༢༠༠༨ལོ་ནི་འཛམ་གླིང་ཀུན་གྱི་འདྲེན་བྱེད་དབང་པོས་ཀྲུང་གོར་གཟིགས་པའི་ལོ་ཞིག་ཡིན་ཞིང་། ལོ་བརྒྱའི་རེ་སྨོན་གྱི་འབྲས་བུར་པེ་ཅིང་གི་མཁའ་དབྱིངས་སུ་ངོ་མཚར་བའི་ཨའོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་སྐྱ་རེངས་དང་པོ་བསུས་ཤིང་།  ཉི་འོད་དལ་གྱིས་འཛུམ་པའི་སྐབས་འདིར།   ཟླ༨ཚེས༣༠ཉིན་ནས་ཟླ༩བའི་ཚེས༥ཉིན། གནས་མཆོག་ཁ་བ་རི་བོའི་ལྗོངས་ན་མངོན་པར་བརྗིད་པའི་ལྷ་ས་གྲོང་ཁྱེར་དུའང་སྲོལ་རྒྱུན་གྱི་གཞི་མ་ཉམས་ཤིང་ལོ་རྒྱུས་ཀྱི་ཤུལ་མ་ཆད་པའི་རིག་གནས་ཀྱི་འབྲས་བཟང་རབ་ཏུ་དུད་པའི་དུས་སྟོན་ཆེན་མོ་སྟེ། ལྷ་སའི་ཞོ་སྟོན་དུས་ཆེན་སྤྲོ་བཞིན་དུ་རོལ་བར་རེ་སྒུག་བྱས་ཡོད།

      ད་ལོའི་ཞོ་སྟོན་དུས་ཆེན་གྱི་བརྗོད་བྱང་ལ་“ངོ་མཚར་བའི་ལྷ་ས་དང་། སྤྲོ་སྐྱིད་ལྡན་པའི་ཞོ་སྟོན”ཞེས་བྱ་ཞིང་། སྐབས་དེར་ཞོ་སྟོན་དུས་ཆེན་གཏོང་བ་དང་ལྷན་དུ། གནས་མཆོག་ལྷ་སའི་ཞོ་སྟོན་དེ་ཕྱོགས་བཅུའི་སྐུ་མགྲོན་རྣམས་ཀྱི་འདྲེན་བྱེད་ཁྲི་སྟོང་མང་པོའི་སྤྱོད་ཡུལ་དུ་འགྱུར་རྒྱུ་ཡིན་པས། ཞོ་སྟོན་དུས་ཆེན་བསུ་པའི་དགའ་སྤྲོའི་དཔལ་གྱི་གཟི་མདངས་དང་དེ་དང་འབྲེལ་བའི་ལྷ་སའི་ཁྱད་དུ་འཕགས་པའི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་སོགས་སྐབས་དེའི་མཐོང་ཐོས་མྱོང་གསུམ་ཡུལ་མི་ཀུན་གྱིས་གང་དགར་ལོངས་སུ་སྤྱོད་ཐུབ་ན་ཅི་མ་རུང་སྙམ་ནས། ངེད་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་དང་ལྷ་སའི་ཞོ་སྟོན་དུས་ཆེན་གྱི་ཚོགས་ཆུང་ཨུ་ཡོན་ལྷན་ཁང་གཉིས་མཉམ་འབྲེལ་གྱིས་སྐབས་གཉིས་པའི་“བདག་གི་ཞོ་སྟོན་”ཞེས་པའི་རྩོམ་ཡིག་འགྲན་སྡུར་གྱི་ཇུས་འགོད་བྱས་པ་ཡིན་ལགས། འགྲན་སྡུར་གྱི་རིགས་ལ་པར་རིས་ཀྱི་སྐོར་དང་།  རྩོམ་རིག་གི་སྐོར།    ཡིག་གཟུགས་དང་རི་མོའི་སྐོར་བཅས་གསུམ་ ཡོད་ཅིང་། གནས་ཚུལ་ཞིབ་རྒྱས་གཤམ་གསལ་ལྟར།

གཙོ་སྒྲུབ་ལས་ཁུངས་ནི། ཀྲུང་གོའི་ལྷ་སའི་ཞོ་སྟོན་དུས་ཆེན་ཚོགས་ཆུང་ཨུ་ཡོན་ལྷན་ཁང་དང་། ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་གཉིས་ཡིན།

མཉམ་འབྲེལ་ལས་ཁུངས་ནི། བོད་ལྗོངས་པར་ལེན་པའི་མཐུན་ཚོགས་དང་།  དུས་རབས་པར་རིས་ཁང་།  དབྱི་ཐུའུ་ཞེས་པའི་དྲ་བ་བཅས་ཡིན།

བརྩམས་ཆོས་འཚོལ་བསྡུའི་དུས་ཚོད་ནི་དེ་རིང་ནས་༢༠༠༨ལོའི་ཟླ༡༠ཚེས༣༡ཉིན་བར་ཡིན།

བྱ་དགའ་ལ་རིགས་གསུམ་ཡོད་པ་གཤམ་གསལ་ལྟར།

པར་རིས་སྐོར།
ཨང་དང་པོ་མི་གཅིག    བྱ་དགའ་སྒོར་༢༠༠༠དང་དཔང་རྟགས་གཅིག
ཨང་གཉིས་པ་མི་གཉིས།  བྱ་དགའ་སྒོར་༡༠༠༠དང་དཔང་རྟགས་གཅིག
ཨང་གསུམ་པ་མི་གསུམ།  བྱ་དགའ་སྒོར་༥༠༠དང་དཔང་རྟགས་གཅིག

རྟིང་སྐུལ་བྱ་དགའ། དྲན་རྟེན་གྱི་(རྩོམ་བསྡུའི་བླང་བྱ་དང་འཚམ་པའི་རྩོམ་ཡིག་ཡོད་ཚད)ལེགས་སྐྱེས་འགའ་འབུལ་རྒྱུ་ཡིན།

རྩོམ་རིག་སྐོར།
ཨང་དང་པོ་མི་གཅིག། བྱ་དགའ་སྒོར་༢༠༠༠དང་དཔང་རྟགས་གཅིག
ཨང་གཉིས་པ་མི་གཉིས།  བྱ་དགའ་སྒོར་༡༠༠༠དང་དཔང་རྟགས་གཅིག
ཨང་གསུམ་པ་མི་གསུམ།  བྱ་དགའ་སྒོར་༥༠༠དང་དཔང་རྟགས་གཅིག
རྟིང་སྐུལ་བྱ་དགའ། དྲན་རྟེན་གྱི་(རྩོམ་བསྡུའི་བླང་བྱ་དང་འཚམ་པའི་རྩོམ་ཡིག་ཡོད་ཚད)ལེགས་སྐྱེས་འགའ་འབུལ་རྒྱུ་ཡིན།
   
ཡིག་རིས་སྐོར།

ཨང་དང་པོ་མི་གཅིག།   བྱ་དགའ་སྒོར་༢༠༠༠དང་དཔང་རྟགས་གཅིག
ཨང་གཉིས་པ་མི་གཉིས།  བྱ་དགའ་སྒོར་༡༠༠༠དང་དཔང་རྟགས་གཅིག
ཨང་གསུམ་པ་མི་གསུམ།  བྱ་དགའ་སྒོར་༥༠༠དང་དཔང་རྟགས་གཅིག
རྟིང་སྐུལ་བྱ་དགའ། དྲན་རྟེན་གྱི་(རྩོམ་བསྡུའི་བླང་བྱ་དང་འཚམ་པའི་རྩོམ་ཡིག་ཡོད་ཚད)ལེགས་སྐྱེས་འགའ་འབུལ་རྒྱུ་ཡིན།
 

           རྩོམ་ཡིག་བསྐུར་བའི་རེ་འདུན།

 པར་ལེན་སྐོར།
༡  རྩོམ་ཡིག་གི་ནང་དོན་ངེས་པར་དུ་༢༠༠༨ལོའི་ལྷ་སའི་ཞོ་སྟོན་དུས་ཆེན་གྱི་ནང་དོན་དང་མཐུན་དགོས་ཤིང་།   རྩོམ་ཡིག་གི་རྩོམ་སྟངས་གང་རུང་ཡིན་ཆོག་ལ།  ནང་དོན་ལུགས་མཐུན་དང་ཡར་ཐོན་ཡིན་དགོས།
༢   པར་རིས་ངེས་པར་དུ་གྲངས་རྟགས་ཅན་ཏེ(སྤྱིན་ཤོག་རང་ཉིད་ཀྱིས་འདྲ་བཤུ་བྱེད་རོགས)TIFF ཡང་ན་ JPG རྣམ་གཞག་ཡིན་དགོས།   པར་རིས་གྱི་ཆེ་ཆུང་ཁྲི་ཚོན་༡༥༠༠ཡིན་དགོས།

༣   པར་རིས་གཅིག་གམ་ཡང་ན་དུ་མ་བསྐུར་ཆོག    དུ་མ་ཆེས་མང་ན་ཡང་པར་རིས༤ནས་༦བར་ཡིན།  སྐུར་མཁན་མི་རེས་ཆེས་མང་ན་ཡང་པར་རིས་༡༠བསྐུར་ཆོག
༤  པར་རིས་བསྐུར་དུས་པར་རིས་ཀྱི་མིང་དང་།   པར་ལེན་མཁན་ཀྱི་འབྲེལ་གཏུག་བྱེད་སྟངས་གསལ་བོར་འགོད་དགོས།

རྩོམ་རིག་སྐོར།

༡  རྩོམ་ཡིག་ངེས་པར་དུ་རང་གིས་བྲིས་པའི་བརྩམས་ཆོས་ཡིན་དགོས།
༢  རྩོམ་སྟངས་གང་རུང་(སྙན་ངག   ལྷུག་རྩོམ།  སྒྲུང་གཏམ།   འབོལ་རྩོམ་སོགས)ཡིན་ཆོག    ཡིག་གྲངས་ལ་ཚོད་འཛིན་མེད་ཅིང་ནང་དོན་ལུགས་མཐུན་ཡིན་དགོས། གཙོ་བོ་ཁྱེད་ཀྱིས་ཞོ་སྟོན་དུས་ཆེན་སྐབས་ཀྱི་མཐོང་ཐོས་ངོ་མ་དང་དེ་ལས་འཕྲོས་པའི་ཡིད་ཀྱི་ཚོར་སྣང་ངོ་མ་འབྲི་དགོས།
༣  རྩོམ་ཡིག་ངེས་པར་དུ་གློག་རྡུལ་ཡིག་ཚགས་ཡིན་དགོས་པ་མ་ཟད།  རྩོམ་པ་པོའི་མིང་དང་འབྲེལ་གཏུག་བྱེད་སྟངས་ཀྱང་གསལ་བོར་འགོད་དགོས།

ཡིག་རིས་སྐོར།
༡   ཡིག་གཟུགས་ངེས་པར་དུ་རྩོམ་མཁན་རང་གིས་བྲིས་པའི་ཡིག་གཟུགས་ཡིན་དགོས།
༢   ཡིག་གཟུགས་འབྲི་སྟངས་(སྤུ་སྨྱུག་གམ་སྨྱུག་བཅད།  ལྕགས་སྨྱུག)གང་རུང་ཡིན་ཆོག་པ་དང་། རི་མོ་འབྲི་ལུགས་ཡང་གང་རུང་ཡིན་ཆོག
༣   རྩོམ་ཡིག་བསྐུར་དུས་ཡིག་གཟུགས་དབུ་ཅན་ཡིན་དགོས།་ཟུར་དུ་བརྩམས་ཆོས་ཀྱི་མིང་དང་།   རྩོམ་པ་པོའི་མིང་བཅས་འབྲེལ་གཏུག་བྱེད་སྟངས་གསལ་བོ་ཞིག་འགོད་དགོས།
 

   བརྩམས་ཆོས་སྐུར་སྟངས།

རྩོམ་མཁན་གྱིས་པར་རིས་སྐོར་དང་རྩོམ་རིག་སྐོར་གྱི་བརྩམས་ཆོས་ཐད་ཀར་དྲ་ཐོག་ཏུ་བསྐུར་རོགས།

བརྗོད་བྱང་ལ་བདག་གི་ཞོ་སྟོན་ཞེས་འབྲི་དགོས།
བོད་ཡིག་གི་གློག་རྡུལ་འཕྲིན་ཡིག
 
ktc@tibet.cn
QQ:296285631

ཡིག་རིས་ཚོགས་ཆུང་གི་ཡིག་རིས་དེ་གཤམ་གྱི་འབྲེལ་གཏུག་བྱེད་ས་བརྒྱུད་ནས་བསྐུར་དགོས།
གཞན་ངེད་ཅག་གི་དྲ་ཚིགས་སུ་སྡོད་གནས 地址:北京市宣武区广安门外大街305号荣丰2008八区—A2楼304室藏文版བྲིས་ཏེ་བསྐུར་ཆོག་པ་ཡིན།
ཁ་པར།
010-58336035
ཡིག་ཐུམ་གྱི་སྟེང་དུ་བདག་གི་ཞོ་སྟོན་ཞེས་པ་བྲིས་ནས་བསྐུར་རོགས།

  རྩོམ་ཡིག་དཔྱད་འདེམས་བྱེད་ཐབས།

༡   རྩོམ་བསྡུའི་དུས་ཡུན་ནང་དུ།  ང་ཚོའི་ལག་ཏུ་འབྱོར་བའི་རྩོམ་ཡིག་རྣམས་ཀྱི་ནང་ནས་རྩོམ་བསྡུའི་བླང་བྱ་དང་འཚམ་པའི་བརྩམས་ཆོས་རྣམས་སྔ་གཞུག་ཏུ་ཞོ་སྟོན་དུས་ཆེན་གྱི་ཆེད་སྒྲིག་ལེ་ཚན་དང་འབྲེལ་ཡོད་དྲ་ཐོག་གི་ལེ་ཚན་དུ་འགོད་རྒྱུ་ཡིན།
༢  རྩོམ་ཡིག་དྲ་ཐོག་ཏུ་བཀོད་རྗེས། དྲ་ཐོག་ཏུ་འདེམ་ཤོག་འཕེན་དུ་བཅུག་སྟེ།  རྩོམ་ཡིག་འགྲན་སྡུར་དཔྱད་བསྡུར་ཨུ་ཡོན་ལྷན་ཁང་གིས་དྲ་ཐོག་ཏུ་བཀོད་པའི་བརྩམས་ཆོས་ཀྱི་འདེམ་ཤོག་མང་ཉུང་ལ་གཞིགས་ནས་ཨང་དང་པོ་དང་། གཉིས་པ་བཅས་གོ་རིམ་ལྟར་བདམས་རྗེས།   བྱ་དགའ་ཐོབ་མཁན་ལ་དངུལ་གྱི་བྱ་དགའ་དང་དཔང་རྟགས་གནང་རྒྱུ་ཡིན།  བྱ་དགའ་ཐོབ་པའི་བརྩམས་ཆོས་རྣམས་ལྷ་སའི་ཞོ་སྟོན་དུས་ཆེན་གྱི་དྲ་བ་དང་།   ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས།  ལྷ་སའི་དགོང་དྲོའི་ཚགས་པར།  དུས་རབས་པར་རིས་ཉར་མཛོད།   དབྱི་ཐུའུ་དྲ་བ་སོགས་མཚམས་སྦྱོར་ཚན་པ་གཙོ་བོ་དག་ཏུ་དུས་ལྟར་འགོད་རྒྱུ་ཡིན།
                                                                
                                                  འདི་གའི་བོད་ཡིག་དྲ་བའི་རྩོམ་སྒྲིག་པ་ནས།

 

  ༄༅།།ཞོ་སྟོན་དུས་ཆེན་རིང་སྤྲོ་སྣང་ཆེན་པོས་ཀྲུང་གོ་དང་ཕྱི་རྒྱལ་གྱི་ལྗོངས་རྒྱུ་བར་བསུ་བ་ཞུས་པ།
  ༄༅།།རྒྱལ་ཕྱི་རྒྱལ་ནང་གི་རྐང་བགྲོད་མཁན་རྣམས་གནམ་མཚོའི་མཐའ་འཁོར་དུ་རྐང་ཐང་དུ་བསྐྱོད་པ།
  ༄༅།།ངོ་མཚར་སྟོང་ལྡན་གྱི་ཞོ་སྟོན་དུས་ཆེན།
  ༄༅།།ཕོ་བྲང་པོ་ཏ་ལའི་མཚན་མོའི་བཀྲག་མདངས་ཀྱིས་ཀུན་ཡིད་དབང་མེད་དུ་འཕྲོག་པ།
 
༄༅།།དགའ་བའི་གླུ་དང་སྐྱིད་པའི་བྲོ་འཁྲབ་ནས་འཆམ་མཐུན་ཞོ་སྟོན་ལ་བསྔགས་པ།
ཟླ༩པའི་ཚེས༡ཉིན་ནི་ལྷ་སའི་ཞོ་སྟོན་དུས་ཆེན་འཚོགས་རྗེས་ཀྱི་ཉིན་གསུམ་པ་ཡིན་ཞིང་། དེའི་ཉིན་མོར་ལྷ་སའི་གནམ་གཤིས་དྭངས་བ་དང་། ལྷ་སའི་ནོར་བུ་གླིང་ཁའི་ནང་དུ་འཁྲབ་སྟོན་མཛད་པའི་བོད་ཀྱི་ཨ་ཅེ་ལྷ་མོ་དང་། རྫོང་རྒྱབ་ཀླུ་ཁང་ནང་གི་སྣ་འདུས་སྒྱུ་རྩལ་གྱི་འཁྲབ་སྟོན་བཅས་ལ། མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་བྱེད་པ་རེད། དེའི་ཐོག་ནས་ལྷ་སའི་དེང་དུས་ཀྱི་འཆམ་མཐུན་སྤྱི་ཚོགས་དང་། ལྷ་སའི་ཞོ་སྟོན་དུས་ཆེན་གྱི་དགའ་སྐྱིད་ཀྱིས་ཡོངས་སུ་ཕྱུག་པའི་རྣམ་པ་དག་མཚོན་པར་བྱས་ཡོད་པ་རེད།

 ཟླ་༨ཚེས༢༧ཉིན་གཟའ་ལྷག་པ།)ཆུ་ཚོད་༡༠ཡི་སྟེང་དུ་ལྷ་སའི་ཅིན་ཧྲི་ཧྲིང་ཡོན་གསོལ་ཁང་ཆེན་པོ་ནས་ཀྲུང་གོའི་ལྷ་སའི་ཞོ་སྟོན་དུས་ཆེན་ཏེ་ཧྲན་ཞི་དང་ཧུའུ་ནན་ཞིང་ཆེན། བོད་ལྗོངས་བཅས་ས་ཁུལ་གསུམ་གྱི་ཡིག་གཟུགས་དང་མཛེས་རིས་མཁན་པོ་རྣམས་ཀྱིས་མཉམ་དུ་བཤམས་སྟོན་བྱེད་པའི་མཛད་སྒོ་སྤེལ་རྒྱུ་རེད།
 ཟླ༨ཚེས་༢༩ཉིན་
གཟའ་པ་སངས)གྱི་ཆུ་ཚོད་༡༠སྟེང་དུ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་ཞོ་སྟོན་དུས་ཆེན་གྱི་མཛད་སྒོའི་སྟེང་གི་རིག་རྩལ་འཁྲབ་སྟོན་སྔོན་སྦྱོང་བྱེད་རྒྱུ་དང་། ཕྱི་དྲོའི་ཆུ་ཚོད་༡༥ཡི་སྟེང་དུ་ཀྲུང་གོའི་ལྷ་སའི་ཞོ་སྟོན་དུས་ཆེན་སྐབས་ཀྱི་པར་ལེན་རུ་ཁག་གིས་བོད་ལྗོངས་རིག་གནས་གོམས་སྲོལ་ཐད་ཀྱི་འཆད་འཁྲིད་གནང་རྒྱུ་ཡིན་ཞིང་། ས་གནས་སྐབས་དེར་གཏན་འཁེལ་བྱེད་རྒྱུ་ཡིན།

- ཀྲུང་གོའི་ལྷ་སའི་ཞོ་སྟོན་དུས་ཆེན་ཚོགས་ཆུང་ཨུ་ཡོན་ལྷན་ཁང་།
- བོད་ལྗོངས་པར་ལེན་མཁན་མཐུན་ཚོགས།
- དབྱི་ཐུའུ་ཞེས་པའི་དྲ་བ།
- དུས་རབས་པར་རིས།
- ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས།
 
- ལྷ་སའི་སྦི་རག་ཀུང་སི།
- ལྷ་སའི་ཚོང་ཁང་ཆེན་མོ།
- ཀྲུང་གོའི་འཁྱེར་སྤྱོད་འཕྲིན་གཏོང་ཀུང་སི།
- Toyotaཞེས་པའི་ཀུང་སི།
- ཧྲི་པང་དངུལ་གཏོང་ཀུང་སི།
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060