ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལས་རིགས་སོ་སོས་མུ་མཐུད་དུ་འབྲུག་ཆུའི་ཆུ་ལོག་གི་གནོད་འཚེ་ཐེབས་པའི་ས་ཁུལ་དུ་སྒོར་མོ་ཞལ་འདེབས་སུ་ཕུལ་བ།
སྤེལ་དུས། 2010-09-06   ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།    རྩོམ་པ་པོ།  རྡེའུ་དཀར་ནག་གིས་བསྒྲིགས།

  ཉེ་བའི་ཉིན་འགའི་རིང་ལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་ཨུ་ཡོན་དང་། སྲིད་གྲོས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་ཡོད་པའི་བློ་མཐུན་རྒན་པ། སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་མི་སྣས་འབྲུག་ཆུའི་ཆུ་ལོག་གི་གནོད་འཚེ་ཐེབས་པའི་ས་ཁུལ་དུ་བརྩེ་སེམས་བཅངས་ཏེ་མུ་མཐུད་དུ་སྒོར་མོའི་ཞལ་འདེབས་ཕུལ་ཏེ། ཉེན་ཁ་མྱུར་སྐྱོབ་དང་གནོད་འཚེ་སེལ་བའི་ཐད་ལ་ནུས་ཤུགས་གང་ཡོད་བཏོན། སྡོམ་རྩིས་རགས་ཙམ་བྱས་པ་ལྟར་ན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་མ་ལག་གིས་རིམ་རྩིས་བྱས་ན་མ་དངུལ་སྒོར་མོ་འབུམ་བདུན་དང་ཁྲི་གཅིག་སྟོང་བདུན་ལྔ་དང་ལྔ་བཅུ་དང་། སྒོར་མོ་སྟོང་བརྒྱད་ཀྱི་དངོས་པོ་ཞལ་འདེབས་སུ་ཕུལ།

 
འབྲེལ་ཡོད་ནང་དོན།
 
 
藏文网
雪域文化
新华网
西北民族大学藏学院
青海省藏医院
青海新闻网
雪莲藏文中学网
Copyright @ 2001 Tibetinfor.com Inc. All rights reserved
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060