>>>
yh2s.gif

ལོ་གསར་ལེགས་སྐྱེས།

  • 03.jpg
  • 02.jpg
  • 01.jpg

ཤིང་རྟ་ལོའི་ལོ་རྒྱུས་དོན་ཆེན།

  • བོད་རབ་ལོ་ཤིང་རྟ་༢༩༤༦ལོར། བདག་ཅག་གི་སྟོན་པ་སངས་རྒྱས་རིན་པོ་ཆེ་བྱང་ཆུབ་ལྗོན་དབང་གི་དྲུང་དུ་མངོན་པར་རྫོགས་པའི་སངས་རྒྱས།
    ཤིང་རྟ་སྤྱི་ལོ༡༠༥༤ལོར། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དགོང་ལོ་བདུན་ཅུ་དོན་གསུམ་ཐོག་སྙེ་ཐང་དུ་སྐུ་གཤེགས།
    ཤིང་རྟ་སྤྱི་ལོ༡༢༤༦ལོར། འབྲི་གུང་གི་བླ་མ་དབོན་རིན་པོ་ཆེ་བསོད་ནམས་གྲགས་པ་སྐུ་གཤེགས་པ་དང་།  ས་འབྲི་འགལ་བ་སྟེ་འབྲི་གུང་གླིང་ལོག་གི་ས་བོན་བསླངས།
    ཤིང་རྟ་སྤྱི་ལོ༡༣༥༤ལོར། ཕག་གྲུས་དམག་དཔུང་ས་སྐྱར་བཏང་སྟེ་ཞི་དྲག་གི་ཐབས་དུ་མའི་སྒོ་ནས་ས་སྐྱའི་དཔོན་ཆེན་དབང་ཕྱུག་བརྩོན་འགྲུས་བཟུང་བ་དང་།ས་སྐྱའི་རྒྱལ་རབས་ཐོར་ཞིག་ཏུ་བཏང་ནས་
    ཕག་གྲུ་སྡེ་སྲིད་ཀྱི་སྲིད་དབང་དངོས་ཚུགས།
    ཤིང་རྟ་སྤྱི་ལོ་༡༤༧༤ལོར། རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ་བོད་རབ་བྱུང་བརྒྱད་པའི་ཤིང་རྟ་ལོར་སྐུ་གཤེགས།
    ཤིང་རྟ་སྤྱི་ལོ་༡༧༡༤ལོར། སྨིན་གླིང་ལོ་ཆེན་དྷརྨ་ཤྲིས་བོད་རབ་བྱུང་བཅུ་གཉིས་པའི་ཤིང་རྟ་ལོར་༼རྩིས་ཀྱི་བསྟན་བཅོས་ཉིན་བྱེད་སྣང་བ་མ་བུ་ཆ་ལག༽དང་།དེའི་༼རྣམ་འགྲེལ་གསེར་གྱི་ཤིང་རྟ༽  བརྩམས་ནས་སྨིན་གྲོལ་གླིང་གི་ལོ་ཐོ་ཐོག་མར་བཏོན།
    ཤིང་རྟ་སྤྱི་ལོ་༡༧༧༤ལོར། སི་ཏུ་ཆོས་ཀྱི་འབྱུང་གནས་སྐུ་གཤེགས། ཁོང་གིས་༡༧༥༤ལོར་སྡེ་དགེ་དཔལ་སྤུངས་དགོན་དུ་གནས་ལྔ་རིག་པའི་སློབ་གླིང་བཙུགས་ཤིང་། དེའི་ནང་དུ་གསོ་རིག་སྡེ་ཚན་བཙུགས་པར་བོད་ཁམས་ཡོངས་ལ་ཤར་དཔལ་སྤུངས་པའི་སྨན་གྲྭ་ཞེས་སྙན་གྲགས་རྒྱས་པ་བྱུང་།   
    ཤིང་རྟ་སྤྱི་ལོ༡༧༡༤ལོར། རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་གཉའ་ནང་བརྒྱུད་བོད་དུ་ཕེབས་ནས་གསང་སྟབས་ཀྱིས་དྭགས་པོར་ཡུན་རིང་བཞུགས་པས་ཡུལ་མི་རྣམས་ཀྱིས་དྭགས་པོ་ཞབས་དྲུང་ཟེར། 
    ཤིང་རྟ་སྤྱི་ལོ༡༩༥༤ལོར། རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་བསྟན་འཛིན་རྒྱ་མཚོ་དགུང་གྲངས་༢༠ཐོག་པེ་ཅིན་དུ་ཕེབས་ནས་མའོ་ཙེ་ཏུང་དང་། ཀྲོའུ་ཨན་ལའེ་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་རྣམས་དང་མཇལ་འཕྲད་གནང་བ་དང་། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཨུ་ཡོན་ཀྲང་གཞོན་པའི་གོ་གནས་བཞེས། 

ལོ་གསར་དགའ་སྟོན།

  • 2013.gif
  • 2012.gif
  • 2011.gif
  • 2010.gif
  • 2009.gif