ཀྲུང་གོའི་བོད་ལྗོངས་དྲ་བ། > 2017ལོའི་སྐབས་བཅུ་དགུ་པའི་ཆེད་སྒྲིག > གལ་ཆེན།

ཚོགས་ཆེན་བཅུ་དགུ་པའི་འཐུས་མི་བོད་ལྗོངས་ས་གཤིས་རྩད་ཞིབ་ཅུས་ས་གཤིས་རུ་ཆེན་དྲུག་པའི་ལས་གྲྭ་རྩད་ཞིབ་པུའི་ཅིང་ལི་གཞོན་པ་བྱམས་པ་བཀྲ་ཤིས་ཀྱི་སྐོར་བཀོད་པ།

ཆོས་སྒྲོན།    发布时间: 2017-10-09 15:07:00    来源: ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
ནམ་ཡང་འཕྲུལ་ཆས་ལས་སྟེགས་ཐོག་གི་གཅུས་གཟེར་ཞིག་བྱེད་པ།
          རྩོམ་སྒྲིག་པའི་སྦྲགས་མཆན།
          ཏང་གི་སྒྲིག་ཡིག་གི་གཏན་འབེབས་དང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། རྒྱལ་ཡོངས་ཀྱི་འདེམས་བསྐོ་ཚན་པ་40ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་2287བདམས་ཐོན་བྱུང་ཡོད། ཁོང་ཚོས་ཏང་ཡོངས་ཀྱི་མངགས་བཅོལ་དང་བླ་ན་མེད་པའི་འོས་འགན་ཁུར་ཏེ་གཟི་བརྗིད་ལྡན་པའི་ངང་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་ཞུགས་རྒྱུ་རེད། འདི་ག་ཚགས་པར་གྱིས་དེ་རིང་ནས་བཟུང“ཚོགས་ཆེན་བཅུ་དགུ་པའི་འཐུས་མིའི་ཉམས་འགྱུར”ཞེས་པའི་ལེ་ཚན་བཏོད་དེ་ཐོན་སྐྱེད་དང་ལས་ཀའི་འཐབ་ཕྱོགས་དང་པོའི་ཏང་ཡོན་འཐུས་མིའི་སྔོན་ཐོན་དཔེ་བཟང་བྱས་རྗེས་གཙོ་གནད་ཐོག་ངོ་སྤྲོད་བྱས་ནས་ཁོང་ཚོའི་ཕུལ་དུ་བྱུང་བའི་སྤྱོད་ཚུལ་དང་བསམ་པའི་ཉམས་འགྱུར་སློབ་སྦྱོང་དང་དར་སྤེལ་གཏོང་རྒྱུ་ཡིན།
          གསོར་འབིགས་བཟོ་པ་དཀྱུས་མ་ཞིག་ནས་འཕྲུལ་ཆས་ལས་སྟེགས་ཐོག་གི“རིགས་གཅིག་མཁས་ཅན་རྒན་གྲས”བར་དང་རི་ཐང་དུ་ས་གཤིས་རྩད་ཞིབ་འཐབ་ཕྱོགས་སུ་གཞི་ཚུགས་ནས་ལོ་26སོང་རིང་། ཁོང་གིས་ཐོག་མའི་བསམ་འདུན་མ་བརྗེད་པར་དཔའ་ངར་ཆེན་པོས་རྩེ་མོར་འཛེགས་པ་དང་གསོར་འབིགས་རྩད་ཞིབ་ལག་རྩལ་ཐད་ཀྱི་དཀའ་ངལ་མང་པོ་ཁྱད་དུ་བསད་དེ་ལས་གྲྭ་རྩད་ཞིབ་པུའི་སྣེ་འཁྲིད་ནས་ས་གཤིས་རྩད་ཞིབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཕན་འབྲས་ལོ་མང་བསྟུད་མར་ཡག་པོ་བྱུང་ཡོད། ཁོང་ནི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་བོད་ལྗོངས་ས་གཤིས་རྩད་ཞིབ་ཅུས་ས་གཤིས་རུ་ཆེན་དྲུག་པའི་ལས་གྲྭ་རྩད་ཞིབ་པུའི་ཅིང་ལི་གཞོན་པ་དང་གསོར་འབིགས་རྩད་ཞིབ་ཀྱི་མཐོ་རིམ་ལག་རྩལ་པ་བྱམས་པ་བཀྲ་ཤིས་རེད།
          ཏང་ལོ་10ལ་སླེབས་པའི་ཏང་ཡོན་ཞིག་ཡིན་པའི་ཁོང་གིས་རྩ་འཛུགས་ཀྱི་སེམས་ཁུར་འོག“ཏང་ཡོན་ནི་དར་ཆ་ཞིག་དང་། ཏང་ཡོན་ནི་མེ་ལོང་ཞིག་ཡིན་པའི”བླང་བྱ་སྔ་ཕྱི་བར་གསུམ་དུ་སེམས་ནང་བཅངས་ཏེ་ཆབ་སྲིད་ལ་སྣང་ཆེན་དང་། སྤྱི་ཡོངས་ལ་ལྟ་རྟོག སྒྲིག་ཁྲིམས་སྲུང་བ་བཅས་བྱེད་པ་དང་། རང་དོན་རྒྱབ་སྐྱུར་གྱིས་ལེགས་སྐྱེས་ཕུལ་ནས་ལྷག་བསམ་ཟོལ་མེད་ཀྱི་བསམ་པ་མཚོན་པར་བྱེད་པ།བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ནང་ཞུགས་པའི་དམ་བཅའི་ཚིག་ལག་ལེན་བསྟར་ཏེ་དུས་དང་རྣམ་པ་ཀུན་ཏུ་ཏང་ཡོན་གྱི་སྔོན་ཐོན་རང་བཞིན་དང་སྤྱོད་གཙང་རང་བཞིན་རྒྱུན་འཁྱོངས་བྱས་ཡོད།
          བྱམས་པ་བཀྲ་ཤིས་ཀྱིས་ལོ་26རིང་སྔ་རྗེས་སུ་བོད་ལྗོངས་ཆབ་མདོ་ཡུས་ལུང་ཟངས་གཏེར་གྱི་མཉམ་འཐབ་ཆེན་པོ་དང་། བོད་ལྗོངས་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཟངས་གཏེར། བོད་ལྗོངས་ལྷོ་ཁ་ནོར་བུ་ས་ལྕགས་གཏེར། རྒྱལ་ཁབ་ནུས་རྒྱུ་འཐབ་ཇུས་གསོག་ཉར་བོད་བྱང་ཐང་ནུས་རྒྱུ་ཐོན་ཁུངས་ས་གཤིས་དཔྱད་ཞིབ་མཉམ་འཐབ་ཆེན་པོ་སོགས་ཀྱི་གསོར་འབིགས་རྩད་ཞིབ་རྣམ་གྲངས་20ལྷག་ཙམ་ནང་ཞུགས་ཡོད། ཁོང་གིས་ས་གཤིས་ཀྱི“གཟི་བརྗིད་གསུམ”གྱི་སྲོལ་རྒྱུན་རྒྱུན་འཛིན་གྱིས་དུས་ཡུན་རིང་པོ་ས་བབ་སྨི་5000ལྷག་ཙམ་ཡོད་པའི་གཏེར་ཁུལ་བརྟན་སྲུང་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ལག་ལེན་དང་དར་སྤེལ་བཏང་བ་རེད།
          2013ལོར་མེ་ཏོག་ཏུ་འཐི་གཏེར་ས་གཤིས་དཔྱད་ཞིབ་དང་གསོར་འབིགས་རྩད་ཞིབ་ལས་འགན་སྒྲུབ་སྐབས་ཁོང་གིས་རང་འགུལ་ངང་འགན་འཁྲི་ལྕི་པོ་ཁུར་ནས་དཀའ་ཚེགས་ཆེ་ཤོས་དང་ས་བབ་མཐོ་ཤོས་ཀྱི་མེ་ཏོག་གཏེར་ཁུལ་དུ་འགྲོ་རྒྱུའི་རེ་བ་བཏོན། གཏེར་ཁུལ་དུ་ཆར་པ་འབབ་རིམ་བཞིན་རླངས་འཁོར་འདམ་བག་ནང་འབྱིང་གི་ཡོད། ཐེངས་ཤིག་གཏེར་ཁུལ་གྱི་མི་མེད་ཁུལ་ཞིག་ཏུ་སྐྱོད་སྐབས་གློ་བུར་དུ་རླངས་འཁོར་འདམ་བག་ནང་བྱིང་། ཁོང་གིས་མི་སྣ་དང་དངོས་ཟོག་བདེ་འཇགས་ཡོང་བའི་ཆེད། མི་སྣ་ཡོངས་སྒྲིག་འཛུགས་བྱས་ཏེ་འདམ་བག་བསྔོགས་ནས་ཆུ་ཚོད་10ཙམ་འབད་འཐབ་བྱས་མཐར། མི་སྣ་དང་དངོས་ཟོག་ཡོངས་ལས་དོན་ཁུལ་དུ་བདེ་འཇགས་ངང་འབྱོར་ཡོད།
          2016ལོར་རུ་ཆེན་གྱི་བཀོད་སྒྲིག་གཞིར་བཟུང་། ཁོང་གིས་ཀྲུང་གོ་ས་གཤིས་དཔྱད་ཞིབ་ཅུས་ཁྲེང་ཏུའུ་ས་གཤིས་དཔྱད་ཞིབ་ལྟེ་གནས་ཀྱི་བོད་བྱང་ཐང་གི་ནུས་རྒྱུ་ཐོན་ཁུངས་ས་གཤིས་དཔྱད་ཞིབ་རྣམ་གྲངས་ཀྱི་ལས་འགན་ཆེན་པོ་དང་ལེན་བྱས། ལས་དོན་ཁག་བདེ་བླག་ངང་སྤེལ་ཐུབ་ཆེད། ཁོང་གིས་མཐུན་སྦྱོར་དང་དཀའ་ངལ་སྣ་ཚོགས་བསལ་ཏེ་ཉིན་མཚན་བལྟོས་མེད་ངང་འབད་འཐབ་བྱས་པ་རེད།
          ཡུན་རིང་བ་དང་ངལ་དུབ་ཆེ་དྲགས་པས་ཁོང་ལ་ནད་ཕོག་ཅིང་། ལོ་མང་རིང་ས་བབ་མཐོ་བའི་གཏེར་ཁུལ་དུ་ལས་ཀ་བྱས་རྐྱེན་ཁྲག་ཤེད་མཐོ་པོར་གྱུར་ནས་མིག་ཤེས་ཉམས་པ་དང་མགོ་ཡང་ཡང་ན་གི་ཡོད། གནས་ཚུལ་དེ་འདྲའི་འོག་ཁོང་གིས་སྨན་ཁང་དུ་ནད་སྡོད་སྨན་བཅོས་མ་བྱས་པར་སྨན་ཆུ་བླུགས་པ་དང་སྨན་བླངས་རྗེས་ལས་གནས་ཐོག་བསྐྱོད། ཁོང་གི་སྤྱིར་བཏང་གི་ལས་གནས་ལ་དགའ་ཞེན་དང་རང་དོན་རྒྱབ་བསྐྱུར་གྱི་སྙིང་སྟོབས་ལས་དུས་སྐབས་གསར་པའི་གུང་ཁྲན་ཏང་ཡོན་ཞིག་གི་བླ་ན་མེད་པའི་གཤིས་རྒྱུད་དང་དུས་སྐབས་གསར་པའི་ས་གཤིས་རྩད་ཞིབ་མི་སྣའི་བསམ་པའི་སྟོབས་ཤུགས་མངོན་ཡོད།
          ཏང་ཡོན་ཞིག་ཡིན་པའི་ངོས་ནས་བྱམས་པ་བཀྲ་ཤིས་ཀྱིས་ཕྱི་རོལ་དང་ཀྲི་པུའུ་རུའང་ཏང་གི་མཛད་ཕྱོགས་སྲིད་ཇུས་ཀྱི་སྒྲོག་འགྲེལ་བ་བྱས་ཏེ་ཏང་གི་གསུང་སྒྲ་དང་སྲིད་ཇུས་གཏེར་ཁུལ་མི་སེར་གྱི་ཞིང་གི་མུ་ཁ་དང་འཕྲུལ་ཆས་ལས་སྟེགས་སུ་ཁྱབ་པར་བྱས་ཡོད། ཁོང་གིས་རང་ཉིད་ལ་རེ་བ་ནན་མོ་བཏོན་ནས་ཏང་གི་རྩ་འཛུགས་བྱེད་སྒོའི་ནང་ཧུར་ཐག་ཞུགས་པ་དང་། ཏང་གཤིས་སྦྱོང་བརྡར་དང་རིགས་པའི་གཞུང་ལུགས་ཀྱི་གསོ་སྦྱོང་ལ་རང་རྟོགས་ངང་ཤུགས་སྣོན་བརྒྱབ་པ། ལས་གྲྭ་རྩད་ཞིབ་ཀྲི་པུའི་རྒྱ་ཆེའི་ཏང་ཡོན་གྱི་སྣེ་ཁྲིད་ནས་སྦྱོང་རིང་སྒྲུབ་པ་དང་། སྒྲུབ་རིང་སྦྱོང་བ། དཔེ་སྟོན་སྣེ་ཁྲིད། ལས་གྲྭ་རྩད་ཞིབ་ཀྲི་པུའུ་ལ་རམ་འདེགས་བཅས་བྱས་པས་ལོ་གསུམ་བསྟུད་མར་རུ་ཆེན་གྱི་སྔོན་ཐོན་ཏང་ཀྲི་པུའུ་ཡི་གཟི་བརྗིད་མཚན་སྙན་ཐོབ་ཡོད། ཁོང་གིས་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱས་ཏེ“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོར་ཆགས་པ་བྱས་ནས་དུས་དང་རྣམ་པ་ཀུན་ཏུ“བོད་རྒྱ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”མིག་དཔེ་བྱས་ཤིང་། ལོ་མང་པོའི་རིང་ལས་གྲྭ་རྩད་ཞིབ་པུའི་རྒྱ་རིགས་ལས་བྱེད་ལས་བཟོ་དང་ལྷན་དུ་མཉམ་རོགས་མཉམ་སློབ་མཉམ་རེས་ནང་མཛའ་བརྩེ་ཟབ་མོ་ཆགས་ཡོད།
          ཁོང་གིས་རྣམ་ཀུན“གུང་ཁྲན་ཏང་ཡོན་གྱིས་དཀའ་སྡུག་བཟོད་ཐུབ་པ་དང་ལེགས་སྐྱེས་འབུལ་སྤྲོ་ཚེ་གཞི་ནས་གུང་ཁྲན་ཏང་ཡོན་ཞེས་པའི་གཟི་བརྗིད་མཚན་སྙན་འདིར་ངོ་གནོང་མི་དགོས”ཞེས་བརྗོད། དེ་ལྟར་རང་ཉིད་ཀྱི་བྱ་སྤྱོད་ངོ་མར་བརྟེན་ནས་གུང་ཁྲན་ཏང་ཡོན་ཕུལ་བྱུང་གི་གཟི་བརྗིད་གཟུགས་བརྙན་བཏོད་པ་དང་། ལས་ཀའི་སྤྲོ་སེམས་ཆེན་པོར་བརྟེན་ནས་རང་ཉིད་ཀྱི་ཕུགས་བསམ་དད་སེམས་དེ་ལས་གནས་དཀྱུས་མའི་ཐོག་གཟི་བྱིན་འཕྲོ་བར་བྱས་ཡོད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716