ཀྲུང་གོའི་བོད་ལྗོངས་དྲ་བ། > 2017ལོའི་སྐབས་བཅུ་དགུ་པའི་ཆེད་སྒྲིག > ཁྱད་དོན།

བོད་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་སློབ་སྦྱོང་ནན་ཏན་བྱེད་པ།

   发布时间: 2017-10-24 20:10:00    来源: ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
          བློ་མཐུན་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ནང་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཏང་གི་སྲིད་སྐྱོང་ནུས་པ་དང་འགོ་ཁྲིད་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བར་བརྟེན་བོད་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འདི་ཉིད་དུས་རབས་གསར་པར་སླེབས་པས་རང་རེའི་ཏང་ལའང་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་ཡོད་དགོས། ངེས་པར་དུ་ཕུགས་བསམ་གྱི་དད་སེམས་བརྟན་དུ་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལ་བརྩི་སྲུང་ནན་པོ་ཞུ་བ། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”རང་རྟོགས་ངང་ལག་ལེན་བསྟར་བ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་སྒོ་ནས་ཕྱར་བ་གྲུ་འདེགས་ངང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འོད་ཟེར་ལྡན་པའི་ཕྱོགས་སུ་མདུན་སྐྱོད་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད། 
          རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཝང་ཅུན་གྱིས་ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་ཚོས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེ་ཤོས་སུ་བརྩིས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་སེམས་ལ་བརྟན་པོར་བཅངས་ནས་ཏང་གི་སྒྲིག་ཡིག་རྩ་བའི་གཞི་འཛིན་སར་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་ནན་དུ་གཏོང་བ། ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། ཏང་ནང་ཁུལ་གྱི་ཆབ་སྲིད་སྣོད་བཅུད་དྭངས་གཙང་ཡོང་བ་བྱེད་པ། ཚུལ་མིན་སྤྱོད་ཚུལ་སྣ་ཚོགས་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ། ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་ཐོག་ནས་རུལ་སུངས་ལ་ཆད་པ་ནན་པོ་གཅོད་པ། ཏང་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེས། རང་ངོས་མཐོར་གཏོང་བཅས་ཡོང་བའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་བཅས་ཀྱི་སྒོ་ནས་བོད་ཀྱི་བྱ་གཞག་ཁག་སྐྱོན་བྲལ་གོང་འཕེལ་ཡོང་ཆེད་སྲ་ཞིང་བརྟན་པའི་སྒྲིག་ཁྲིམས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས་ཞེས་གསུངས་པ་རེད།
          ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ནང་སྐོར་གཟིགས་སྐོར་བཤེར་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་སྐོར་གཟིགས་གཞུང་ལས་ཁང་གི་ཀྲུའུ་རེན་མཱ་ཡུས་ཁུའེ་ཡིས་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས་གསར་དུ་བཟོ་བཅོས་བརྒྱབ་པའི་སྐོར་གཟིགས་ལས་དོན་གྱི་སྲོལ་ཡིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་གོང་མཐོར་གཏོང་བ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་དུ་གཏོང་བ། ཆབ་སྲིད་ཀྱི་ངེས་གནས་ཡང་དག་འཚོལ་བ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་རྒྱུར་ཤུགས་སྣོན་རྒྱག་པ། དམིགས་ཚད་དང་ལས་འགན་སྒྲུབ་རྒྱུར་གཡོ་འགུལ་གཏན་ནས་མི་གཏོང་བ། ཆབ་སྲིད་ཀྱི་སྐོར་གཟིགས་བླང་བྱ་ཕྱི་ཚུལ་དུ་མི་འགྱུར་བ་བྱེད་པ། ཏང་ནང་ཁུལ་གྱི་ལྟ་སྐུལ་འགན་འཁྲི་ལག་བསྟར་བྱ་རྒྱུར་ལྷོད་གཡེང་མི་གཏོང་བ། སྐོར་གཟིགས་ལས་དོན་གྱི་བྱ་ཐབས་དང་བྱེད་ཐབས་གསར་གཏོད་བྱེད་པ། སྐོར་གཟིགས་སྐོར་བཤེར་གོང་འོག་མཉམ་འགུལ་གྱི་ལྟ་སྐུལ་དྲ་རྒྱ་ཧུར་ཐག་བསྐྲུན་པ། སྐོར་གཟིགས་ལས་དོན་གཏིང་ཟབ་ཕྱོགས་སུ་གོང་འཕེལ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་སྒྱུར་བཅོས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་མགྱོགས་པོ་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཕུལ་དགོས་ཞེས་གསུངས་པ་རེད། 
          རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གིས་ཉིན་ཤས་གོང་སློབ་སྦྱོང་ཚོགས་འདུ་ཁག་སོ་སོར་སྒྲིག་འཛུགས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་དགོངས་དོན་ཆེད་མངགས་སློབ་སྦྱོང་བྱས་པ་རེད། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་དམིགས་ཏེ་ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་བ། ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་གནས་བབ་ཨང་དང་པོར་འཇོག་པ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”རྒྱུན་གཏན་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་སྒོ་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད། 
          ཆབ་མདོ་གྲོང་ཨུད་རྩ་འཛུགས་པུའི་ལས་བྱེད་པ་ཀྲའོ་ཧུང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་སློབ་སྦྱོང་ནན་ཏན་བྱས་རྗེས“ང་ཚོས་ཐོག་མཐའ་བར་གསུམ་དུ་མི་སྣ་འདེམས་སྤྱོད་ཀྱི་ཚད་གཞི་ཡང་དག་མཐའ་འཁྱོངས་བྱས་ནས་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་སྣོད་བཅུད་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས། རྩ་འཛུགས་ལས་དོན་གྱི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ང་ཚོས་ངེས་པར་དུ་བཅའ་ཁྲིམས་དང་གཏན་འབེབས་བཞིན་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པ་དང་ཚད་གཞི་གཏོད་པ་དང་མིག་དཔེ་ཡག་པོ་བསྟན་ཏེ་ཆབ་མདོའི་གཞི་རིམ་ཏང་འཛུགས་སྐྱོང་དང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་དང་དེ་བཞིན་བྱ་གཞག་ཁག་གི་འཕེལ་རྒྱས་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་བརྗོད་པ་རེད། 
          ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ནང་རུལ་རྒོལ་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཧ་ཅང་རྙོག་འཛིང་ཆེན་པོ་ཡོད་པས་མཐའ་དག་ལས་རྣམ་པར་རྒྱལ་བའི་རྣམ་པ་སྲ་བརྟན་དུ་གཏོང་བ་དང་མཐའ་དག་ལས་རྣམ་པར་རྒྱལ་བའི་རྒྱལ་ཁ་ལེན་པའི་ཆོད་སེམས་ངེས་པར་དུ་རྡོ་རྗེ་བྲག་ལྟར་བརྟན་པོ་དགོས་པའི་ནན་བཤད་གནང་བར་བརྟེན་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྒྲིག་ཨུད་ཀྱི་སྒྲིག་བཤེར་ལྟ་ཞིབ་པ་ཀྲང་ཐའོ་ཡིས་གཞི་རིམ་གྱི་འཐབ་ས་དང་པོའི་སྒྲིག་བཤེར་ལས་དོན་པ་ཞིག་ཡིན་པའི་ངོས་ནས་ང་ཚོས་ངེས་པར་དུ་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ནང་གི་རུལ་རྒོལ་འཐབ་རྩོད་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གོ་སྐབས་སུ་བྱས་ནས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་བྱས་ཏེ་ལས་སྒོའི་ཆུ་ཚད་དང་སྒྲིག་ཁྲིམས་ལག་བསྟར་གྱི་འཇོན་ཐང་ཆེ་རུ་ཧུར་ཐག་བཏང་ནས་རང་ངོས་ཀྱི་བསམ་བློ་འཛུགས་སྐྱོང་དང་། ཆབ་སྲིད་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་བཅས་ལ་དམ་འཛིན་ཏན་ཏིག་བྱེད་དགོས་པ་དང་། འགན་འཁྲི་འཁུར་ཕོད་པའི་སྒོ་ནས་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་རྩད་གཅོད་བྱ་རྒྱུ་སྔོན་འཇོག་ངང་གཞི་རིམ་དང་མང་ཚོགས་ཀྱི་ཉེ་འགྲམ་དུ་ཐོན་པའི་རྣམ་འགྱུར་ངན་པ་བསྟན་པ་དང་། བཟའ་འཁྱེར་བཀག་ལེན། དམངས་དང་ཁེ་ཕན་རྩོད་པ། མི་སེར་ལ་བཙན་པོ་དབང་ཡོད་གཏོང་བ་སོགས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས་བྲག་ཡིབ་ཆུས་ཀྱི་རུལ་རྒོལ་གཙང་སྤེལ་འཛུགས་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་རང་ཉིད་ཀྱིས་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད། 
          གཞིས་རྩེ་སྐྱིད་རོང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་ཏང་ཨུད་ཀྱི་ཧྲུའུ་ཅི་དགྲ་འདུལ་གྱིས“སྙན་སྒྲོན་ནང་བསྟན་དོན། རང་ངོས་ལ་གསར་བརྗེས་བྱེད་ཕོད་པ་དང་ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་རྒྱུ་ནི་རང་རེའི་ཏང་གི་ཆེས་མངོན་གསལ་དོད་པའི་གཤིས་རྒྱུད་ཡིན། ང་ཚོས་ལས་དོན་མཐའ་དག་ལ་ཏང་གིས་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པའི་ཐོག་ནས་འགན་འཁྲི་འཁུར་སེམས་དང་དགོས་གཏུགས་ཀྱི་བསམ་པ་སྔར་བས་ཆེན་པོར་བརྟེན་ནས་བསམ་བློའི་ངོས་འཛིན་ཟབ་ཏུ་གཏོང་བ་དང་། ལས་ཀའི་དམིགས་ཚད་གསལ་པོ་བཟོ་བ། ལས་ཀའི་བསམ་ཕྱོགས་གསེད་བཀྲོལ་བྱེད་པ། ལས་ཀའི་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་སྒོ་ནས་དུས་རབས་གསར་པར་ཕྱོགས་པ་དང་ལས་འགན་གསར་པ་འཁུར་ཕོད་པའི་ངང་སེམས་ནུས་ཡོད་ཚད་མཐའ་མཚམས་ཀྱི་འགག་སྒོ་སྲུང་སྐྱོང་ལས་དོན་ནང་བཏོན་ཏེ་ཞི་མཐུན་གྱི་མཐའ་མཚམས་བསྐྲུན་ཕྱིར་འབད་འཐབ་ལྷོད་མེད་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད། 
          ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ཡོན་ལྷ་སའི་གྲོང་མི་བཀྲ་ཤིས་ཀྱིས་གསར་འགོད་པར“ལོ་འདི་དག་རིང་སྤྱི་ཚོགས་ཀྱི་ཁོར་ཡུག་སྔོན་མ་ལས་ལེགས་སུ་ཆེན་པོ་ཕྱིན་པ་མ་ཟད། ལས་ཁུངས་སུ་བྱ་བ་སྒྲུབ་པར་འགྲོ་སྐབས་ལས་ཕྱོད་ཆེ་རུ་ཆེན་པོ་ཕྱིན་པ། ཞབས་ཞུའང་ལེགས་སུ་ཕྱིན་པ་ང་ལ་ཚོར་སྣང་ཟབ་མོ་བྱུང་། ཏང་དང་སྲིད་གཞུང་གིས་ཏང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ལ་མུ་མཐུད་དམ་འཛིན་ཡག་པོ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཏང་ཡོན་དཀྱུས་མ་ཞིག་ཡིན་པའི་ངོས་ནས་ངས་ཀྱང་རང་ཉིད་ལ་རེ་བ་ནན་པོ་བཏོན་ནས་རང་ངོས་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱ་རྒྱུ་ཡིན”ཞེས་བརྗོད་བྱུང་། 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716