| ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་གིས་བརྡ་ཁྱབ་བཏང་ནས་བཤད་རྒྱུར། ཁོར་ཡུག་ལྟ་ཞིབ་ཚད་ལེན་མི་སྣས་བསྟུད་མར་ཉིན10ལ།འབྲུག་དཀར་གཙང་པོའི་འགྲམ་རྒྱུད་ཀྱི་ཆུ་ངོས་བཅད་མཚམས 5དང་གྲོང་ཁྱེར་ནང་ཁུལ་ཀྱི་གནས་སྐབས་ཆུ་ལེན་ས5ཡི་ཆུའི་གནས་ཚུལ་ལ་བརྟག་ཞིབ་ཚད་ལེན་བྱས།ཚེས16ཉིན་གྱི་བརྟག་ཞིབ་ཚད་ལེན་ཁྲོད། གྲོང་ཁྱེར་ནས་གསར་དུ་བཏོད་པའི་འཕྲུལ་ཆས་ཀྱི་ཆུ་འཐེན་དོང་ཆུའི་ནང་གི་ཆུའི་སྤུས་ཀ་ཚད་གཞིར་སླེབས་ཤིང་། འཐུང་ཆུ་བདེ་འཇགས་ཀྱི་བླང་བྱ་དང་མཐུན་པ་རེད།ཚེས16 ཉིན་གྱི་ཉིན་གུང་གི་དུས་ཚོད 12 བར། འབྲུག་ཆུ་རྫོང་མཁར་དུ་འགོ་ནད་ཡོད་པའི་ནད་པ 6 བྱུང་ཚུལ་ཡར་ཞུ་བྱས་ཡོད་ཅིང་། དེའི་གྲས་སུ་མཆིན་ནད་ཁ་པའི་ནད་པ1ཡོད། རིམ་བསགས་ཀྱིས་རྩིས་ན600ལྷག་ལ་མཆིན་ནད་ཀ་པའི་འགོག་ཁབ་བརྒྱབ་ཡོད།ད་སྔའི་བར་དུ་འབྲུག་ཆུའི་གནོད་ཐེབས་ས་ཁུལ་ལ་འགོ་ནད་ཚབས་ཆེན་བྱུང་བའི་གནས་ཚུལ་མེད་པ་རེད། |