ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཏང་གི་གྲོན་དངུལ་གྱི་ཁྲོད་ནས་སྒོར་མོ་ས་ཡ་གསུམ་བཏང་ནས་འབྲུག་ཆུ་རྫོང་གི་གནོད་སེལ་རྒུད་སྐྱོབ་བྱ་བ་ལེགས་པོར་སྒྲུབ་པར་རྒྱབ་སྐྱོར་བྱས་པ།
སྤེལ་དུས། 2010-08-11   ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།    རྩོམ་པ་པོ།  རྡེའུ་དཀར་ནག་གིས་བསྒྲིགས།

 ཆུ་ལོག་ཆེན་པོའི་གནོད་འཚེ་ཐེབས་པའི་ཀན་སུའུ་ཞིང་ཆེན་འབྲུག་ཆུ་རྫོང་གི་གནོད་སེལ་རྒུད་སྐྱོབ་བྱ་བར་རྒྱབ་སྐྱོར་དང་། ཏང་ཀྲུང་དབྱང་གིས་གནོད་ཐེབས་ས་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་དང་གུང་ཁྲན་ཏང་མི། རྒྱ་ཆེའི་མང་ཚོགས་བཅས་ལ་བཅངས་པའི་བརྩེ་སེམས་མཚོན་པར་བྱེད་ཆེད། ཉེ་ལམ། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཡང་བསྐྱར་ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཏང་གི་གྲོན་དངུལ་ཁྲོད་ནས་ཀན་སུའུ་ཞིང་ཆེན་ལ་ཏང་གི་གྲོན་དངུལ་སྒོར་མོ་ས་ཡ་གསུམ་བྱིན་ནས། འབྲུག་ཆུའི་གནོད་ཐེབས་ས་ཁུལ་གྱི་ཏང་ཡོན་མང་ཚོགས་ཀྱི་གནོད་སེལ་རྒུད་སྐྱོབ་དང་། ཐོན་སྐྱེད་དང་འཚོ་བའི་དཀའ་ཁག་ཐག་གཅོད་པའི་ཕྱོགས་སུ་བཀོལ།

 
འབྲེལ་ཡོད་ནང་དོན།
 
 
藏文网
雪域文化
新华网
西北民族大学藏学院
青海省藏医院
青海新闻网
雪莲藏文中学网
Copyright @ 2001 Tibetinfor.com Inc. All rights reserved
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060