ཀན་ལྷོ་ཁུལ་འབྲུག་ཆུའི་གནོད་ཐེབས་ས་ཁུལ་གྱི་འདས་པོའི་ཁྱིམ་མིར་སེམས་གསོ་དང་ རོགས་སྐྱོར་མ་དངུལ་སྒོར་ཁྲི 1200 ལྷག་བཀྲམ་པ།
སྤེལ་དུས། 2010-09-01   ཡོང་ཁུངས། ཀན་ལྷོ་ཁུལ་རླུང་འཕྲིན་ཁང་བོད་སྐད་གསར་འགྱུར་ཚན་ཁག    རྩོམ་པ་པོ།  གངས་ཕྲུག་གིས།

   ཀན་ལྷོ་ཁུལ་འབྲུག་ཆུ་རྫོང་ལ་བརྒྱད་པའི་ཚེས་བརྒྱད་ཉིན་འདམ་རྡོ་འཕྱུར་བའི་གནོད་འཚེ་བྱུང་རྗེས་སུ།ཀན་སུའུ་ཞིང་ཆེན་གྱིས་སྔ་གཞུག་ཏུ་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་དྲུག་བཏོན་ནས། གནོད་ཐེབས་མང་ཚོགས་ཀྱི་འཚོ་བ་བཀོད་སྒྲིག་འོས་འཚམ་དང་དུས་ཐོག་ཏུ་རོགས་སྐྱོར་དང་སེམས་གསོ་བྱས། མིག་སྔའི་བར་དུ། བསྡོམས་པས་སེམས་གསོའི་མ་དངུལ་སྒོར་ཁྲི 904 དང་། མཁོ་བསྟུན་དུས་སྐབས་ཀྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི 316.2 བཀྲམ།ཀན་ལྷོ་ཁུལ་འབྲུག་ཆུའི་ཉེན་སེལ་རྒུད་སྐྱོབ་བཀོད་འདོམས་པུའུ་ཡིས་མཚམས་སྦྱོརབྱས་པ་ལྟར་ན།གནོད་འཚེ་བྱུང་རྗེས།ཀན་ལྷོ་ཁུལ་འབྲུག་ཆུའི་གནོད་ཐེབས་ས་ཁུལ་ལ་དུས་ཐོག་ཏུ་སེམས་གསོ་རོགས་སྐྱོར་སྲིད་ཇུས་དངོས་འབེབས་བྱས་ཤིང་།རྐྱེན་ལམ་དུ་ཤོར་བའི་བེམ་པོ་ངོ་ཟིན་ནས་འཁྱེར་བའི་ཤ་ཚ་ཉེ་རིང་ལ་ཞང་གྲོང་སྲིད་གཞུང་གིས་གཉེན་ཉེ་ལ་སེམས་གསོ་རོགས་དངུལ་སྒོར8000རེ་བྱིན་པ་དང་།དེའི་ནང་དུ་སྒོར3000ཡི་དུར་འཇུག་གྲོན་དངུལ་འདུས་ཡོད།བེམ་པོའི་ཁ་ངོ་གསལ་རུང་ཁྱེར་ནི་མེད་པའམ་ངོ་མི་ཟིན་པའི་བེམ་པོ་ལ་བྱ་བྱེད་ཚན་ཆུང་གིས་གཅིག་བསྡུས་ཀྱིས་ཐག་བཅད་ཅིང་།བེམ་པོ་རེ་ལ་དུརའཇུག་གྲོན་དངུལ་སྒོར3000 རེ་བྱིན་པ། གལ་སྲིད་གཅིག་བསྡུས་ཀྱིས་ཐག་གཅོད་བྱས་རྗེས་གཉེན་ཉེ་ངོས་འཛིན་དུ་ཡོང་བའི་གནས་ཚུལ་ཡོད་ན། ཞང་དང་སྡེ་བ་རིམ་པ་གཉིས་དང་སྤྱི་བདེ་སྡེ་ཁག་གིས་ཡིན་ཐག་བཅད་རྗེས་སེམས་གསོ་རོགས་སྐྱོར་མ་དངུལ་སྒོར5000རེ་བྱིན་པ་རེད། མིག་སྔའི་བར་དུ། ཁྲེན་ཀོང་དང་ཅང་ཕན་ཞང་གཉིས་ཀྱི་རྐྱེན་ལམ་དུ་ཤོར་བའི་གཉེན་ཉེ་ལ་སེམས་གསོ་རོགས་སྐྱོར་མ་དངུལ་སྒོར་ཁྲི904བཀྲམ།དེ་དང་མཉམ་དུ། གནོད་ཐེབས་ས་ཁུལ་གྱིས་བར་བརྒལ་དུས་སྐབས་ཀྱི་རོགས་སྐྱོར་ལག་བསྟར་བྱེད་ཐབས་འཐུས་ཚང་དུ་བཏང་ནས།ཡང་དང་ཡང་དུ་རོགས་སྐྱོར་བྱེད་ཡུལ་དཔྱད་ཞིབ་བྱས་ཤིང་། ཕྱོགས་ཡོངས་ནས་མཁོ་བསྟུན་དུས་སྐབས་ཀྱི་རོགས་སྐྱོར་མ་དངུལ་བཀྲམ་ ནས། རོགས་སྐྱོར་བྱེད་ཡུལ་གཅིག་ཀྱང་མི་ལུས་པ་ཁག་ཐེག་བྱས། མིག་སྔའི་བར་དུ། བསྡོམས་པས། གནོད་ཐེབས་མང་ཚོགས་མང་ཚོགས་ལ་རོགས་སྐྱོར་དཔང་ཡིག་དེབ4732གནང་བ་དང་མི21080 ལ་མཁོ་བསྟུན་དུས་སྐབས་ཀྱི་རོགས་དངུལ་སྒོར་ཁྲི 316.2 བཀྲམ་པའོ།།

 
འབྲེལ་ཡོད་ནང་དོན།
 
 
藏文网
雪域文化
新华网
西北民族大学藏学院
青海省藏医院
青海新闻网
雪莲藏文中学网
Copyright @ 2001 Tibetinfor.com Inc. All rights reserved
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060