མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་མྱུར་སྐྱོབ་རུ་ཁག་ཀན་སུའུ་འབྲུག་ཆུ་རྫོང་ལ་ཐོན་ནས་སྨན་བཅོས་མྱུར་སྐྱོབ་བྱ་བ་སྒྲུབ་བཞིན་ཡོད་པ།
སྤེལ་དུས། 2010-08-11   ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།    རྩོམ་པ་པོ།  རྡེའུ་དཀར་ནག་གིས་བསྒྲིགས།

   གསར་འགོད་པས་ཞིང་ཆེན་འཕྲོད་བསྟེན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲུག་ཆུ་རྫོང་ལ་ཆུ་ལོག་ཆེན་པོའི་གནོད་འཚེ་ཐེབས་རྗེས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དེར་ཧ་ཅང་མཐོང་ཆེན་བྱས་པར་མ་ཟད། དུས་ཐོག་ཏུ་འཕྲལ་བསྟུན་རོགས་སྐྱོར་བྱ་བ་བཀོད་སྒྲིག་བྱས། ཞིང་ཆེན་འཕྲོད་བསྟེན་ཐིན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མཛུབ་སྟོན་ལྟར། ཀན་སུའུ་འབྲུག་ཆུ་རྫོང་ལ་འཕྲལ་བསྟུན་རོགས་སྐྱོར་བྱ་བ་བསྒྲུབས། ཞིང་ཆེན་འཕྲོད་བསྟེན་ཐིན་གྱིས་འབྲུག་ཆུ་དང་ཐག་ཉེ་སའི་མགོ་ལོག་ཁུལ་ནས་སྨན་བཅོས་མྱུར་སྐྱོབ་རུ་ཁག་གཉིས་རྩ་འཛུགས་བྱས་ཏེ་དུས་ཐོག་ཏུ་གནོད་ཐེབས་ས་ཁུལ་དུ་ལམ་ལ་ཆས། ད་ལྟ། རང་ཞིང་གི་སྨན་བཅོས་མྱུར་སྐྱོབ་རུ་ཁག་གིས་གནོད་ཐེབས་ས་ཁུལ་དུ་སྨན་བཅོས་མྱུར་སྐྱོབ་བྱ་བ་སྒྲུབ་བཞིན་ཡོད། ཤེས་པ་ལྟར་ན། མགོ་ལོག་ཁུལ་གྱིས་བཙུགས་པའི་སྨན་བཅོས་མྱུར་སྐྱོབ་རུ་ཁག་གཉིས་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར་རང་ཞིང་ནས་ལམ་ལ་ཆས་ཏེ། ཚེས་དགུ་ཉིན་གྱི་སྔ་དྲོར་གནོད་ཐེབས་ས་ཁུལ་དུ་ཐོན་ནས། འབྲུག་ཆུ་རྫོང་མི་དམངས་སྨན་ཁང་ནས་སྨན་བཅོས་མྱུར་སྐྱོབ་བྱ་བ་སྒྲུབ་རོགས་བྱས། དེ་ལས་གཞན་ཞིང་ཆེན་འཕྲོད་བསྟེན་ཐིན་གྱིས་ད་རུང་ཞིང་ཆེན་རིམ་པའི་སྨན་བཅོས་མྱུར་སྐྱོབ་རུ་ཁག་གཉིས་དང་ཞིང་ཆེན་རིམ་པའི་འཕྲོད་བསྟེན་འཕྲལ་བསྟུན་རུ་ཁག་གཉིས་རྩ་འཛུགས་བྱས་ཏེ་ཉིན་མཚན་མེད་པར་བཀའ་ལ་སྒུག་ནས། ཀན་སུའུ་ཞིང་ཆེན་འཕྲོད་བསྟེན་ཐིན་གྱི་བྱ་བའི་དགོས་མཁོ་དང་འཕྲོད་བསྟེན་པུའུ་ཡི་གཅིག་གྱུར་གྱི་བཀོད་སྒྲིག་ལྟར། གནོད་ཐེབས་ས་ཁུལ་དུ་སྨན་བཅོས་མྱུར་སྐྱོབ་བྱ་བ་སྒྲུབ་རོགས་བྱེད་པར་འགྲོ་རྩིས་ཡོད།

 
འབྲེལ་ཡོད་ནང་དོན།
 
 
藏文网
雪域文化
新华网
西北民族大学藏学院
青海省藏医院
青海新闻网
雪莲藏文中学网
Copyright @ 2001 Tibetinfor.com Inc. All rights reserved
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060