| 
ཟླ8པའི་ཚེས10ཉིན། གཉེན་ཉེ་དང་བྲལ་བའི་མང་ཚོགས་འགས་ངུ་འབོད་བྱེད་བཞིན་པ།

ཟླ8པའི་ཚེས10ཉིན། མྱུར་སྐྱོབ་མི་སྣས་འབྲུག་ཆུ་རྫོང་མཁར་དུ་མྱུར་སྐྱོབ་བྱེད་བཞིན་པ།

ཟླ8པའི་ཚེས10ཉིན། མྱུར་སྐྱོབ་མི་སྣས་འབྲུག་ཆུ་རྫོང་མཁར་གྱི་ཆུ་ལོག་གིས་བསྣུབས་པའི་མང་ཚོགས་ཀྱི་ཁང་པའི་འོག་ཏུ་མི་སྣ་འཚོལ་ཞིབ་བྱེད་བཞིན་པ།

ཟླ8པའི་ཚེས10ཉིན། མྱུར་སྐྱོབ་མི་སྣས་འབྲུག་ཆུ་རྫོང་མཁར་དུ་མྱུར་སྐྱོབ་བྱེད་བཞིན་པ།

ཟླ8པའི་ཚེས10ཉིན། མྱུར་སྐྱོབ་ཁྲོད་ཞུགས་པའི་མང་ཚོགས་འགས་འདས་པོའི་བེམ་པོ་སྐྱེལ་བཞིན་པ།
ཚེས་བཅུ་ཉིན་བསྒྲགས་པའི་སྡོམ་རྩིས་ཀྱི་གྲངས་ཀ་གསར་བ་ལྟར་ན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་གི་ཆུ་ལོག་གི་གནོད་འཚེའི་ཁྲོད་ནས་རྐྱེན་ལམ་དུ་ཤོར་བའི་མི་བདུན་བརྒྱ་དང་གཉིས་ལ་བུད་ཟེར། ཀན་སུའུ་ཞིང་ཆེན་དམངས་སྲིད་ཐིན་གྱི་ཐིན་ཀྲང་ཐེན་པའོ་ཀྲུང་གིས་མཚམས་སྦྱོར་བྱེད་རྒྱུར། ཚེས་བཅུ་ཉིན་གྱི་དུས་ཚོད་བཅུ་བདུན་སྟེང་བསྒྲགས་པའི་གྲངས་ཀ་གསར་བ་ལྟར་ན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་གི་ཆུ་ལོག་གི་གནོད་འཚེའི་ཁྲོད་ནས་རྐྱེན་ལམ་དུ་ཤོར་བའི་མི་བདུན་བརྒྱ་དང་གཉིས་ལ་བུད་པ་དང་། མི་སྟོང་གཅིག་དང་བཞི་བཅུ་ཞེ་གཉིས་གར་སོང་མ་ཤེས་ཤིང་། མི་བཞི་བཅུ་ཞེ་གཉིས་ལ་རྨས་ལྗིད་མོ་ཕོག་ཟེར། |