| ཀན་སུའུ་ཞིང་ཆེན་སྤྱི་བདེ་ཐིན་གྱིས་ཚེས18ཉིན་གྱི་ཕྱི་དྲོར་བྲེལ་མྱུར་བརྡ་ཐོ་བཏང་པར། འབྲུག་ཆུའི་གནོད་ཐེབས་མང་ཚོགས་ལ་ཁྱིམ་ཐོ་དང་ཐོབ་ཐང་ལག་ཁྱེར་རབས་གཉིས་པ་བསྒྲུབ་པར་སྟབས་བདེ་བཟོས་ཏེ། འབྲུག་ཆུའི་གནོད་ཐེབས་མངའ་ཁོངས་ནང་ཁུལ་གྱི་མང་ ཚོགས་ཡོངས་རྫོགས་ལ་རིན་མི་ལེན་པར་ཐོབ་ཐང་ལག་ཁྱེར་བསྒྲུབ་པ་དང་། སྒོ་ཁར་བསྐྱལ་ རྒྱུ་ལག་བསྟར་བྱེད་རྒྱུ་ཡིན་པ་མ་ཟད། ཉིན་བདུན་གྱི་ནང་དུ་མང་ཚོགས་ཀྱི་ལག་ལ་འབྱོར་དུ་ འཇུག་རྒྱུ་ཡིན་ཞེས་བཤད། དུས་མཚུངས་སུ། ཀན་སུའུ་ཞིང་ཆེན་སྤྱི་བདེ་ཐིན་གྱིས། འབྲུག་ཆུའི་སྤྱི་བདེ་མངག་གཏོང་ལས་ཁུངས་སོ་སོས་མང་ཚོགས་ཀྱི་རབས་གཉིས་པའི་ཐོབ་ཐང་ལག་ཁྱེར་དུས་ངེས་མེད་དུ་བསྒྲུབ་པ་དང་དུས་ངེས་མེད་དུ་སྒྲིག་བཟོ་བཅས་བྱས་ཏེ་ཉིན་གཉིས་ཀྱི་ནང་དུ་ཐོབ་ཐང་ལག་འཁྱེར་འགྲུབ་དགོས་བའི་བླང་བྱ་བཏོན་ཡོད། |