བསང་ཆུ་རྫོང་གི་ལས་རིགས་སོ་སོས་ཀན་ལྷོ་ཁུལ་འབྲུག་ཆུའི་གནོད་ཐེབས་ས་ཁུལ་ལ་རོགས་སྐྱོར་གྱི་བརྩེ་སེམས་ཕུལ་བ།
སྤེལ་དུས། 2010-08-16   ཡོང་ཁུངས། ཀན་ལྷོ་ཁུལ་རླུང་འཕྲིན་ཁང་བོད་སྐད་གསར་འགྱུར་ཚན་ཁག   རྩོམ་པ་པོ།  གངས་ཕྲུག

  ཟླ 8 པའི་ཚེས 8 ཉིན་གྱི་སྔ་དྲོར། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་དུ་འདམ་རྡོ་འཕྱུར་ནས།ས་དེའི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གནོད་པ་ཚབས་ཆེན་བཟོས།འབྲུག་ཆུ་རྫོང་ལ་གནོད་འཚེ་ཐེབས་པའི་གནས་ཚུལ་དེ་ཐོས་རྗེས། ཟླ 8 པའི་ཚེས 9 ཉིན་གྱི་སྔ་དྲོར་བསང་ཆུ་རྫོང་གིས་འབྲུག་ཆུའི་གནོད་ཐེབས་ས་ཁུལ་ལ་རོགས་སྐྱོར་གྱི་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་ཅིང་། རྫོང་གི་འགོ་ཁྲིད་ལས་བྱེད་པ་དང་རྒྱ་ཆེའི་ལས་བྱེད་པ་ཚང་མ་རྫོང་གི་ཁྲོམ་དཀྱིལ་ལྡུམ་ར་རུ་འདུས་ཏེ། ཁོ་ཚོས་འབྲུག་ཆུའི་གནོད་ཐེབས་ས་ཁུལ་གྱི་ཁྱིམ་གཞི་བསྐྱར་འཛུགས་དང་འཚོ་བ་རྒྱུན་ལྡན་ཡོང་བར་ནུས་པ་རེ་བཏོན་པ་རེད།གསར་འགོད་པས་རྒྱུས་ལོན་བྱུང་པ་ལྟར་ན། བསང་ཆུ་རྫོང་གིས་ཏག་ཏག་དུས་ཚོད་ཕྱེད་ཀའི་ནང་སྒོར 98862.5 འདུས་པ་རེད།

 
འབྲེལ་ཡོད་ནང་དོན།
 
 
藏文网
雪域文化
新华网
西北民族大学藏学院
青海省藏医院
青海新闻网
雪莲藏文中学网
Copyright @ 2001 Tibetinfor.com Inc. All rights reserved
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060