འབྲུག་ཆུའི་དམག་མི་ཝང་ཝེ་ཡི་བཟའ་མི་ཚང་མ་རྐྱེན་ལམ་དུ་ཤོར་རུང་།ཁོས་ད་རུང་འཐབ་གྲོགས་དང་མཉམ་དུ་སྲོག་ཉེན་ལ་ཐུག་པའི་མི 23 གྱི་སྲོག་བསྐྱབས་པ།
སྤེལ་དུས། 2010-08-23   ཡོང་ཁུངས། ཀན་ལྷོ་ཁུལ་རླུང་འཕྲིན་ཁང་བོད་སྐད་གསར་འགྱུར་ཚན་ཁག    རྩོམ་པ་པོ།  གསར་འགོད་པ་གངས་ཕྲུག་གིས།

  འབྲུག་ཆུའི་རོགས་སྐྱོར་འཐབ་ཕྱོགས་དང་བོ་ཡོད་པའི་དྲ་ཆས་ཀན་སུའུ་སྤྱི་ཁྱབ་རུ་ ཁག་འབྲིང་བའི་རུ་དཔོན་གཞོན་པ་ཝང་ཝེ་ཡི་བཟའ་མི་བཞི་བོ་ཐེངས་འདིའི་འདམ་རྡོ་འཕྱུར་བའི་ཆུ་ལོག་ཆེན་པོའི་གནོད་འཚེ་ཁྲོད་རྐྱེན་ལམ་དུ་ཤོར། ཁོས་སྐྱོ་གདུང་དྲག་པོ་བཟོད་ བསྲན་བྱས་ནས་དུས་ཚོད་དང་བོར་བྲེལ་མྱུར་གྱིས་ཉེན་ཁ་ཐུག་པའི་མང་ཚོགས་ལ་རོགས་སྐྱོབ་ བྱས་པ་དང་འཐབ་གྲོགས་དང་མཉམ་དུ་ཉེན་ཁར་ཐུག་པའི་མི23གྱི་སྲོག་བསྐྱབས། མྱུར་སྐྱོབ་ཡུལ་དངོས་སུ་འཐབ་གྲོགས་དང་མཉམ་དུ་མྱུར་སྐྱོབ་ལ་འབད་ཐབས་བྱེད་བཞིན་པའི་ཕོ་རྒོད་ཝང་ཝེ་གསར་འགོད་པས་མཐོང་བྱུང་། གཟུགས་གཞིའི་རིང་ཚད་ལ་སྨི་གཅིག་དང་ལི་སྨི་བདུན་བཅུ་ཡས་མས་ཡོད་པའི་གྲུང་ཤ་དོད་པོ་དང་སྨུག་ནག་ཏུ་གྱུར་པའི་ངོ་གདོང་ནས་རྔུལ་ཆུ་དྲོནམོ་བཞུར་བཞིན་འཐབ་གྲོགས་དང་མཉམ་དུ་ཉེན་ཁར་ཐུག་པའི་མང་ཚོགས་ལ་ཀུ་འབོད་དང་འཚོལ་བཤེར་བྱེད་བཞིན་ཡོད།འབྲུག་ཆུ་རྫོང་རུ་ཁག་འབྲིང་བའི་མཛུབ་སྟོན་པ་ལིས་ཧྥ་ཧའེ་ཡིས་གསར་འགོད་པར་རུཁག་འབྲིང་བའི་དཔུང་དམག་དོན་གསུམ་གྱིས་དུས་ཚོད་དང་བོར་ཚང་མ་བྲེལ་མྱུར་ངང་ཉེན་ཁ་ལས་གཡོལ་བ་དེ་ཝང་ཝེ་ཡི་དོགས་ཟོན་ཆེན་པོ་དང་བྲལ་ཐབས་མེད་ཅེས་བཤད།འདམ་རྡོ་འཕྱུར་བའི་ཆུ་ལོག་ཆེན་པོ་བྱུང་སྐབས་ཝང་ཝེ་ཡིས་རུ་ཁག་འབྲིང་བའི་རྭ་མ་ན་ཚང་རྩིས་བྱེད་བཞིན་ཡོད། ཁོས་ཆར་ཆེ་བ་དང་གནམ་གཤིས་ཧ་ཅང་ངན་པ་ཡིན་པ་མཐོང་རྗེས་དུས་ཐོག་ཏུ་རུ་ཁག་ལ་ཕྱིར་ཡོང་ནས་ཡར་ཞུ་ཞུས།དུས་ཚོད་སྐར་མ་གང་མ་ལོན་གོང་དཔུང་དམག་དོན་གསུམ་ཚང་མ་ཉལ་ཁང་ནས་ཕྱིར་བུད་དེ་སྲོག་ཉེན་ལས་ཐར་བ་རེད།

 
འབྲེལ་ཡོད་ནང་དོན།
 
 
藏文网
雪域文化
新华网
西北民族大学藏学院
青海省藏医院
青海新闻网
雪莲藏文中学网
Copyright @ 2001 Tibetinfor.com Inc. All rights reserved
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060