ཀྲུང་གོའི་བོད་ལྗོངས་དྲ་བ། > ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ཆེད་སྒྲིག > པར་རིས་གསར་འགྱུར།

བོད་ལྗོངས་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།

སྡུག་བསྔལ་དང་འཚོ་བ་གསར་པ་བརྒྱུད་མྱོང་བའི་མིག་དམར།

སྤེལ་དུས 2021-07-07 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

འདི་ནི་བགྲེས་སོང་མིག་དམར་ཡིན་པ། 

འདི་ནི་བགྲེས་སོང་མིག་དམར(དཀྱིལ )དང་། བཟའ་ཟླ་ཆུང་བདག(གཡོན་གྱི་དང་པོ )བུ་མོ་ཆུང་ཤོས་བདེ་སྐྱིད་སྒྲོལ་མ་(གཡས་ཀྱི་དང་པོ)དང་དེ་བཞིན་ཚ་བོ་བཅས་ཀྱིས་ཁང་པའི་མདུན་དུ་མཉམ་པར་རྒྱག་བཞིན་པ། 
          འདི་ལོ་དགུང་ལོ་79ལ་སོན་པའི་མིག་དམར་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་རྒྱ་མཚོ་ཤང་བརླ་ཡ་གྲོང་ཚོ་ནས་རེད།
          མིག་དམར་གྱིས“ང་རང་གཞིས་རྩེའི་ས་སྐྱ་རྫོང་དུ་སྐྱེས་པ་དང་ཁྱིམ་ནས་ཞིང་བྲན་བདག་པོའི་སྐྱེད་ལྕིའི་བུ་ལོན་སྤྲོད་མི་ཐུབ་སྟབས་ང་ལོ་7ལ་སླེབས་སྐབས་ཞིང་བྲན་བདག་པོར་བུ་ལོན་འཇལ་ཚབ་ཏུ་སྤྲད་པ་རེད། དེ་ནས་བཟུང་ངས་ཞིང་བྲན་བདག་པོའི་ལུག་རྫི་བྱས་པ་ཡིན། ཁོ་ཚོས་དུས་རྒྱུན་ང་ལ་འགྲམ་ལྕག་གཞུ་བ་དང་། རྟ་ལྕག་གཞུ་བ། ཁང་ཆུང་ནག་པོའི་ནང་བཅུག་པ་བཅས་བྱེད་ཀྱི་ཡོད་པས། དུད་འགྲོ་ལྟ་བུའི་འཚོ་བ་སྐྱེལ་འདོད་མེད་པར་ངས་ཐེངས་ཁ་ཤས་བྲོས་ཀྱང་རྩ་བ་ནས་ཐར་མ་བྱུང”ཞེས་ཕྱིར་དྲན་བྱས་ནས་བརྗོད།
          “1959ལོར་བོད་ལྗོངས་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ང་ལ་གུང་ཁྲན་ཏང་གིས་མངགས་པའི་བཅིངས་འགྲོལ་དམག་དང་ལས་དོན་རུ་ཁག་འཕྲད་བྱུང་། དེ་ནས་བཟུང་ང་རང་ལ་མི་ཚེའི་རེ་བ་རྙེད་བྱུང་། དེ་རྗེས་ངས་འགོ་ཁྲིད་དེ་མུན་ནག་གི་ལམ་ལུགས་རྙིང་པའི་ནག་ཉེས་བགྲངས་པ་ཡིན། དུས་དེ་ནས་བཟུང་དཀའ་སྡུག་གྲངས་མེད་མྱངས་པའི་ཞིང་བྲན་ཚང་མ་གོ་རྟོགས་སད་དེ་ཞིང་བྲན་བདག་པོའི་ནག་ཉེས་བགྲངས་ཕོད་ཀྱི་ཡོད”ཅེས་མིག་དམར་གྱིས་བརྗོད།
          མིག་དམར་1959ལོའི་ཟླ་10པར་གཞིས་རྩེའི་གཞུང་ལམ་བདག་སྐྱོང་དུམ་བུའི་བཟོ་པ་བྱས་པ་དང་། 1966ལོར་རྣམ་གླིང་རྫོང་དུ་ལས་སྒྱུར་བྱས། 1972ལོའི་ཟླ་10ཚེས་3ཉིན་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་པ་རེད།
          ཁོང་གིས་བུ་མོ་གསུམ་དང་བུ་གཅིག་བསྐྱངས་ཡོད་པ་དང་ད་ཆ་བདེ་སྐྱིད་འཆམ་མཐུན་གྱི་ཁྱིམ་ཚང་ཆེན་པོ་ཞིག་ཡོད། བགྲེས་སོང་མིག་དམར་གྱིས“གུང་ཁྲན་ཏང་དང་དུས་རབས་གསར་པའི་དྲིན་ལས་ང་ཚོའི་འཚོ་བ་ཧ་ཅང་སྐྱིད་པོ་འདུག”ཅེས་བརྗོད།
རྩོམ་སྒྲིག་པ། བདེ་སྒྲོལ།