ཀན་ལྷོ་ཁུལ་གྱི་སྤྱི་ཚོགས་ལས་རིགས་སོ་སོས་མུ་མཐུད་དུ་འབྲུག་ཆུའི་གནོད་ཐེབས་ས་ཁུལ་ལ་སྒོར་མོ་དང་དངོས་པོའི་ཞལ་འདེབས་འབུལ་བ།
སྤེལ་དུས། 2010-08-18   ཡོང་ཁུངས། ཀན་ལྷོ་ཁུལ་རླུང་འཕྲིན་ཁང་བོད་སྐད་གསར་འགྱུར་ཚན་ཁག   རྩོམ་པ་པོ།   གསར་འགོད་པ་གངས་ཕྲུག

  ཟླ8པའི་ཚེས7ཉིན་གྱི་མཚན་མོར།ཀན་ལྷོ་ཁུལ་འབྲུག་ཆུ་རྫོང་ལ་འདམརྡོ་འཕྱུར་ནས་གནོད་སྐྱོན་ཐེབས་རྗེས། ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་སེམས་འགུལ་ཚད་མེད་ཐེབས་སུ་བཅུག་ཅིང་། སྤྱི་ཚོགས་ལས་རིགས་ཁག་དང་ཚོགས་པ། མི་སྒེར་བཅས་ཀྱིས་འབྲུག་ཆུའི་གནོད་ཐེབས་ས་ཁུལ་ལ་སྒོར་མོ་དང་དངོས་པོའི་ཞལ་འདེབས་འབུལ་པའི་མཛད་སྒོ་ཁྱོན་ཡོངས་ནས་སྤེལ་ཏེ་ཕྱོགས་གཅིག་ལ་དཀའ་ཁག་ཡོད་ན་ཕྱོགས་ཡོངས་ནས་རོགས་སྐྱོར་བྱེད་པའི་སྲོལ་བཟང་དར་སྤེལ་དང་རྒྱུད་འཛིན་བྱས། ཟླ 8 པའི་ཚེས 10 ཉིན། ལན་ཀྲོའུ་རུ་ཡོད་པའི་ཀན་ལྷོ་ཁུལ་གྱི་ལས་བྱེད་རྒན་པའི་ངལ་གསོ་ཁང་དང་ཅོའུ་ཀྲོའུ་ལམ་བར་མའི་འདུས་ཁུལ་གྱིས་མཉམ་དུ་འབྲུག་ཆུའི་གནོད་ཐེབས་ས་ཁུལ་ལ་ཞལ་འདེབས་འབུལ་བའི་མཛད་སྒོ་སྤེལ་ནས་འདུས་ཁུལ་གྱི་ལས་ཁུངས7དང་། ལས་བྲལ་ངལ་གསོ་བྱས་པའི་ལས་བྱེད་པ་དང་ཏང་ཡོན 130 ཡིས་སྒོར་མོ 62450 ཡི་ཞལ་འདེབས་ཕུལ།ཉིན་དེར། བསང་ཆུ་རྫོང་ཆུ་སྔོན་ཞང་གི་རྒྱ་ཆེའི་ལས་བྱེད་པ་དང་དགོན་སྡེའི་གྲྭ་བཙུན་རྣམས་ཀྱིས་མ་གྲོས་རང་མཐུན་སྒོས་འབྲུག་ཆུའི་གནོད་ཐེབས་ས་ཁུལ་ལ་བརྩེ་སེམས་འབུལ་བའི་བྱ་འགུལ་སྤེལ་བ་དང་། ཞལ་འདེབས་ཀྱི་སྒོར་མོ 8000 འདུས་བ་དུས་ཐོག་དུ་འབྲུག་ ཆུའི་གནོད་ཐེབས་ས་ཁུལ་ལ་བསྐུར་ཏེ་གནོད་ཐེབས་མང་ཚོགས་ཀྱིས་སྔ་མོ་ནས་ཁྱིམ་གཞི་གསར་འཛུགས་དང་འཚོ་བ་རྒྱུན་ལྡན་ཡོང་བའི་སྨོན་འདུན་ཞུས། ལིན་ཐན་རྫོང་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་ཉེན་རྟོག་པ་ཡོངས་ཀྱིས་རང་རང་གི་སེམས་པ་མཚོན་བྱེད་ཀྱི་སྒོར་མོ་ཞལ་འདེབས་སུ་ཕུལ་ཅིང་འབྲུག་ཆུའི་གནོད་ཐེབས་ས་ཁུལ་དུ་འགྲིམ་འགྲུལ་ཤར་གཏོང་གི་ལས་འགན་ཁུར་བའི་ཉེན་རྟོག་པས་ཀྱང་ལས་རོགས་པར་ཞལ་འདེབས་སྒོར་མོ་བསྐུར་བ་དང་ཉིན་དེར་བསྡོམས་པས་སྒོར6500འབྱོར་ཡོད།  ཀན་ལྷོ་ཁུལ་གཙོས་ཐེང་ཏ་མི་རིགས་ཉོ་ཚོང་འགན་འཁྲི་ཚད་ཡོད་ཀུང་སིས་མི་སྣ་རྩ་འཛུགས་བྱས་ནས་རིན་ཐང་སྒོར་ཁྲི 15 ཡི་རྒྱལ་ཁབ་གསོག་ཉར་ཇ་རིགས་ཏུན20འབྲུག་ ཆུར་དྲུད་ནས་གནོད་ཐེབས་མང་ཚོགས་ཀྱི་འཚོ་བའི་དཀའ་ངལ་སལ་རོགས་བྱས།ལིན་ཐན་རྫོང་ཅན་ཧྭ་ཨར་འདམ་འགན་འཁྲི་ཚད་ཡོད་ཀུང་སིས་འབྲུག་ཆུའི་གནོདཐེབས་ས་ཁུལ་ལ་སྒོར་ཁྲི 30 ཞལ་འདེབས་ཕུལ་བ་དང་། ལིན་ཐན་རྫོང་ཧྲུན་ཏ་ཉོ་ཚོང་འགན་འཁྲི་ཚད་ཡོད་ཀུང་སིས་སྒོར་ཁྲི3དང་། ལིན་ཐན་རྫོང་ཆིན་ཧྲི་རི་བོ་ཆུ་གློག་འགན་འཁྲི་ཚད་ཡོད་ཀུང་སིས་སྒོར་ཁྲི 1 གི་ཞལ་འདེབས་ཕུལ།སྔོན་གྱི་ཀན་ལྷོ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དང་། ད་ལྟ་ཕིན་ལིའང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་མ་ཞའོ་ཧྥིན་གྱིས་ཐེངས་མང་པོར་ཁ་པར་བརྒྱབ་ནས་འབྲུག་ཆུའི་གནོད་སེལ་རྒུད་སྐྱོབ་ཀྱི་གནས་ཚུལ་དྲིས་པ་མ་ཟད། ཁོས་རང་སྒེར་ནས་སྒོར་ཁྲི1གི་ཞལ་འདེབས་ཕུལ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྔོན་གྱི་ཀྲུའུ་རེན་གཞོན་པ་ཞུས་མོན་ལུང་དང་ཀྲང་མུའུ་ལན། ཧྲན་པིན་ཀྲུང་སོ་སོས་སྒོར 1000 རེའི་ཞལ་འདེབས་ཕུལ་བ་དང་། ལིན་ཐན་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མེ་ཧྲིན་ཀོང་གིས་སྒེར་ནས་སྒོར་མོ་ཁྲི 3 ཞལ་འདེབས་ཕུལ་ནས་གནོད་ཐེབས་མང་ཚོགས་ཀྱིས་ཁྱིམ་གཞི་བསྐྱར་འཛུགས་དང་འཚོ་བ་རྒྱུན་ལྡན་ཡོང་བའི་སྨོན་འདུན་ཞུས་པ་རེད།ཟླ8 པའི 11 ཉིན་ལ། ཁུལ་སྤྱི་བདེ་ཅུས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཁུལ་སྤྱི་བདེ་མ་ལག་གི་ཉེན་རྟོག་པ་ཚང་མ་རྩ་འཛུགས་བྱས་ནས་གནོད་ཐེབས་ས་ཁུལ་མང་ཚོགས་ལ་སྒོར་མོ་དང་དངོས་པོའི་ཞལ་འདེབས་གནང་ཞིང་། བསྡོམཔས་སྒོར་མོ 23400 ཡི་ཞལ་འདེབས་འབྱོར་ཡོད།  ཉིན་དེར། ཁུལ་ནགས་ལས་ཅུས་ཀྱིས་འབྲུག་ཆུའི་གནོད་ཐེབས་ས་ཁུལ་ལ་ཞལ་འདེབས་འབུལ་བའི་མཛད་སྒོ་སྤེལ་ཏེ།དུས་ཡུན་ཐུང་ཐུང་གི་ནང་དུ་རྒྱ་ཆེའི་ལས་བྱེད་ལས་བཟོ་བས་སྒོར 63100ཞལ་འདེབས་ཕུལ་ཅིང་། ཅུས་ཀྱི་སྲིད་འཛིན་སྡེ་ཁག་གིས་ད་དུང་མ་དངུལ་གྲབས་གསོག་བྱས་ཏེ་འཚོ་བའི་ཉེར་མཁོའི་དངོས་པོ་ཉོས་ནས་གནོད་ཐེབས་ས་ཁུལ་ལ་བསྐྱལ་ཏེ། གནོད་ཐེབས་ས་ཁུལ་གྱི་ནགས་ལས་ལས་བཟོ་བའི་གནས་སྐབས་ཀྱི་འཚོ་བའི་དཀའ་ཁག་ སེལ་ཐབས་བྱས།ཉིན་དེའི་སྔ་དྲོར།དྲག་སྤྲས་ཉེན་རྟོག་ཀན་ལྷོའི་རུ་ཁག་གི་དཔོན་དམག་ཚོས་འབྲུག་ཆུའི་གནོད་ཐེབས་ས་ཁུལ་ལ་ཞལ་འདེབས་འབུལ་བའི་མཛད་སྒོ་སྤེལ་ཅིང་། སྔ་དྲོའི་དུས་ཚོད 11 བར་ལ། རུ་ཁག་ཡོངས་ཀྱི་དཔོན་དམག་ཚོས་བསྡོམས་པས་སྒོར 98285 ཡི་ཞལ་འདེབས་ ཕུལ།ཉིན་དེར། ཀན་ལྷོའི་དགེ་ཐོན་སློབ་གྲྭས་ཀྱང་ཞལ་འདེབས་མཛད་སྒོ་སྤེལ་བ་དང་།དབྱར་གནང་ལ་ངལ་གསོས་པའི་སློབ་གྲྭའི་དགེ་བཟོ་བ་མང་ཆེ་བ་སློབ་གྲྭར་འཛོམས་ཏེ་འབྲུག་ཆུའི་གནོད་ཐེབས་ས་ཁུལ་ལ་སྒོར་ཁྲི4 ལྷག་གི་ཞལ་འདེབས་ཕུལ་བ་རེད།  ལིན་ཐིན་རྫོང་སྤྱི་བདེ་ཅུས་དང་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་གི་མི་དམངས་ཉེན་ རྟོག་པ་དང་གཞོགས་འདེགས་མི་སྣ་ཡོངས་ཀྱིས་འབྲུག་ཆུའི་གནོད་ཐེབས་ས་ཁུལ་ལ་སྒོར 6500 ཞལ་འདེབས་ཕུལ་ནས་ཁོང་ཚོས་འབྲུག་ཆུའི་གནོད་ཐེབས་མང་ཚོགས་ལ་བཅངས་བའི་བརྩེ་ སེམས་མཚོན་ཐབས་བྱས།ཟླ 8 པའི་ཚེས 8 ནས་ཚེས 11 ཉིན་གྱི་དུས་ཚོད18 བར། ཀན་ལྷོ་ཁུལ་གྱི་ལྟེ་བའི་ཁྲག་མཛོད་ཁྲག་ལེན་ཆེད་གཏོང་རླངས་འཁོར་མངགས་ནས་འབྲུག་ཆུའི་གནོད་ཐེབས་ས་ཁུལ་ལ་ཁྲག་གི་སྦྱིན་པ་གཏོང་མཁན་ཚོར་སྟབས་བདེ་གང་ལེགས་བསྐྲུན་པས་ཚེས 12 ཉིན་བར་དུ་གཙོས་ས་ཁུལ་གྱི་ཁྲག་སྦྱིན་མཁན56གིས་ཁྲག་ཧའོ་ཧྲིན15500 སྦྱིན་པ་བཏང་། དུས་མཚུངས་སུ། ཁུལ་ལྟེ་བའི་ཁྲག་མཛོད་ཀྱི་ལས་བྱེད་ལས་བཟོ་བས་འབྲུག་ཆུའི་གནོད་ཐེབས་ས་ ཁུལ་ལ་སྒོར 2900 ཡི་ཞལ་འདེབས་ཕུལ། ཟླ 8 པའི་ཚེས 12 ཉིན། ཀན་ལྷོ་ཁུལ་ཡོངས་ཀྱི་ནོར་སྲིད་མ་ལག་གི་ལས་བྱེད་མི་སྣ400ལྷག་གིས་རོགས་སྐྱོར་གྱི་ལག་ཟུང་བསྲིངས་ནས་འབྲུག་ཆུའི་གནོད་ཐེབས་ས་ཁུལ་ལ་སྒོར 97150 ཡི་ཞལ་འདེབས་ཕུལ། ཁུལ་ཡུལ་སྐོར་ཅུས་ཀྱིས་ལས་བྱེད་ཡོངས་རྩ་འཛུགས་བྱས་ནས་འབྲུག་ཆུའི་གནོད་ཐེབས་ས་ཁུལ་ལ་བརྩེ་སེམས་འབུལ་བའི་བྱ་འགུལ་སྤེལ་ཏེ། རྫ་ཆུ་སིལ་མ་སྡམ་ལོག 650 དང་། སྟབས་བདེ་ཐུག་པ་སྒམ 300 ཉལ་གོས 30 དང་ལ་སྒྲོན་སོགས་ཀྱི་རིན་ཐང་སྒོར 32000 གི་ཉེར་མཁོའི་དངོས་པོ་ཉོས་ནས་གནོད་ཐེབས་ས་ཁུལ་དུ་བསྐྱལ་བ་མ་ཟད། ཆུ་ལོག་གི་ཁྲོད་དུ་ཚེ་ལས་འདས་པའི་འབྲུག་ཆུའི་རིག་གནས་ལུས་རྩལ་ཡུལ་སྐོར་ཅུས་ཀྱི་ལས་བཟོ་བའི་ཁྱིམ་ཚང15དང་། ཉེ་གཞི་རྩ་ལག་བཅས་ལ་སྐོར་དང་པོའི་གོད་ཆག་གསབ་དངུལ་སྒོར་ཁྲི5 བྱིན། ཉིན་དེའི་ཞལ་འདེབས་འབུལ་བའི་མཛད་སྒོའི་སྟེང་ཁུལ་ཡུལ་སྐོར་ཅུས་ཀྱི་ལས་བྱེད་མི་སྣས་ཕུལ་བའི་ཞལ་འདེབས་སྒོར་མོ་བསྡོམས་པས 6200 འདུས་པ་རེད།

 
འབྲེལ་ཡོད་ནང་དོན།
 
 
藏文网
雪域文化
新华网
西北民族大学藏学院
青海省藏医院
青海新闻网
雪莲藏文中学网
Copyright @ 2001 Tibetinfor.com Inc. All rights reserved
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060