ཀྲུང་གོའི་བོད་ལྗོངས་དྲ་བ། > 2017ལོའི་སྐབས་བཅུ་དགུ་པའི་ཆེད་སྒྲིག > ཁྱད་དོན།

བློ་བཟང་རྒྱལ་མཚན་གྱིས་བོད་ཀྱི་འཐུས་མི་ཚོགས་པའི་ནང་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ལ་གྲོས་བསྡུར་གནང་སྐབས།ཤུགས་ཆེའི་བསམ་པའི་སྟོབས་ཤུགས་དེ་དོན་དངོས་ཀྱི་དངོས་པོའི་སྟོབས་ཤུགས་སུ་འགྱུར་བ་བྱས་ཏེ་སྤྱི་ཚོཌ་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ།

ཉི་ཆོས་ཀྱིས་བསྒྲིགས།    发布时间: 2017-10-23 10:14:00    来源: ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
              ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་འཐུས་མི་བློ་བཟང་རྒྱལ་མཚན་གྱིས་བོད་ཀྱི་འཐུས་མི་ཚོགས་པའི་ནང་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ལ་གྲོས་བསྡུར་གནང་སྐབས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་བྱེད་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་ཤུགས་ཆེའི་བསམ་པའི་སྟོབས་ཤུགས་དེ་དོན་དངོས་ཀྱི་དངོས་པོའི་སྟོབས་ཤུགས་སུ་འགྱུར་བ་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཞི་མཐུན། ཤེས་དཔལ། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད། 
              བློ་བཟང་རྒྱལ་མཚན་གྱིས་གསུངས་དོན། བློ་མཐུན་ཞི་ཅིན་ཕིང་གིས་གནང་བའི་སྙན་ཞུའི་ནང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཙོ་རྐང་དེར་དམ་པོར་དམིགས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ལུགས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ལུགས་ལ་ཚད་མཐོ་ཞིང་ཚིག་ཉུང་དོན་གསལ་ངང་ཕྱོགས་སྡོམ་དང་། རང་རེའི་ཏང་གནས་སའི་ལོ་རྒྱུས་ཀྱི་ངེས་གནས་གསར་པ་དང་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་གནད་འཁེལ་ངང་ཁོང་དུ་ཆུད་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་རིགས་པའི་གཞུང་ལུགས་ཚན་རིག་དང་མཐུན་ཞིང་ཆ་ཚང་བའི་ངང་སྙིང་བསྡུས། སླད་ཕྱིན་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་དང་ཁ་ཕྱོགས་བརྒྱུད་རིམ་ལྡན་ཞིང་ཁ་གསལ་ངང་གསལ་སྟོན་བཅས་གནང་ཡོད་པས་དེ་ཉན་རྗེས་མི་རྣམས་ངར་ཤུགས་འཕེལ་བ་དང་སེམས་འགུལ་ཐེབས་པ་ཞིག་འདུག་པས་རྦད་དེ་མོས་མཐུན་ཡོད་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན། 
              བློ་བཟང་རྒྱལ་མཚན་གྱིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་སྣེ་ཁྲིད་དེ་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་དང་། རླུང་བརྟེན་རླབས་གཤག་གིས་དཀའ་ངལ་གཙང་སེལ་བྱས་པས་དཀའ་ངལ་དང་ཉེན་ཁ་མང་དག་ལས་རྣམ་པར་རྒྱལ་བ་དང་། དཀའ་གནད་མང་དག་ཐག་གཅོད་ཐུབ་པ། དོན་ཆེན་མང་དག་སྒྲུབ་ཐུབ་པ་བཅས་བྱུང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་རྒྱུར་སྣེ་ཁྲིད་ཐུབ་ཡོད། ལོ་ལྔའི་རིང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་འཕེལ་རྒྱས་ནི་ལས་འགན་ཨང་དང་པོ་ཡིན་པ་དང་། བརྟན་ལྷིང་ནི་འགན་འཁྲི་ཨང་དང་པོ་ཡིན་པ། དམངས་འཚོ་ནི་སྟོན་ཕྱོགས་ཨང་དང་པོ་ཡིན་པ། སྣོད་བཅུད་ནི་དམར་ཐིག་ཨང་དང་པོ་ཡིན་པ་བཅས་མཐའ་འཁྱོངས་བྱས་ནས་སེམས་ནུས་གཅིག་སྒྲིལ་དང་སྒྱུར་བཅོས་གསར་གཏོད་བྱས་ཐོག་བྱ་གཞག་ཁག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་བཏང་ཡོད། གྲུབ་འབྲས་དེ་དག་ནི་རླབས་ཆེན་གྱི་ཏང་དང་། རླབས་ཆེན་གྱི་མེས་རྒྱལ། རླབས་ཆེན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཅས་ལ་བརྟེན་ནས་ཐོབ་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་འདི་ཡོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཡང་དག་མཛུབ་ཁྲིད་ཡོད་པ་ལས་ཐོབ་པ་ཞིག་ཡིན། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སེམས་གཏིང་ནས་མཚོ་ལྟར་ཟབ་པའི་ཏང་གི་བཀའ་དྲིན་མ་བརྗེད་པ་དང་སེམས་གཏིང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་རླབས་ཆེན་གྱི་སྲོག་ཤིང་དེར་བརྩི་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་བྱེད་ཀྱི་ཡོད། 
              བློ་བཟང་རྒྱལ་མཚན་གྱིས་རླབས་ཆེན་གྱི་དུས་རབས་ཀྱིས་རླབས་ཆེན་གྱི་རིགས་པའི་གཞུང་ལུགས་རེ་འབོད་བྱེད་ཀྱི་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་རླབས་ཆེན་གྱི་འཐབ་རྩོད་ལག་ལེན་གསར་པའི་ནང་ཐོན་པ་ཞིག་ཡིན་པ་དང་དེས་དུས་རབས་21པའི་མར་ཁེ་སི་རིང་ལུགས་ཀྱི་གནས་ཚད་གསར་པ་བཏོད་ཡོད། དེ་ནི་ཡང་དག་ཁ་ཕྱོགས་སྟངས་འཛིན་བྱེད་པའི་རྩ་བའི་གཞི་འཛིན་ས་ཞིག་དང་། དངོས་ཡོད་གནད་དོན་ཐག་གཅོད་བྱེད་པའི་མཚོན་ཆ་རྣོན་པོ་ཞིག ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གཞི་རྩའི་ཕྱོགས་སྟོན་ཞིག རང་རེའི་ཏང་གིས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་དགོངས་པ་ཞིག་བཅས་ཡིན། ང་ཚོས་ངེས་པར་དུ་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བྱེད་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་སེམས་ནང་ཏང་ཡོད་པ་དང་། སེམས་ནང་མི་དམངས་ཡོད་པ། སེམས་ནང་འགན་འཁྲི་ཡོད་པ། སེམས་ནང་སྒྲིག་ཁྲིམས་ཡོད་པ་བཅས་བྱས་ནས་ཆབ་སྲིད་ཀྱི་ཚུགས་ཤུགས་དང། ཀུན་སྤྱོད་ཀྱི་ཚུགས་ཤུགས། རུལ་འགོག་གྱི་ཚུགས་ཤུགས་བཅས་ཆེ་རུ་གཏོང་བ་དང་། སྒྱུར་འཕེལ་བརྟན་གསུམ་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ནུས་ཤུགས་ཡོད་རྒུས་ཡག་པོ་རྒྱག་པ། མི་རིགས་ཁག་གི་མང་ཚོགས་ལྟ་རེས་སྐྱོང་རེས་དང་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་སྐྲུན་པ། མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བྱེད་པ་བཅས་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་རྦད་དེ་ལྷག་བསམ་རྣམ་དག་བྱེད་ལུགས་མཚོན་པར་བྱེད་དགོས་ཞེས་གསུངས་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716