༄༅ །། ཚོགས་ཆེན་གཉིས་སྐོར་གྱི་གསར་འགྱུར་གནད་བསྡུས།
༄༅ །། ཧུའུ་ཅིན་ཐའོ་ཡིས་ཞང་ཀང་དང་ཨའོ་་མོན་གྱི་སྐོར་ལ་གནང་བའི་གསུང་བཤད།
༄༅ །། ཧུའུ་ཅིན་ཐའོ་ཡིས་བོད་ལྗོངས་ཀྱི་བདེ་འཇགས་ནི་རྒྱལ་ཡོངས་ཀྱི་བདེ་འཇགས་དང་འབྲེལ་ཡོད་ཅེས་གསུངས་པ་རེད།
ཟླ་༣ཚེས་༦ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུུའུ་ཞི་བཅས་ཀྱི་འགན་བཞེས་པའི་ཧུའུ་ཅིན་ཐའོ་ཡིས་>>
༄༅།།རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ནང་ནས་བརྒྱ་ཆའི་དྲུག་ཅུ་ལྷག་ཀྲུང་གུང་གི་ཨུ་ཡོན་མིན།
སྔོན་ཆད་དང་བསྡུར་ན་ད་ཐེངས་ཀྱི་སྲིད་གྲོས་ཨུ་ཡོན་རྣམས་ལ་ཐུན་མིན་གྱི་ཁྱད་ཆོས་གསུམ་ལྡན་པ་སྟེ། གཅིག་ནི་ཚབ་བྱེད་ཀྱི་རང་བཞིན་ཧ་ཅང་ཆེན་པོ་ཞིག་ཡོད། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཨུ་ཡོན་གྱི་ནང་དུ། ད་ལྟ་ཀྲུང་གུང་ཏང་ཡོན་གྱི་འགོ་ཁྲིད་པའི་འགན་གཞེས་ཤིང་། ཉམས་མྱོང་>>
༄༅།།རྒྱལ་ཡོངས་སྲིད་གྲོས་གྲོས་ཚོགས་ཀྱི་དྲུང་ཡིག་ཁང་ལ་གྲོས་གཞི་༣༥༤འབྱོར་བ་རེད།
ད་ལྟ་ཚོགས་ཆེན་གྱི་གྲ་སྒྲིག་ལས་ཀ་ཁག་ཡོངས་སུ་གྲུབ་ཅིང་། ཚེས་༢ཉིན་གྱི་ཆུ་ཚོད་༡༢བར་དུ་ཨུ་ཡོན་༢༢༣༧གྱི་ནང་ནས་ཚོགས་ཆེན་གྱི་དྲུང་ཡིག་ཁང་་དུ་མི་༢༠༧༥ཡིས་འབྱོར་ཐོ་བཀོད་ཡོད་པ་དང་། >>
༄༅།།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ་གཏན་ལ་ཕབ་པ་རེད།
ཚོགས་ཆེན་གྱི་གྲོས་རིམ་གཙོ་བོ་ནི་འདི་ལྟ་སྟེ། ཚོགས་ཐོག་ཏུ་ཐོག་མར་ཅ་ཆིང་ལིན་གྱིས་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྙན་ཞུ་ཕུལ་བར་གསན་ནས་གྲོས་ཞིབ་གནང་རྒྱུ་དང་།ཀྲང་མེ་དབྱི་ཡིས་རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་གཞི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ་བར་གསན་ནས་གྲོས་ཞིབ་གནང་རྒྱུ་ཡིན། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཅིག་ >>

ཀྲང་ཆིང་ལི། ལེགས་མཆོག བྱམས་པ་ཕུན་ཚོགས། ཝང་ལུའུ་ཉིང་། ཏིང་ཀྲུང་ལི། ཚུའེ་ལེ་ཕིང་། ཤན་རྩ་བསྟན་འཛིན་ཆོས་གྲགས། ཁང་ཅིན་ཀྲུང་། འོད་ཟེར། ཀྲའོ་ཧེ། རྡོ་རྗེ་ཚེ་གྲུབ། ངག་དབང་། ཀརྨ་རིན་ཆེན། ཕུར་བུ། ཞའོ་ཧུང་། དཔལ་ལྡན་མཚོ་མོ། གསེར་གྲུབ །གསལ་སྒྲོན། སྐལ་བཟང་སྒྲོལ་དཀར།

ཚེ་དབང་བཀྲ་ཤིས། པ་སངས་དོན་གྲུབ། བློ་མེ། སྐལ་བཟང་ནོར་བུ། བློ་བཟང་རྒྱལ་མཚན། འཇིགས་མེད་རྣམ་རྒྱལ། བསྟན་པའི་ཉི་མ། ལྕག་ར་བློ་བཟང་བསྟན་འཛིན། ཡབ་གཞིས་བསོད་ནམས་སྒྲོལ་མ། འབྲུང་བུ་ཚེ་རིང་རྡོ་རྗེ། མཁས་གྲུབ། ང་ཕོད་འཇིགས་ཡོན། ངག་དབང་སྐྱིད་སྒྲོན། ཐུབ་བསྟན་མཁས་གྲུབ། བྱམས་པ་མཁས་གྲུབ། སྨོན་ལམ་རྡོ་རྗེ། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། བསམ་ལྡིང་རྡོ་རྗེ་འཕགས་མོ་བདེ་ཆེན་ཆོས་སྒྲོན། ས་ལུང་ཕུན་ལྷ། ཁང་ཉི་པ་སངས། ཚེ་སྨོན་གླིང་བསྟན་འཛིནའཕྲིན་ལས། བྱང་ངོས་པ་ཚེ་རིང་དབྱངས་འཛོམས། མེ་ཏོག་ཆོས་སྒྲོན། ཆའན་ཅིན། ཧའན་ཧྲུའུ་ལི། ཀྲིང་ཝེ་ལེ། ལའེ་ཅུས་ཧྥེང་།

༄༅།། མི་སེར་གྱིས་དངོས་གོང་དང་སྡོད་ཁང་།སྨན་བཅོས་བཅས་ཀྱི་སྐོར་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད །
ཀྲུང་གོའི་གསར་འགྱུར་ཁང་གི་དྲ་བས་༢༠༠༨ལོའི་ཚོགས་ཆེན་གཉིས་ཀྱིས་དོ་སྣང་ཆེན་པོ་བྱེད་པའི་དོན་དེ་གང་ཡིན་པའི་སྐོར་གྱི་བརྟག་དཔྱད་ཅིག་བྱས་པའི་འབྲས་བུ་ལྟར་ན། དངོས་གོང་དང་སྡོད་ཁང་།སྨན་བཅོས། ལས་ཞུགས་སོགས་ནི་དྲ་དམངས་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཡུལ་དུ་གྱུར་ཡོད་ཅིང་། མི་མང་པོས་མི་སེར་གྱི་འཚོ་བ་ཇེ་ལེགས་སུ་འགྲོ་རྒྱུར་རེ་བ་བྱེད་བཞིན་ཡོད་པ་རེད།
༄༅ །། སྲིད་གྲོས་ཀྱི་གྲོས་གཞི་དང་པོ་ནི་མ་རྩའི་ཚོང་རའི་དཔྱ་ཁྲལ་ལམ་ལུགས་ཀྱི་སྐོར་ཡིན་པ་རེད།
ཚེས་༢ཉིན་ཤེས་གསལ་ལྟར་ན། རྒྱལ་ཡོངས་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོར་གྲོས་གཞི་ཁག་༤༠༠ལྷག་འབྱོར་ཡོད་ཅིང་། གྲོས་གཞི་ཡོངས་ལས་དང་པོ་ནི་《རང་རྒྱལ་གྱི་ མ་རྩའི་ཚོང་རའི་དཔྱ་ཁྲལ་གྱི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་》ཞེས་པ་དེ་ཡིན་པ་རེད།
«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་»ནང་དུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་ཆ་ཡོད་ཚད་མི་དམངས་ལ་དབང་ཞིང་། མི་དམངས་ཀྱིས་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་པའི་ལས་ཁུངས་ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་ས་གནས་རིམ་པ་ཁག་གི་མི་དམངས་འཐུས་མིའི་ཚོགས་ཆེན་ཡིན་ཞེས་བཀོད་པ་ལྟར། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཤིག་ཡིན་ཞིང་། རྒྱལ་ཁབ་ཀྱི་ལས་ཁུངས་ཀྱིས་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་ཏུ་བསྟར་བའི་ཐབས་ལམ་ཞིག་ཀྱང་རེད། རྒྱལ་ཡོངས་ཀྱི་མི་དམངས་ཀྱི་འཐུས་མི་དང་།ས་གནས་རིམ་པ་ཁག་གི་མི་དམངས་ཀྱི་འཐུས་མི་ནི་མི་དམངས་ཀྱིས་འདེམས་བསྐོ་བྱས་པ་བརྒྱུད་ནས་བྱུང་བ་ཞིག་ཡིན་ལ། འཐུས་མིས་མི་དམངས་ལ་འགན་ཁུར་ཞིང་མི་དམངས་ཀྱིས་འཐུས་མིར་ལྟ་སྐུལ་བྱེད་བཞིན་ཡོད་པ་རེད། རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་དང་འདྲི་གཅོད་སྡེ་ཁག ཞིབ་དཔྱོད་སྡེ་ཁག་ཚང་མ་མི་དམངས་འཐུས་མིའི་ཚོགས་ཆེན་ལས་བྱུང་བ་ཡིན་ཞིང་། མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་དེ་དག་ལ་འགན་འཁུར་ཞིང་དེ་དག་གིས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་ལྟ་སྐུལ་བྱེད་བཞིན་ཡོད་པ་རེད། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་འགན་ཁུར་བའི་དུས་ཡུན་ནི་ལོ་ངོ་ལྔ་ཡིན་ཞིང་། ཚོགས་ཆེན་དེ་ལོ་རེར་ཐེངས་གཅིག་རེ་འཚོགས་བཞིན་ཡོད་པ་རེད། མི་དམངས་འཐུས་ཚོགས་ཀྱི་འགན་དབང་ནི་བཅའ་ཁྲིམས་བསྒྱུར་བཅོས་བྱེད་པ་དང་། དེ་ལག་ཏུ་བསྟར་བར་ལྟ་སྐུལ་བྱེད་པ། རྒྱལ་ཁབ་ཀྱི་རྩ་བའི་རྩ་ཁྲིམས་བསྒྱུར་བཀོད་དང་གཏན་འབེབས་བྱེད་པ། རྒྱལ་ཁབ་ལས་ཁུངས་ཀྱི་མི་སྣ་འདེམས་བསྐོ་དང་ཐག་གཅོད ། ལས་ཕུད་ གཏོང་བ་བཅས་དང་། རྒྱལ་ཁབ་ཀྱི་ལས་དོན་གལ་ཆེན་ཁག་གཏན་འཁེལ་བྱེད་པ་བཅས་སོ།།
ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་བསྡུས་མིང་ལ་སྲིད་གྲོས་ཞེས་ཟེར་ཞིང་། དེ་ནི་ཀྲུང་གོའི་མི་དམངས་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ཤིག་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་ཁག་མང་པོ་དང་ལྷན་དུ་མཉམ་ལས་དང་། ཆབ་སྲིད་གྲོས་མོལ་གནང་བའི་སྡེ་ཚན་གལ་ཆེན་ཞིག་རེད། མི་དམངས་སྲིད་གྲོས་ནི་ཀྲུང་གོའི་གུང་ཁྲན་ཏང་དང་དམངས་གཙོའི་ཏང་ཤོག་ཁག ཏང་མེད་པའི་དམངས་གཙོའི་མི་སྣ། མི་དམངས་ཚོགས་པ། མི་རིགས་ཁག་དང་སྡེ་ཁག་སོ་སོའི་འཐུས་ཚབ་པ། ཐའེ་ཝན་གྱི་སྤུན་ཟླ། ཤང་ཀང་དང་ཨའོ་མོན་གྱི་སྤུན་ཟླ། ཕྱི་རྒྱལ་ནས་ཚུར་ལོག་པའི་རྒྱལ་དམངས་དང་ཆེད་དུ་གདན་འདྲེན་ཞུས་པའི་མི་སྣ་བཅས་ཀྱིས་གྲུབ་པ་ཞིག་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ནི་ཀྲུང་གོའི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཡིན་ཞིང་། སྲིད་གྲོས་ཀྱིས་གཙོ་བོ་རྒྱལ་ཁབ་ཀྱི་སྲིད་ཇུས་གལ་ཆེན་དག་མི་རིགས་སོ་སོ་དང་ཏང་ཁག་སོ་སོ། སྤྱི་ཚོགས་ཀྱི་སྡེ་ཁག་སོ་སོས་མཉམ་དུ་གྲོས་མོལ་གནང་བ་བརྒྱུད་ཐག་གཅོད་བྱེད་བཞིན་ཡོདཔ་དང་། དེས་སྡེ་ཁག་སོ་སོའི་བར་གྱི་མཐུན་སྒྲིལ་དང་མཉམ་ལས་གཏིང་ཇེ་ཟབ་ཏུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་རེད། གྲོས་ཚོགས་དེའི་འཐུས་མིའི་འགན་ཁུར་གྱི་དུས་ཡུན་ནི་ལོ་ངོ་ལྔ་ཡིན་ཞིང་། ཚོགས་འདུ་དེ་ལོ་རེར་ཐེངས་གཅིག་རེ་འཚོགས་བཞིན་ཡོད་པ་རེད།
 

མི་དམངས་དྲ་བའི་ཚོགས་ཆེན་གཉིས་ཀྱི་ཆེད་བསྒྲིགས་ལེ་ཚན།                     ༢༠༠༧ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས།   

༢༠༠༧ལོའི་བོད་ལྗོངས་ཀྱི་ཚོགས་ཆེན་གཉིས།    ༢༠༠༦ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས།    ༢༠༠༥ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས། 

Copyright @ 2001 Tibetinfor.com Inc. All rights reserved
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060