| ཡུལ་གཅིག་ནས་དཀའ་སྡུག་མྱོང་ན། ཕྱོགས་ཀུན་ནས་རོགས་སྐྱོར་བྱེད་པ་ནི་ང་ཚོའི་མི་ རིགས་ཀྱི་སྲོལ་རྒྱུན་ནམ་ཀུན་སྤྱོད་བཟང་པོ་ཞིག་ཡིན་ཏེ། ཀན་ལྷོ་ཁུལ་གྱི་འབྲུག་ཆུ་རྫོང་ལ་ ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཐེབས་པའི་གནས་ཚུལ་དེ་ཐོས་མ་ཐག བླ་བྲང་དགོན་པའི་ གྲྭ་བཙུན་ཡོངས་ཀྱིས་གནོད་ཐེབས་ས་ཆའི་སྤུན་ཟླ་ཚོར་སྙིང་ཁོང་གི་བརྩེ་སེམས་དྲོན་མོ་དེ་ཕུལ།ཟླ 8 པའི་ཚེས 8 ཉིན་གྱི་ནངས་སྔ་མོར། ཀན་ལྷོ་ཁུལ་འབྲུག་ཆུ་རྫོང་ལ་ཆུ་ལོག་ཆེན་པོ་ བྱུང་ནས་ས་དེ་གའི་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གནོད་འཚེ་ཚབས་ཆེན་ཐེབས།ཡིད་སྐྱོ་བའི་གནས་ཚུལ་དེ་ཐོས་རྗེས་ཟླ 8 པའི་ཚེས 9 ཉིན་གྱི་སྔ་དྲོར་བླ་བྲང་དགོན་པའི་གྲྭ་བ་ཡོངས་ཀྱིས་མ་སྐུལ་རང་འཐད་ཀྱིས་ཞལ་འདེབས་བྱས་པས་ཉིན་གུང་བར་ལ་སྒོར 37107.8 འདུས། |