༄༅། །༑དེ་ཡང་བོད་ཤིང་རྟ་ལོའི་ཟླ་བ་བརྒྱད་པའི་ཚེས་12རེས་གཟའ་ལྷག་པའི་ཉིན་ཀྱི་ཉི་མྱུར་སྔ་ཆ་སྟེ་སྤྱི་ལོ་2014ལོའི་ཟླ་བ10ཚེས་8ཉིན་ཀྱི་ཆུ་ཚོད་15ཙམ་ལ་སྒྲ་གཅན་མཇུག་གིས་སྨད་ཀྱི་ཤར་ནས་ཟླ་འོད་སྒྲིབ་འགོ་བརྩམ།
ཆུ་ཚོད་18དང་སྐར་མ་25ཙམ་ལ་ཟླ་འོད་ཡོངས་སུ་བསྒྲིབས། ཆུ་ཚོད་18དང་སྐར་མ་55ཙམ་ལ་སྒྲིབ་པའི་མཐར་ཐུག་སྟེ་ཁ་དོག་ལི་ཁྲིའི་མདོག་ཏུ་འགྱུར།   ཆུ་ཚོད་19དང་སྐར་མ་24ཐོག་མཐའ་ནས་གསོ་འགོ་ཚུགས།   ཆུ་ཚོད་20དང་སྐོར་མ་34ཐོག་ཟླ་བའི་དཀྱིལ་འཁོར་སྔར་བཞིན་རྒྱས་པར་འགྱུར་མོད། སྐབས་དེར་ཟླ་བ་འཆར་བའི་དུས་ཚོད་ནི་ལྷ་སར་ཆུ་ཚོད་19དང་སྐར་མ་30དང་།   མདོ་སྨད་ཕྱོགས་སུ་ཆུ་ཚོད་18དང་སྐར་མ་40ཡས་མས་ཡིན་པས་ཟླ་བ་འཛིན་བཞིན་ཏུ་འཆར་བ་ལས་སྒྲིབ་འགོ་རྩོམ་ཚུལ་སོགས་མི་མཐོང་། ཟླ་བ་འཆར་བའི་སྐབས་སུ་མདོ་སྨད་ཕྱོགས་སུ་ཟླ་བ་རིལ་བོར་འཛིན་བཞིན་ཏུ་འཆར་བ་དང་།  དབུས་གཙང་ཕྱོགས་ནས་ཟླ་བ་མཐའ་ནས་གསོ་བཞིན་ཏུ་འཆར་བ་བཅས་ས་བབ་ཀྱི་དབང་གིས་མི་འདྲ་བ་མཐོང་ངོ་། 

  • ༡༠
  • ༡༡
  • ༡༢
tu1.jpg
tu22.jpg
tu3.jpg
tu4.jpg
tu5.jpg
tu6.jpg
tu7.jpg
tu8.jpg
tu9.jpg
tu10.jpg
tu11.jpg
tu12.jpg