ཀྲུང་གོའི་བོད་ལྗོངས་དྲ་བ། > 2017ལོའི་སྐབས་བཅུ་དགུ་པའི་ཆེད་སྒྲིག > ཁྱད་དོན།

བོད་ལྗོངས་ཀྱི་དུས་སྐབས་གསར་པའི་མི་དམངས་བར་འདུམ་རྩ་འཛུགས་ཀྱི་དྲ་བའི་མ་ལག་རགས་ཙམ་ཆགས་ཟིན་པ།

མཁའ་མཚོ་སྐྱིད།    发布时间: 2017-10-11 09:15:00    来源: བོད་ལྗོངས་འཕྲིན་དྲ།
          ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་བོད་ལྗོངས་ནས་མི་དམངས་ཀྱི་བར་འདུམ་འགན་ནུས་དང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་བརྒྱུད།  བང་རིམ་མང་བ་དང་ཁྱབ་ཁོངས་ཆེ་བ།  ཅུང་ཚད་དང་ལྡན་པ་བཅས་ཀྱི་དུས་སྐབས་གསར་པའི་མི་དམངས་བར་འདུམ་རྩ་འཛུགས་དྲ་བའི་མ་ལག་རགས་ཙམ་ཞིག་ཆགས་ཟིན་པ་རེད། 
          མི་དམངས་བར་འདུམ་རྩ་འཛུགས་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས་ཤང་གྲོང་རྡལ་དང་ཁྲོམ་གཞུང་།  གྲོང་ཚོ་དང་སྡེ་ཁུལ་གྱི་མི་དམངས་བར་འདུམ་ཨུ་ཡོན་ལྷན་ཁང་རྒྱུན་ཆད་མེད་པར་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་སྟེ།  ལས་རིགས་རང་བཞིན་དང་ཆེད་ལས་རང་བཞིན་གྱི་མི་དམངས་བར་འདུམ་རྩ་འཛུགས་འཛུགས་སྐྱོང་ཧུར་ཐག་བྱས་ནས་  ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱས་པ་དང་།  དེང་སྐབས་ལྗོངས་ཡོངས་སུ་རིམ་ཁག་རིགས་ཁག་གི་མི་དམངས་བར་འདུམ་རྩ་འཛུགས6385ཡོད་པ་དང་མི་དམངས་བར་འདུམ་བ39195ཡོད། 
          མི་དམངས་བར་འདུམ་རྩ་འཛུགས་ཀྱི་དཔུང་ཁག་འཛུགས་སྐྱོང་ཁྲིམས་ལུགས་ཅན་དང་ཚད་ལྡན་ཅན་དུ་འགྱུར་བའི་འཕེལ་རིམ་ལ་སྐུལ་འདེད་ཧུར་ཐག་བཏང་པ་དང་།  དེང་སྐབས་རང་ལྗོངས་ཀྱི་མི་དམངས་བར་འདུམ་གྱི་མཚོན་བྱང་དང་ཐམ་ཀ  མཚོན་རྟགས།  ཡིག་ཁུག  ལས་ཐོ།  ཡིག་ཆ་སོགས་སྤྱིར་ན་ཚད་ལྡན་ཅན་དུ་སྐྲུན་རྒྱུའི་བླང་བྱ་དང་འཚམ་པོ་ཡོད།  རིམ་ཁག་མི་དམངས་བར་འདུམ་རྩ་འཛུགས་ཀྱིས་འགལ་ཟླ་དང་རྩོད་གཞི་གཞི་རིམ་དུ་སེལ་ཐུབ་པ་བྱས་པ་དང་།  ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་རིམ་ཁག་རིགས་ཁག་གི་མི་དམངས་བར་འདུམ་རྩ་འཛུགས་ཀྱིས།  འགལ་ཟླ་དང་རྩོད་གཞི་ཐེངས12634ཞིབ་བཤེར་བྱས་ནས་འགལ་ཟླ་དང་རྩོད་གཞི1072ཐོན་རྒྱུ་སྔོན་འགོག་བྱས་པ་དང་།  རིགས་ཁག་གི་འགལ་ཟླ་དང་རྩོད་གཞིའི་གྱོད་གཞི23760བར་འདུམ་བྱས་པ་དང་གྱོད་གཞི21623བར་འདུམ་ལེགས་གྲུབ་བྱུང་ནས།  བར་འདུམ་ལེགས་གྲུབ་བྱུང་ཚད91%ཟིན་པ་རེད།  །
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716