མཚོ་སྔོན་ཞིང་ཆེན་གྱིས་ཀན་སུའུ་འབྲུག་ཆུ་རྫོང་གི་གནོད་ཐེབས་ས་ཁུལ་ལ་རྒུད་སྐྱོབ་དངོས་རྫས་ཞལ་འདེབས་སུ་ཕུལ་བ།
སྤེལ་དུས། 2010-08-12   ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།    རྩོམ་པ་པོ།  རྡེའུ་དཀར་ནག་གིས་བསྒྲིགས།

  ཟླ་བརྒྱད་པའི་ཚེས་བཅུ་ཉིན། ཞིང་ཆེན་དམངས་སྲིད་ཐིན་གྱིས་ཞིང་ཆེན་རྒུད་སྐྱོབ་དངོས་རྫས་གསོག་འཇོག་ལྟེ་གནས་ནས་མཛད་སྒོ་བསྡུས་ཏེ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་གི་ཆུ་ལོག་ཆེན་པོའི་གནོད་འཚེ་ཐེབས་སར་སྐོམ་ཆུ་ཏུན་དྲུག་ཅུ་དང་སྟབས་བདེའི་ཐུག་པ་ཏུན་ཉི་ཤུ་ཞལ་འདེབས་སུ་ཕུལ།  ཟླ་བརྒྱད་པའི་ཚེས་བདུན་ཉིན་གྱི་དགོང་མོར། འབྲུག་ཆུ་རྫོང་ལ་ཆུ་ལོག་ཆེན་པོའི་གནོད་འཚེ་ཐེབས་ནས། ས་དེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུད་ཚབས་ཆེན་ཐེབས། གནོད་འཚེ་བྱུང་རྗེས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་ཀྱིས་དེར་ཧ་ཅང་མཐོང་ཆེན་བྱས། ཞིང་ཆེན་དམངས་སྲིད་ཐིན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་ཀྱིས་ཆོག་མཆན་བཀོད་པའི་མཛུབ་སྟོན་གྱི་དགོངས་དོན་ལྟར། རྒུད་སྐྱོབ་དངོས་རྫས་མྱུར་དུ་རྩ་འཛུགས་བྱས། རྒུད་སྐྱོབ་དངོས་རྫས་དེ་དག་ཚེས་བཅུ་གཅིག་ཉིན་གནོད་ཐེབས་ས་ཁུལ་དུ་ཐོན་ངེས་ཡིན།

 
འབྲེལ་ཡོད་ནང་དོན།
 
 
藏文网
雪域文化
新华网
西北民族大学藏学院
青海省藏医院
青海新闻网
雪莲藏文中学网
Copyright @ 2001 Tibetinfor.com Inc. All rights reserved
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060