| 
ཟླ8པའི་ཚེས9ཉིན།མྱུར་སྐྱོབ་མི་སྣས་འབྲུག་ཆུའི་ཆུ་ལོག་བརྒྱུགས་ས་རུ་མྱུར་སྐྱོབ་བྱ་བ་སྒྲུབ་བཞིན་པ།

ཟླ8པའི་ཚེས9ཉིན།མྱུར་སྐྱོབ་མི་སྣས་འབྲུག་ཆུའི་ཆུ་ལོག་བརྒྱུགས་ས་རུ་མྱུར་སྐྱོབ་བྱ་བ་སྒྲུབ་བཞིན་པ།
ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཅན་ཧྭ་ཚེས་དགུ་ཉིན་གྱི་དགོང་མོར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་མཚམས་སྦྱོར་བྱས་ཏེ།དེང་སྐབས་འབྲུག་ཆུའི་གནོད་འཚེ་ཐེབས་སའི་ཉེན་སེལ་རྒུད་སྐྱོབ་ལ་དཀའ་ཚེགས་ཆེ་བའི་ལས་འགན་དྲུག་ཡོད་དེ།གཅིགམཚོ་འཁྱིལ་གྱི་ཉེན་ཁ་མྱུར་དུ་སེལ་བ་དང་འབྲུག་དཀར་གཙང་བོའི་ཆུ་ལམ་གེག་མེད་དུ་གཏོང་དགོས།གཉིས། ཆུ་འདོན་སྤྲོད་བྱེད་པའི་མ་ལག་མྱུར་དུ་ཉམས་གསོ་བྱེད་དགོས། གསུམ།གློག་ཤུགས་དང་བགྲོད་ལམ།འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་ཆས་མྱུར་དུ་ཉམས་གསོ་བྱེད་དགོས། བཞི།འདམ་ཟེགས་གཙང་ཕྱགས་བྱ་བར་དཀའ་ཚེགས་ཧ་ཅང་ཆེ། ལྔ།བཏུང་ཆུ་དང་སྟབས་བདེའི་ཟས་རིགས་ཧ་ཅང་མཁོ། དྲུགསློབ་གྲྭ་འབྲིང་ཆུང་ལ་མྱུར་དུ་སློབ་ཁྲིད་སྒྲིག་ཆས་ཀྱིས་རོགས་སྐྱོར་བྱེད་དགོས་ཞེས་བཤད། |