| བསྟུད་མར་ཉིན་འགར། འབྲུག་ཆུའི་གནོད་འཚེའི་གནས་ཚུལ་ལ་ཀན་ལྷོ་ཁུལ་གྱི་མི་རིགས་སོ་སོའི་ལས་བྱེད་པ་དང་ལས་བཟོ་བས་སེམས་ཁུར་ཆེན་པོ་བྱས་ཡོད་པ་དང་སྲིད་འཛིན་ལས་ཁུངས་དང་ཁེ་ལས་ལས་ཁུངས་སོགས་ཀྱི་མི་སུ་ཞིག་ཡིན་རུང་ལྷག་བསམ་ཀྱི་ལག་ཟུང་བསྲིངས་ཏེ།འབྲུག་ཆུའི་གནོད་ཁུལ་ལ་སྒོར་མོ་དང་དངོས་རྫས་ཞལ་འདེབས་བྱས་ཤིང་གནོད་ཐེབས་མང་ཚོགས་ལ་ཁྱོད་ཚོའི་གནོད་འཚེ་ནི་ང་ཚོ་ཚང་མའི་གནོད་འཚེ་དང་ཁྱོད་ཚོའི་དཀའ་སྡུག་ནི་ང་ཚོ་ཚང་མའི་དཀའ་སྡུག་ཡིན་པའི་བསམ་པ་མཚོན་ཅི་ཐུབ་བྱས།ཟླ8པའི་ཚེས8ཉིན་ལ།ཞིང་ལས་དངུལ་ཁང་ཀན་ལྷོ་ཁུལ་ཡན་ལག་དངུལ་ཁང་གིས་དུས་ཚོད་དང་བོའི་ནང་དུ་གནོད་ཐེབས་གནས་ཚུལ་རྒྱུས་ལོན་བྱས་ཤིང་ཚེས9ཉིན་གྱི་སྔ་དྲོར་ཞལ་འདེབས་འབུལ་བའི་མཛད་སྒོ་བསྡུས་པར་ཞལ་འདེབས་སྒོར 8750 འདུས་ཡོད། ཚེས10 ཉིན་གྱི་སྔ་དྲོར། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་བྱེད་པ་དང་ཉེན་རྟོག་པས་མ་སྐུལ་དང་ལེན་གྱི་སྒོ་ནས་ཞལ་འདེབས་བྱས་ཏེ།གནོད་ཐེབས་མང་ཚོགས་སྔ་མོ་ནས་དཀའ་ཁག་ལས་ཐར་ཐུབ་པའི་རེ་འདོན་བཏོན།ཉིན་དེར་བསྡོམས་པས་ཞལ་འདེབས་སྒོར་མོ 22000འདུས་ཤིང་ཁུལ་མི་དམངས་ཁྲིམས་ཁང་ཁྲིམས་དཔོན་ཝེ་ཧྲེན་ཙུའུ་ཡིས་སྒོར1000 གི་ཞལ་འདེབས་འབུལ་རྒྱུ་མངགས་བཅོས་བྱས།ཁུལ་འཛུགས་སྐྲུན་ཅུའུ་ཡིས་སྐུལ་སློང་བྱས་འོག ཅུས་ཀྱི་སྡེ་ཁག་སོ་སོ་དང་ཁུལ་འཛུགས་སྐྲུན་ལས་རིགས་མཉམ་འབྲེལ་ཚོགས་པ། བཟོ་སྐྲུན་དང་བཟོ་སྐྲུན་འདེམས་འགུག་ལས་ཚབ། བཟོ་སྐྲུན་ལྟ་སྐུལ། ཇུས་འགོད་བཅས་ཀྱི་ལས་ཁུངས་སོ་སོའི་ལས་བཟོ་བས་བསྡོམས་པས་སྒོར 415500 ལྷག་ཞལ་འདེབས་ཕུལ་བ། ཁུལ་ཆུ་དོན་ཆུ་གློག་ཅུས་དང་ཁུལ་གཞུང་ལམ་སྐྱེལ་འདྲེན་ལས་ཁུངས་སོ་སོས་བསྡོམས་པས་སྒོར21650ཞལ་འདེབས་བྱས།ཁུལ་སྐྱེལ་འདྲེན་དོ་དམ་ཅུས་ཀྱི་ལས་བཟོ་བ་ཡོངས་ཀྱིས་སྒོར 7950དང་གྲོང་ཁྱེར་སྐྱེལ་འདྲེན་དོ་དམ་ཅུས་ཀྱི་ལས་བཟོ་བ་ཡོངས་ཀྱིས་སྒོར2500ཞལ་འདེབས་བྱས་ཤིང་ཀན་ལྷོ་སྐྱེལ་འདྲེན་ཀུང་སིའི་ལས་བཟོ་བས་སྒོར11000དང་འགྲིམ་འགྲུལ་ལག་རྩལ་ཞབས་ཕྱི་ཀུང་སིས་སྒོར1500གངས་གཙོད་ཚོགས་པ་དང་ཡོན་ཞང་གླ་གཏོང་ཀུང་སི། སྤྱི་སྤྱོད་རླངས་འཁོར་སྐྱེལ་འདྲེན་ཀུང་སི། ཧིན་ལིས་ཀུང་སི་སོགས་ཀྱི་ཁེ་ལས་ཀྱིས་ཀྱང་གཅིག་ རྗེས་གཉིས་མཐུད་དུ་ཞལ་འདེབས་སྒོར 29700 ཕུལ་ཡོད། ཁུལ་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ལས་བཟོ་བ་ཡོངས་ཀྱིས་བསྡོམས་པས་སྒོར6770ཞལ་འདེབས་བྱས་ཤིང་གོང་རིམ་རྩ་འཛུགས་ཀྱི་འབོད་སྐུལ་དང་དུ་བླངས་ཤིང་། རིམས་ནད་ཚོད་འཛིན་ལས་ཁུངས་ཀྱི་ཁྱད་ནུས་འདོན་སྤེལ་བྱས་ཏེ།གནོད་ཁུལ་གྱི་རིམས་འགོག་བྱ་བར་རང་ཉིད་ཀྱི་སྟོབས་ཤུགས་ཕྲན་བུ་རེ་འབུལ་རྒྱུའི་རེ་འདུན་བཏོན་པ་རེད། ཁུལ་མི་དམངས་སྨན་ཁང་གིས་སྨན་ཁང་ཡོངས་ཀྱི་སྨན་པ་དང་ནད་གཡོག་པ་རྩ་འཛུགས་བྱས་ནས་དུས་ཚོད་ཐུང་ངུའི་ནང་དུ་སྒོར31320ཞལ་འདེབས་བྱས་པ་དང་གནོད་འཚེ་བྱུང་བའི་ཉིན་དེར་སྨན་པ་དང་ནད་གཡོག་པ18ལས་གྲུབ་པའི་སྨན་བཅོས་རུ་ཁག་ཅིག་གནོད་ཐེབས་ས་ཁུལ་དུ་མངགས་ཏེ། རྨས་མ་མྱུར་སྐྱོབ་ཀྱི་བྱ་བར་ཞུགས་ཡོད། |