• ༄༅།།བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཚོགས་པ་ཆེན་པོ་བཅུ་ཡིས་གྲོས་ཚོགས་ཐེངས་བཞི་བ་འཚོགས་པ།
  • ༄༅།།བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀུའུ་ཞེའུ་ལེན་བོད་ལྗོངས་འཐུས་ཚབ་ཀྱི་དཔྱད་གླེང་སྟེང་ཞུགས།
  • ༄༅།།ཀྲུང་གོའི་བུད་མེད་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བ་གཟབ་རྒྱས་ངང་འཚོགས་པ།
  • ༄༅།།བཅོས་བསྒྱུར་སྒོ་འབྱེད་བྱས་པའི་རིང་བོད་ལྗོངས་ཀྱི་བུད་མེད་དང་བྱིས་པའི་བྱ་གཞག་ལ་འཕེལ་རྒྱས་བྱུང་བ།
  • ༄༅།།བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ༣༠འཁོར་བའི་རིང་ཁ་པར་བཀོལ་མཁན་གྱི་དུད་ཁྱིམ་མང་དུ་སོང་ཡོད་པ།
  • ༄༅།།བུད་མེད་ཀྱིས་ཤེས་དཔལ་བཏོད་པ།
  • ༄༅།།ནད་བརྟག་བདེ་ལ་སྨན་གོང་ཆུང་།
  • ༄༅།།"མེས་རྒྱལ་ནམ་ཡང་ང་ཚོའི་སེམས་ནང་གནས"
  • ༄༅།།བདེ་སྐྱིད་ཀྱིས་བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱེད་དགོས་ཞེས་ནན་གསུངས་གནང་བ།
  • 1
    2
    3
    4
    ༄༅།།ཁོ་མོ་ནི་གངས་ལྗོངས་གླུ་གར་རྒྱ་མཚོའི་སྤོབས་པ་ཡིན།
    ༢༠༠༨ལོའི་ཟླ༡༠པའི་ཚེས༢༦ཉིན་ཀྲུང་གོའི་བུད་མེད་རྒྱལ་ཡོངས་འཐུས་ཚབ་ཚོགས་ཆེན་ཐེངས་བཅུ་བ་པེ་ཅིང་དུ་སྐོང་ཚོགས་གནང་། བོད་རང་སྐྱོང་ལྗོངས་ཀྱི་བུད་མེད་འཐུས་ཚབ་པ་མི༢༣ཐེངས་འདིའི་ཚོགས་ཆེན་ལ་ཞུགས་ཡོད་པ་དང་། དེའི་ཁྲོད་དུ་རང་སྐྱོང་ལྗོངས་ཟློས་གར་ཚོགས་པའི་ཚོགས་གཙོ་གཞོན་པ་བདེ་ཤེས་མེ་ཏོག་ལགས་ཀྱང་ཕེབས་ཡོད་
             བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནི་༡༩༦༠ལོར་དབུ་བརྙེས་ཤིང་། ཐོག་མའི་མིང་ལ་བོད་ལྗོངས་ཀྱི་རྒྱལ་གཅེས་བུད་མེད་མཛའ་མཐུན་ཚོགས་པའི་གྲ་སྒྲིག་ཨུ་ཡོན་ལྷན་ཁང་ཞེས་བྱ་ཞིང་། ༡༩༦༠ལོའི་ཟླ༣ཚེས༩ཉིན་ལ་བོད་ལྗོངས་རྒྱལ་གཅེས་དམངས་གཙོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཞེས་སུ་བསྒྱུར་བ་དང་། ༡༩༦༠ལོའི་ཟླ༦པར་ཡང་བསྐྱར་མིང་བསྒྱུར་ནས་བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཞེས་སུ་བཏགས་ཤིང་། ང་ཕོད་ཚེ་བརྟན་སྒྲོལ་དཀར་ལགས་སྐབས་དང་བོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རེན་ལ་བསྐོ་བཞག་གནང་བ་རེད། ཕྱིས་སུ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཐེངས་༦ལ་འཚོགས་ཤིང་། དུས་སྐབས་རིམ་བྱུང་གི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀྲུའུ་རེནནི་པ་སངས་དང་། ང་ཕོད་ཚེ་བརྟན་སྒྲོལ་དཀར།   ལྷ་སྒྲོན། ཡེ་ཤེས་སྒྲོལ་མ།   ཏུའུ་ཆི་ཡུན། ཀརྨ་བཅས་བློ་མཐུན་དག་ཡིན།   བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འོས་འགན་གཙོ་བོ་ནི་འདི་ལྟ་སྟེ།
    ༡༩༨༠ལོར། བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཁྱོ་གཅིག་ཤུག་མང་དང་ཤུག་གཅིག་ཁྱོ་མང་གི་གཉེན་སྒྲིག་བྱེད་སྟངས་མེད་པར་བཏང་སྟེ། ཁྱོ་གཅིག་ཤུག་གཅིག་གི་ཁྲིམས་མཐུན་གཉེན་སྒྲིག་ལག་བསྟར་བྱས་ཏེ་བུད་མེད་རྣམས་ཀྱི་ཁེ་དབང་ལ་འགན་སྲུང་ཚད་མེད་ཐོབ་པ་རེད།
    བུད་མེད་དང་བྱིས་པར་སློབ་གསོ་ཐོབ་ཚད་ཇེ་མཐོར་སོང་ཡོད་དེ། རང་ལྗོངས་ཀྱི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་སློབ་གསོར་ནུས་ཤུགས་འབོར་ཆེན་བཏང་པས་སློབ་གསོའི་བྱ་བཞག་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་ལ། བུད་མེད་ལ་སློབ་གསོ་ཐོབ་པའི་གོ་སྐབས་ཇེ་མང་དུ་སོང་།
    ཁྲིམས་ལུགས་ཁྲིམས་སྲོལ་ལག་བསྟར་དཔྱིས་ཕྱིན་པ་ཞིག་བྱས་ཤིང་། ཁྲིམས་འཛིན་ནུས་ཤུགས་མུ་མཐུད་ནས་ཇེ་ཆེར་བཏང་བ་དང་། བུད་མེད་དང་བྱིས་པའི་ཁེ་དབང་ལ་གནོད་པའི་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་དྲག་པོ་བཏང་བས། བུད་མེད་དང་བྱིས་པའི་འགྲོ་བ་མིའི་དབང་ཆར་འགན་སྲུང་དོན་དང་ལྡན་པ་བྱས་ཡོད།
    བུད་མེད་དང་བྱིས་པའི་འཕྲོད་བསྟེན་བདེ་ཐང་གི་ཆུ་ཚད་ཇེ་མཐོར་སོང་ཡོད་དེ། བཅོས་སྒྱུར་སྒོ་འབྱེད་ཀྱི་རྗེས་སུ། བོད་ལྗོངས་ཀྱི་བུད་མེད་དང་བྱིས་པའི་བདེ་ཐང་བྱ་བར་འཕེལ་རྒྱས་བྱུང་བ་ཅུང་མགྱོགས་ཤིང་། བུད་མེད་དང་བྱིས་པའི་ལུས་ཁམས་བདེ་ཐང་ལ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱིས་སྲུང་སྐྱོབ་དང་སྤྱི་ཚོགས་ཀྱིས་ཕྱོགས་ཡོངས་ནས་རྒྱབ་སྐྱོར་ཐོབ་ཡོད།
    བུད་མེད་ཀྱི་ཆོས་ལུགས་དད་མོས་རང་དབང་ལ་བརྩི་འཇོག་དང་སྲུང་སྐྱོབ་གང་ལེགས་ཐོབ་ཡོད། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ནང་དུ་ཆོས་ལུགས་དད་མོས་རང་དང་བུད་མེད་ཀྱི་ཁེ་དབང་ལ་བརྩི་འཇོག་དང་སྲུང་སྐྱོབ་ཐོབ་པ་གཏན་འབེབས་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། བོད་ལྗོངས་བུད་མེད་ཀྱི་ཆོས་ལུགས་དད་མོས་ལ་རང་དབང་ཡོད་པར་བརྩི་འཇོག་དང་སྲུང་སྐྱོབ་ཐོབ་ཡོད། དེང་སྐབས། རང་ལྗོངས་སུ་བཙུན་མའི་དགོན་སྡེ༡༠༠ལྷག་ཡོད་ཅིང་།
    བཅོས་སྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་ཀྱིས་རྒྱ་ཆེ་བའི་བུད་མེད་ལ་གསོན་ཤུགས་གསར་བ་སྩལ་ཞིང་། ཁོ་ཚོས་བདག་པོའི་འདུ་ཤེས་དང་རང་སྟེང་གི་སྤུས་ཚད་ཇེ་མཐོར་བཏང་ནས། བཅོས་སྒྱུར་གྱི་རླབས་རྒྱུན་ཁྲོད་ཕྱོགས་ཀུན་ནས་སྤྱི་ཚོགས་ངལ་རྩོལ་དང་ཐོན་རྐྱེན་ངལ་རྩོལ་ལ་ཞུགས་ཏེ་བོད་ལྗོངས་ཀྱི་སྤྱི་ཚོགས་འཛུགས་སྐྲུན་དང་སྤྱི་ཚོགས་བདེ་འཇགས་ལ་ནུས་པ་བླ་ལྷག་ཐོན་ཡོད།
    བུད་མེད་དང་བྱིས་པའི་འཚོ་བའི་ཁོར་ཡུག་ལ་རིམ་བཞིན་བཅོས་སྒྱུར་བྱུང་ཡོད་དེ། མིག་སྔར། ལྗོངས་ཡོངས་ཀྱི་རྒྱང་སྒྲོག་དང་བརྙན་འཕྲིན་གྱི་ཁྱབ་ཚད་༦༣.༡%དང་༨༤.༥%ཡིན་ལ། ཐུན་མོང་གི་དཔེ་མཛོད་ཁང་༤། མང་ཚོགས་སྒྱུ་རྩལ་ཁང་དང་རིག་གནས་ཁང(ས་ཚིགས)༢༠༠བཅས་ཡོད། གྲོང་སྡེའི་ཆུའི་སྤྱོད་ཚད་༢༧%དང་། གྲོང་སྡེའི་རང་འབབ་ཆུའི་ཁྱབ་ཚད་༡༩.༧%ཟིན་ཡོད།
    བུད་མེད་ལྷན་ཚོགས་ཀྱི་རྩ་འཛུགས་ཀྱི་དྲ་བ་རིམ་བཞིན་འཐུས་ཚང་དང་། ལས་བྱེད་པའི་དཔུང་སྡེ་ཇེ་རྒྱས་སུ་ཕྱིན་ཡོད། རང་སྐྱོང་ལྗོངས་ནས། ས་ཁུལ་གྲོང་ཁྱེར༧དང་རྫོང་སོ་སོ་དང་ཤང་། ཞིང་སྡེ་དང་། ཏང་སྲིད་ལས་ཁུངས། ཁེ་ལས་ལས་ཁུངས་༤༠༠སོགས་ལ་བུད་མེད་ལྷན་ཚོགས་བཙུགས་ཡོད་ཅིང་།
    Copyright @ China Tibet Online
    འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
    ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

    E-Mail:Tict@tibet.cn
    ཁ་པར།:8610-58336060