའ་མཚམས་སྲ་བརྟན། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། མི་དམངས་བདེ་སྐྱིད་བཅས་ཀྱི་རྣམ་པ་བཟང་པོ་བཏོད་ཅིང་། ད་ཆ་བྱ་གཞག་ཁག་ལོ་རྒྱུས་ཐོག་གི་དུས་སྐབས་ལེགས་ཤོས་སུ་སླེབས་ཡོད།
          དཔལ་འབྱོར་ཉིན་བཞིན་འཕེལ་རྒྱས་བྱུང་བ།
          ལོ་ངོ་70ཡི་རིང་། གཞིས་རྩེ་གྲོང་ཁྱེར་གྱི་དཔལ་འབྱོར་སྒྲིག་སྲོལ་དང་རྣམ་པར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་དང་དཔལ་འབྱོར་འཁོར་རྒྱུག་ཐད་མགྱོགས་མྱུར་འཕེལ་རྒྱས་འགྲོ་ཚུལ་རྒྱུན་འཁྱོངས་ཐུབ་ནས་དཔལ་འབྱོར་གྱི་ཕྱོགས་བསྡུས་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། གྲངས་གཞི་ལས་མངོན་པར། གཞིས་རྩེ་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1959ལོའི་སྒོར་དུང་ཕྱུར་0.41ནས་2020ལོའི་སྒོར་དུང་ཕྱུར་322.78བར་འཕར་བ་དང་། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་1959ལོའི་སྒོར་ཁྲི་77.3ནས་2020ལོའི་སྒོར་དུང་ཕྱུར་15.67བར་འཕར་ཡོད།
          རྨང་གཞིའི་སྒྲིག་བཀོད་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་ནས་གྲོང་ཁྱེར་ཡོངས་ཀྱི་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་2.03ཟིན་པ་དང་། ལྷ་གཞིས་ལྕགས་ལམ་དང་ཞི་བདེ་གནམ་ཐང་གིས་གཞིས་རྩེ་དང་འཛམ་གླིང་གི་བར་ཐག་ཆེས་ཆེར་ཐུང་དུ་བཏང་བ། “ཁུལ་གསུམ་དང་ཀྲོའུ་གསུམ”གྱི་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་དང་མངའ་རིས་ཀྱི་གློག་དྲའི་དྲ་སྦྲེལ་འདུ་འགོད་ཀྱིས་ཐག་རིང་ལུང་ཁུག་ས་ཁུལ་གྱི་མང་ཚོགས་ལ་འོད་སྣང་སྦྱིན་པ། དྲ་སྦྲེལ་གྲོང་ཚོ་དང་དུད་ཚང་དུ་ཁྱབ་ནས་བརྙན་ལམ་སྤེལ་རེས་དང་། དྲ་ཐོག་ཉོ་སྒྲུབ། སྒུལ་བདེའི་གཏོང་སྤྲོད་བཅས་འཚོ་བ་སྐྱེལ་སྟངས་གསར་པར་གྱུར་ཡོད།
          མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ།
          གཞིས་རྩེ་གྲོང་ཁྱེར་གྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་དང་སྟབས་བདེ་དང་ཕན་པ་མང་ཚོགས་ལ་སྤྲོད་རྒྱུ་མཐའ་འཁྱོངས་བྱས་པས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཟབ་ཏུ་ཕྱིན་ཡོད།
          འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་རྗེས་མི་འབོར་དབུལ་པོ་ཁྲི་17.29དབུལ་སྒྲོལ་ཐུབ་པ་དང་གྲོང་ཚོ(གྲོང་ལྷན)དབུལ་པོ་1669དབུལ་པོའི་གནས་ལས་བསྒྲལ་ཏེ། ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་རྐྱང་གཅིག་ཀྱང་མི་ལྷག་པར་བྱས་པ་དང་། ལོ་ངོ་སྟོང་རིང་གི་དབུལ་ཞྭ་ཕུད་དེ། དབུལ་སྒྲོལ་འགག་སྒྲོལ་གྱི་བརྗིད་ཉམས་ལྡན་པའི་ལོ་རྒྱུས་སྙན་ངག་བརྩམས་ཡོད།
          སྐྱེ་ཁམས་ཀྱི་རང་མདངས་ལྟ་ན་སྡུག་པ།
          ལོ་ངོ་70ཡི་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་རང་བྱུང་ལ་བརྩི་མཐོང་དང་། རང་བྱུང་ལ་བསྟུན་མཁས། རང་བྱུང་ལ་སྲུང་སྐྱོང་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་པས། སྐྱེ་ཁམས་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་བྱ་གཞག་རང་འཕེལ་ནས་རང་རྟོགས་བར་དང་། གཞན་སྐུལ་ནས་རང་འགུལ་བར། རྨོངས་ཚོད་ནས་ཚན་རིག་བར་བཅས་ཀྱི་ངོ་བོའི་རང་བཞིན་གྱི་འཕུར་མཆོང་བྱུང་ཡོད།
          སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་བཏང་བ་དང་། གནམ་སྔོན་དང་། ཆུ་དྭངས། ས་གཙང་བཅས་སྲུང་སྐྱོང་དམག་འཐབ་གཏིང་ཟབ་བརྒྱབ་པ། རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་རྒྱ་ཁྱབ་སྤེལ་བ། དུད་ཚང་ཚང་མར་སྐྱེ་ཤིང་ཡོད་པ་བྱེད་པའི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་བ། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད། ཉེ་བའི་ལོ་ཤས་རིང་རིམ་རྩིས་བྱས་ན་ནགས་ཚལ་མུའུ་ཁྲི་280ལྷག་ཙམ་བཏབ་པ་བརྒྱུད་རྩྭ་ཐང་དང་སྔོ་ཁེབས་ཁྱབ་ཚད་51.82%ཟིན་པ་དང་། མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99.4%ཟིན་པ། གཙང་པོ་དང་མཚོ་གཙོ་བོའི་ཆུ་སྤུས་རིགས་གསུམ་པར་སླེབས་པའམ་ཡང་ན་དེ་ལས་ལེགས་པ་བྱུང་ཡོད།
          གཞི་རིམ་གྱི་རྨང་གཞི་བྲག་ལྟར་བརྟན་པ།
          གཞིས་རྩེ་གྲོང་ཁྱེར་གྱིས་མི་གཞི་རིམ་དུ་མངག་པ་དང་། མ་དངུལ་གཞི་རིམ་དུ་གཏོང་བ། སྲིད་ཇུས་གཞི་རིམ་དུ་ཕྱོགས་པ་བཅས་མཐའ་འཁྱོངས་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་རྒྱས་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་པ་བྱ་རྒྱུར་སྐུལ་འདེད་བཏང་ཡོད། 
          གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་བརྒྱབ་ཅིང་། གྲོང་ཁྱེར་ཡོངས་ཀྱི་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་380ལྷག་ཙམ་ཚང་མ་གཞན་སྒྱུར་རིམ་སྤོར་བྱས་པ་དང་། གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་100%ཏང་ཡོན་ཡིན་པའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་བ། གཞི་རིམ་ཏང་རྩ་འཛུགས་4454ཕྱོགས་ཡོངས་ནས་ཡར་རྒྱས་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་པ་བྱས་ཡོད།
རྩོམ་སྒྲིག་པ། རིག་གྲོལ།