འབྲུག་ཆུའི་གནོད་ཐེབས་ས་ཁུལ་གྱི་འགྲུལ་སྐྱེལ་རླངས་འཁོར་རིམ་གྱིས་གཏོང་མགོ་བརྩམས་པ།
སྤེལ་དུས། 2010-08-19   ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།    རྩོམ་པ་པོ།  རྡེའུ་དཀར་ནག་གིས་བསྒྲིགས།

  ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན།ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་བར་དུ་འབྲུག་ཆུའི་འགྲུལ་སྐྱེལ་རླངས་འཁོར་བཅུ་གཏོང་མགོ་བརྩམས་པ་དང་།བསྡོམས་པས་རླངས་འཁོར་ཐེངས་བརྒྱད་བཅུ་གྱ་གཅིག་ལ་བཏང་བ་དང་འགྲུལ་བ་སྟོང་གཅིག་དང་ལྔ་བརྒྱ་དོན་བདུན་སྐྱེལ་འདྲེན་བྱས། འབྲུག་ཆུའི་ཆུ་ལོག་གི་གནོད་འཚེ་ཆེན་པོའི་ཁྲོད་དུ་འབྲུག་ཆུ་རྗོང་རླངས་འཁོར་ས་ཚིགས་ཀྱི་རླངས་འཁོར་བཅུ་བཞི་ཆུས་བསྣུབས་པ་དང་།འབྲུག་ཆུ་རྫོང་ལ་འགྲོ་སའི་ལམ་ཕལ་ཆེར་ཚང་མ་ཆད།ཀན་སུའུ་ཞིང་ཆེན་དང་ཀན་ལྷོ་ཁུལ་གྱི་གཞུང་ལམ་སྐྱེལ་འདྲེན་སྡེ་ཁག་གི་ཧུར་བརྩོན་ཆེན་པོའི་འོགཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན་ནས་བཟུང་འབྲུག་ཆུ་རྫོང་ནས་འབའ་གཙང་ཞང་སོགས་ལ་འགྲོ་བའི་རླངས་འཁོར་གཏོང་མགོ་བརྩམས།དེ་དང་མཉམ་དུ་འབྲུག་ཆུའི་ཤར་ལམ་དང་ནུབ་ལམ་གཉིས་སུ་གནས་སྐབས་སུ་རླངས་འཁོར་གཏོང་ས་གཉིས་བཙུགས་ནས་རླངས་འཁོར་ཆུང་བ་སུམ་ཅུས་སྐྱེལ་འདྲེན་གྱི་ཞབས་ཞུ་འདོན་སྤྲོད་བྱེད་ཀྱིན་ཡོད་པས།གནོད་ཐེབས་མང་ཚོགས་དང་རྒུད་སྐྱོབ་མི་སྣ་ཡར་མར་ལ་འགྲོ་བར་ཁག་ཐེག་བྱས།

 
འབྲེལ་ཡོད་ནང་དོན།
 
 
藏文网
雪域文化
新华网
西北民族大学藏学院
青海省藏医院
青海新闻网
雪莲藏文中学网
Copyright @ 2001 Tibetinfor.com Inc. All rights reserved
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060