ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ། > བོད་ལྗོངས་ཀྱི་གཏམ་རྒྱུད།

ལོ་ངོ་70ཡི་འཕོ་འགྱུར།

སྤེལ་དུས 2021-08-18 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།
         ད་ལོ་ནི་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བའི་ལོ་ཞིག་ཡིན་པས། བོད་ལྗོངས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་གང་དག་བྱུང་ཡོད།
         ཀྲུང་གོ་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ལེའུ་ཝུའེ་ལིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ལ་བཅར་འདྲི་ཞུས་ནས། ཁོང་ལ་བོད་ཀྱི་དཔལ་འབྱོར་དང་། དམངས་འཚོ། སྣོད་བཅུད་ཤེས་དཔལ། དེ་བཞིན་ཆོས་ལུགས་རིག་གནས་བྱ་གཞག་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་དང་རླབས་ཆེན་གྲུབ་འབྲས་ངོ་སྤྲོད་གནང་རོགས་ཞུས་པ་རེད། 

         2020ལོའི་ལོ་མཇུག་ལ་སླེབས་དུས། བོད་ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་1900ལས་བརྒལ་བ་དང་། 2020ལོར་སླེབས་སྐབས་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14598ཟིན་ཡོད་པ་དང་། དབུལ་པོའི་མི་འབོར་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ་རེད།

         ལོ་70ཡི་རིང། བོད་ལྗོངས་ལ་བྱུང་བའི་འགྱུར་ལྡོག་ནི་གྲངས་ཀའི་སྟེང་ནས་མཚོན་པ་ཙམ་མིན་ཅེས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཡིས་ངོ་སྤྲོད་བྱས་པ་རེད། ད་ལྟའི་བོད་ལྗོངས་ནི་སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་ལྷིང་དང་། སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཏན་ཏིག་ངང་བསྐྲུན་ཅིང་། མི་རིགས་མཐུན་སྒྲིལ་ཉིན་རེ་བཞིན་སྲ་བརྟན་དུ་འགྲོ་བཞིན་ཡོད་ལ། ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་དར་སྤེལ་ནུས་ལྡན་ཐུབ་ཡོད། གཤམ་དུ་བརྙན་ལམ་ཐོག་ནས་བོད་ལྗོངས་ཀྱི་ལོ་ངོ་70འཕེལ་རྒྱས་ལ་བལྟ་བར་འགྲོ། 

རྩོམ་སྒྲིག་པ། སྣང་རྡོར།