རྗེས་ཕྱོགས་ཀྱི་ཉིན་ལྔའི་རིང་ལ་ཀན་སུའུ་འབྲུག་ཆུ་རྫོང་དུ་གནམ་རུབ་རྒྱུ་ཡིན་པས་རྒུད་སྐྱོབ་བྱ་བ་དཀའ་ངལ་ལ་འཕྲད་རྒྱུ་ཡིན་པ།
སྤེལ་དུས། 2010-08-10   ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།    རྩོམ་པ་པོ།  རྡེའུ་དཀར་ནག་གིས་བསྒྲིགས།

   ལན་ཀྲིག་ལྟེ་གནས་གནམ་གཤིས་རྟོག་དཔྱོད་ཁང་གིས་གསར་དུ་བསྒྲགས་པའི་གནམ་གཤིས་སྔོན་བརྡ་ལྟར་ན། རྗེས་ཕྱོགས་ཀྱི་ཉིན་ལྔའི་རིང་ལ་ཀན་སུའུ་འབྲུག་དཀར་གཙང་བོའི་སྟོད་རྒྱུད་དུ་བསྟུད་མར་ཆར་འབབ་རྒྱུ་ཡིན་པ་དང་། ས་ཆ་ཁ་ཤས་ལ་ཆར་ཆེན་པོ་དང་དྲག་ཆར་འབབ་རྒྱུ་རེད་ཟེར།   ལན་ཀྲིག་ལྟེ་གནས་གནམ་གཤིས་རྟོག་དཔྱོད་ཁང་གིས་སྔོན་བརྡ་བཏང་བ་ལྟར་ན། ཚེས་བརྒྱད་ཉིན་གྱི་ནམ་གུང་ནས་ཚེས་དགུ་ཉིན་གྱི་ཉིན་དཀར་བར། འབྲུག་དཀར་གཙང་བོའི་སྟོད་རྒྱུད་དུ་སྤྲིན་མང་བ་ནས་གནམ་རུབ་རྒྱུ་ཡིན་པ་དང་ཆར་འབབ་རྒྱུ་ཡིན་ལ། ས་ཆ་ཁ་ཤས་ལ་ཆར་འབྲིང་ཙམ་ནས་ཆར་ཆེན་པོ་འབབ་རྒྱུ་ཡིན་པར་མ་ཟད། གློག་འཁྱུག་པ་དང་མཚམས་ལ་ལར་རླུང་ཆེན་གཡུག་རྒྱུ་རེད། ཚེས་བཅུ་ཉིན་གྱི་ནམ་གུང་ནས་ཚེས་བཅུ་གཉིས་ཉིན་བར། འབྲུག་དཀར་གཙང་བོའི་སྟོད་རྒྱུད་དུ་གནམ་རུབ་པ་ནས་ཆར་འབྲིང་ཙམ་དང་ཆར་ཆེན་པོ་འབབ་རྒྱུ་ཡིན་ལ། ས་ཆ་ཁ་ཤས་ལ་དྲག་ཆར་འབབ་རྒྱུ་ཡིན་པ་དང་། ཆར་འབབ་ཚད་ཧའོ་མུས་བཞི་བཅུ་ནས་བརྒྱད་ཅུ་ལ་འབུད་རྒྱུ་རེད། ཚེས་བཅུ་གསུམ་ཉིན། འབྲུག་དཀར་གཙང་བོའི་སྟོད་རྒྱུད་ལ་གནམ་རུབ་པ་ནས་ཆར་འབྲིང་ཙམ་འབབ་རྒྱུ་ཡིན་པ་དང་། ས་ཆ་ཁ་ཤས་ལ་ཆར་ཆེན་པོ་ནས་དྲག་ཆར་འབབ་རྒྱུ་ཡིན་ལ། ཆར་འབབ་ཚད་ཧའོ་མུས་སུམ་ཅུ་དང་ལྔ་བཅུ་ལ་འབུད་རྒྱུ་རེད། ལན་ཀྲིག་ལྟེ་གནས་གནམ་གཤིས་རྟོག་དཔྱོད་ཁང་གིས་གསལ་འདེབས་བྱེད་རྒྱུར། རྗེས་ཕྱོགས་ཀྱི་ཉིན་ལྔར་བསྟུད་མར་ཆར་བབས་ཚེ་གནོད་འཚེའི་གནས་ཚུལ་སྔར་ལས་རྙོག་འཛིང་དུ་འགྱུར་བ་དང་། རྒུད་སྐྱོབ་བྱ་བ་དཀའ་ངལ་སྔར་ལས་ཆེན་པོར་འཕྲད་རྒྱུ་ཡིན་པས། བྱེད་ཐབས་སྤྱད་དེ་སྔ་མོ་ནས་ཁ་གཏད་འཇལ་དགོས་ཟེར།

 
འབྲེལ་ཡོད་ནང་དོན།
 
 
藏文网
雪域文化
新华网
西北民族大学藏学院
青海省藏医院
青海新闻网
雪莲藏文中学网
Copyright @ 2001 Tibetinfor.com Inc. All rights reserved
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060