ཀྲུང་གོའི་བོད་ལྗོངས་དྲ་བ། > 2017ལོའི་སྐབས་བཅུ་དགུ་པའི་ཆེད་སྒྲིག > ཁྱད་དོན།

བོད་རང་སྐྱོང་ལྗོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞུགས་མཁན་འཐུས་མིར་དགའ་སྐྱེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

རྡོ་རྗེ།    发布时间: 2017-10-16 15:34:00    来源: ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
ཏིང་ཡེ་ཤན་གྱིས་གསུང་བཤད་གནང་བ་དང་ཀྲོང་ཡན་ཕེབས་པ།
          ཚེས་13ཉིན་གྱི་ཕྱི་དྲོ་རང་ལྗོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞུགས་མཁན་འཐུས་མིར་དགའ་སྐྱེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ཚོགས་འདུར་ཕེབས་ཡོད་པ་རེད། 
          ཏིང་ཡེ་ཤན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་ནི་རང་རྒྱལ་འདི་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་འགག་རྩའི་དུས་སྐབས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་ཆེན་ཞིག་ཡིན་པས་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྔ་འཛིན་ཕྱི་གཏོད་དང་འབྲེལ་བ་ཡོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཡོད་པ། ཆེས་རྒྱ་ཆེའི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་དང་འབྲེལ་བ་ཡོད་པ་བཅས་རེད། འཐུས་མི་ཁག་གིས་ངེས་པར་དུ་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོ་འཛུགས་པ་དང་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་བསམ་བློ་དང་བྱ་སྤྱོད་དེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་དང་ལྗོངས་ཏང་ཨུད་ཀྱི་ཞིབ་ཕྲའི་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱས་ཏེ་ཏང་དང་། རྒྱལ་ཁབ། མི་དམངས་བཅས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་དབང་ཆ་ཡག་པོ་སྤྱོད་པ་དང་། འགན་འཁྲི་ཡག་པོ་སྒྲུབ་པ། ནུས་པ་ཡག་པོ་འདོན་པ་བཅས་བྱས་ཏེ་བློ་རྩེ་གཅིག་སྒྲིམ་ངང་ད་ཐེངས་ཀྱི་ཚོགས་འདུ་གཟབ་རྒྱས་དེ་ཡག་པོ་འཚོགས་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད། 
          ཏིང་ཡེ་ཤན་གྱིས་འཐུས་མི་ཁག་གིས་ངེས་པར་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཡིན་པའི་གཟི་བརྗིད་ཐོབ་ཐང་ལ་གཅེས་སྤྲས་ལྡབ་བརྒྱ་བྱས་ནས་བླ་ན་མ་མཆིས་པའི་འགན་འཁྲི་དང་ལས་འགན་ལྕི་པོ་ཏན་ཏིག་འཁུར་ཏེ་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ཡོངས་ཀྱི་ཡིད་ཆེས་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་སྤྲོ་སེམས་ཀྱིས་ཁེངས་ཤིང་བསམ་པའི་ཉམས་འགྱུར་བཟང་པོའི་ཐོག་ནས་དམངས་གཙོའི་དབང་ཆ་ཡང་དག་ངང་སྤྱོད་པ་དང་། འཐུས་མིའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་སྒྲུབ་པ། བློ་གྲོས་ལྡན་པའི་གྲོས་འགོ་མང་ཙམ་འདོན་པ། དངོས་སྒྲུབ་ཀྱི་ཇུས་མང་ཙམ་བཏོན་ནས་ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་ཆེད་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་བ་རེད། 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716