སྤྱིའི་ཚན་མོ་པུའུ་དང་སྤྱིའི་ཆབ་སྲིད་པུའུ་ཡིས་སྟོབས་ཤུགས་ཡོད་དགུས་འབྲུག་ཆུའི་འདམ་ཟེགས་འདྲེས་མའི་ཆུ་ལོག་གི་གནོད་འཚེ་སེལ་བའི་བྱ་བ་བཟང་པོར་སྒྲུབ་དགོས་པའི་རེ་བ་བཏོན་པ།
སྤེལ་དུས། 2010-08-09   ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།    རྩོམ་པ་པོ།  རྡེའུ་དཀར་ནག་གིས་བསྒྲིགས།

  བཅིངས་འགྲོལ་དམག་སྤྱིའི་ཚན་མོ་པུའུ་དང་སྤྱིའི་ཆབ་སྲིད་པུའུ་ཡིས་ཚེས་བརྒྱད་ཉིན་མཉམ་དུ་བརྡ་ཐོ་བཏང་ནས། དམག་ཡོངས་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་བློ་ཐག་རྦད་ཆོད་ཀྱིས་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡི་མཛུབ་སྟོན་གལ་ཆེན་ལ་བརྟེན་ནས་བསམ་བློ་གཅིག་གྱུར་བྱས་ཏེ། སྟོབས་ཤུགས་ཡོད་དགུས་འབྲུག་ཆུའི་འདམ་ཟེགས་འདྲེས་མའི་ཆུ་ལོག་གི་གནོད་འཚེ་སེལ་བའི་འགུལ་སྐྱོད་ཁྲོད་ཞུགས་པ་དང་། རང་འགུལ་གྱིས་ཉེན་ཁ་དང་དཀའ་ཚེགས་ཆེ་བའི་ལས་འགན་ཕྲག་ཏུ་བླངས་ཏེ། ཚད་ཆེས་མཐོ་བའི་སྒོ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་གྱོང་གུད་ཇེ་ཆུང་དུ་གཏོང་དགོས་པའི་རེ་བ་བཏོན། བརྡ་ཐོའི་ནང་བསྟན་དོན། རིམ་པ་སོ་སོའི་དམག་དཔུང་གིས་ཉེན་སེལ་རྒུད་སྐྱོབ་འགུལ་སྐྱོད་ལ་རྩ་འཛུགས་ཞིབ་མོ་བྱེད་དགོས་པ་དང་། རིམ་པ་སོ་སོའི་མགོ་ཁྲིད་རྒུད་སྐྱོབ་ཀྱི་ཡུལ་དངོས་ལ་སོང་ནས་བཀོད་འདོམས་བྱེད་དགོས། རྒུད་སྐྱོབ་དམག་དཔུང་གིས་ས་གནས་ཏང་ཨུ་དང་སྲིད་གཞུང་བར་གྱི་འབྲེལ་འདྲིས་ལ་ཤུགས་བསྣན་ནས། དུས་ལྟར་གནོད་འཚེའི་གནས་ཚུལ་ལ་རྒྱུས་ལོན་དང་ས་གནས་ཀྱི་དགོས་མཁོར་རྒྱུས་ལོན་བྱས་ཏེ། མི་སྣ་མྱུར་སྐྱོབ་དང་མང་ཚོགས་གནས་སྤོར། འཚོ་བ་བཀོད་སྒྲིག མཚོ་འཁྱིལ་གྱི་ཉེན་ཁ་སེལ་བ། རྨང་གཞིའི་སྒྲིག་ཆས་ཉམས་གསོ་བྱེད་པ། སྨན་བཅོས་རིམས་འགོག་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས། བྲེལ་འཚུབ་ཀྱི་བྱ་བ་བྲེལ་འཚུབ་ཀྱིས་སྒྲུབ་པ་དང་དམིགས་བསལ་གྱི་དོན་དག་དམིགས་བསལ་གྱིས་སྒྲུབ་དགོས་ལ། དམག་དཔུང་ལ་ཡོད་པའི་མི་སྣ་དང་སྒྲིག་ཆས། ལག་ཆ་དག་ས་གནས་ལ་ཅི་ཙམ་མཁོ་ན་དེ་ཙམ་བྱིན་ནས། ཐབས་བརྒྱ་ཇུས་སྟོང་གིས་མི་དམངས་མང་ཚོགས་ཀྱི་དཀའ་ངལ་སེལ་དགོས་ཟེར།

 
འབྲེལ་ཡོད་ནང་དོན།
 
 
藏文网
雪域文化
新华网
西北民族大学藏学院
青海省藏医院
青海新闻网
雪莲藏文中学网
Copyright @ 2001 Tibetinfor.com Inc. All rights reserved
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060