ཀྲུང་གོའི་བོད་ལྗོངས་དྲ་བ། > 2017ལོའི་སྐབས་བཅུ་དགུ་པའི་ཆེད་སྒྲིག > སློབ་སྦྱོང་།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་ལགས། བོད་ལྗོངས་ཀྱི་རིག་རྩལ་ལས་དོན་པས་ཁྱེད་རང་ལ་ལེགས་སྐྱེས་འབུལ།

པད་མས་བསྒྱུར།    发布时间: 2017-10-17 17:19:00    来源: ཀྲུང་གོའི་བོད་ལྗོངས་དྲ་བ།
          ཀྲུང་གོའི་བོད་ལྗོངས་དྲ་བ་ནས་གནས་ཚུལ་སྤེལ་གསལ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་མི་འགྱངས་པར་འཚོག་ཉེར་ཡོད་པའི་སྐབས་སུ། བོད་ལྗོངས་ཀྱི་རྒྱ་ཆེའི་རིག་རྩལ་གྱི་ལས་སྒྲུབ་མཁན་གྱིས་བློ་གཅིག་སེམས་གཅིག་གིས་ཏང་གི་རྗེས་སུ་འབྲང་བ་དང་། བློ་སེམས་གཅིག་མཐུན་ངང་ནས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཡིད་ཆེས་དང་ཆོད་སེམས་མཚོན་ཆེད་དང་། བོད་ལྗོངས་ཀྱི་རིགས་སོ་སོའི་ལས་རིགས་ཁག་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པར་བཅངས་པའི་རེ་སྒུག་ཆེན་པོ་དེ་མཚོན་ཆེད། ཟླ་10པའི་ཚེས་13ཉིན་། བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་“ ཏང་གི་འོད་ཟེར་ང་ཡི་སེམས་སུ་འཕྲོས—— ཏང་གི་ཚོགས་ཆེན་བཅུ་དགུ་པའི་བོད་ལྗོངས་ཀྱི་དེང་རབས་མཛེས་རྩལ་ཡིག་གཟུགས་བརྩམས་ཆོས་འགྲེམས་སྟོན”དེ་བོད་ལྗོངས་གཡག་རྟེན་མཛོད་ཁང་དུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད།

འགོ་ཚུགས་མཛད་སྒོར་ཕེབས་པའི་འགོ་ཁྲིད་ཀྱིས་འགྲེམས་སྟོན་གྱི་ཡོལ་བ་ཕྱེས།
          འགྲེམས་སྟོན་དུ་བོད་དང་རྒྱའི་ཡིག་རིགས་བཅའ་ཁྲིམས་བརྩམས་ཆོས་200ལྷག་ཙམ་དང་། མཛེས་རྩལ་བརྩམས་ཆོས་82ལྷག་བསྡུས་ཡོད་ཅིང་། དཔྱད་འདེམས་ཨུ་ལྷན་གྱིས་ཞིབ་དཔྱད་ནན་ཏན་བྱས་པ་བརྒྱུད། མཇུག་མཐར་མཛེས་རྩལ་བརྩམས་ཆོས་45ལྷག་ཙམ་དང་། བོད་དང་རྒྱ་ཡིག་གིས་བྲིས་པའི་བརྩམས་ཆོས་81ལྷག་མཐའ་དཔྱད་འདེམས་སུ་བདམས་ཐོན་བྱུང་ཡོད། ཐེངས་འདིའི་འགྲེམས་སྟོན་གྱི་བརྩམས་ཆོས་སུ་རས་བྲིས་གར་ཚོན་དང་། ཀྲུང་གོའི་སྲོལ་རྒྱུན་རི་མོ། སྣུམ་ཚོན་རི་མོ། ཐང་ག་གསར་བཞེངས་སོགས་ཀྱི་མཛེས་རྩལ་བརྩམས་ཆོས་ཡོད་པར་མ་ཟད། འཁྱོག་བྲིས་དང་། ཐམ་ག་རྐོ་བ། འབྲུ་ཚ། གཟབ་མ། གཤར་མ། འཁྱུག་ཡིག་སོགས་རྒྱ་ཡིག་གི་ཡིག་གཟུགས་བརྩམས་ཆོས་ཡོད་པར་མ་ཟད། ད་རུང་འབྲུ་ཚ་དང་། ཚིག་ཐུང་།  དབུ་ཅན། འཁྱུག་ཡིག འགྲོ་མགོན་ཆོས་རྒྱལ་འཕགས་པ་སོགས་བོད་ཡིག་གི་ཡིག་གཟུགས་བརྩམས་ཆོས་ཀྱང་ཡོད།
 
ཧན་ཧྲུའུ་ལིའི《མའོ་ཀྲུའུ་ཞི་ཡིས་མི་མངགས་གནང་བྱུང་》 མཛེས་རྩལ་བརྩམས་ཆོས།

ཧན་ཧྲུའུ་ལིའི《 མའོ་ཀྲུའུ་ཞི་ཡིས་མི་མངགས་གནང་བྱུང་》 (ཁག་གཅིག) ཞེས་པའི་མཛེས་རྩལ་བརྩམས་ཆོས། 
          བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་དང་། བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཀྲང་ཞའོ་ཧྥུང་གིས་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོའི་ཐོག་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་ནས་བཟུང་། བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐིལ་ཕྱིན་བྱེད་པ་དེ་བོད་ཀྱི་རྩོམ་རིག་སྒྱུ་རྩལ་འཕེལ་རྒྱས་གཏོང་བའི་རྩ་བའི་སྒུལ་ཤུགས་སུ་བརྩིས་ཏེ། བོད་ཀྱི་རིག་རྩལ་ལས་རིགས་ཀྱི་བསམ་པའི་ཉམས་འགྱུར་གསར་སྒྱུར་བྱས་ཤིང་། རྒྱ་ཆེའི་སྒྱུ་རྩལ་མཁས་ཅན་རྣམས་ཀྱིས་མི་དམངས་ལྟེ་བ་བྱས་པའི་གསར་རྩོམ་གྱི་ཕྱོགས་སྟོན་མཐའ་འཁྱོངས་དང་། འཚོ་བར་ཟབ་འཇུག་དང་མི་དམངས་ཀྱི་ཁྲོད་དུ་གཞིས་བཙུགས་ཏེ་བློ་རྩེ་གཅིག་ཏུ་བསྒྲིམས་ཀྱིས་གསར་གཏོད་དང་། ལེགས་ཐོག་ལེགས་འཚོལ་བྱས་ནས་ཕུལ་བྱུང་གི་རིག་རྩལ་བརྩམས་ཆོས་ཁག་ཅིག་བཏོན་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་དུ་གཏོང་ཆེད་བྱས་རྗེས་བཞག
 


 

འགྲེམས་སྟོན་ཐོག་གི་ཡིག་གཟུགས་བརྩམས་ཆོས་ཁག་གཅིག
          རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་འགྲེམས་སྟོན་ཐོག་བཀྲམས་པའི་མཛེས་རྩལ་དང་། ཡིག་གཟུགས་བརྩམས་ཆོས་ཀྱིས་སྒྱུ་རྩལ་གྱི་ལམ་ནས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་བོད་ལྗོངས་ཀྱི་འཕེལ་རྒྱས་ཡར་ཐོན་དང་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་བདེ་སྐྱིད་ཀྱི་འཚོ་བ་མཚོན་པར་མ་ཟད། བོད་མི་རིགས་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་བོད་ལྗོངས་ཀྱི་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་མངོན་ཏེ་ལྟད་མོ་བར་འཕེལ་རྒྱས་ཀྱི་རྒྱུན་རིང་བོའི་བོད་ལྗོངས་དང་། འཆམ་མཐུན་བརྟན་ལྷིང་གི་བོད་ལྗོངས། སྐྱེ་ཁམས་ཧ་ཅང་ལེགས་པོའི་བོད་ལྗོངས་ཤིག་ཕྱིར་མངོན་ཞིང་། འདི་ནི་བོད་ལྗོངས་ཀྱི་རྒྱ་ཆེའི་རིག་རྩལ་ལས་སྒྲུབ་མཁན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཕུལ་བའི་ལེགས་སྐྱེས་ཆེན་པོ་ཞིག་ཡིན།
 
འགྲེམས་སྟོན་ཐོག་གི་མཛེས་རྩལ་བརྩམས་ཆོས།
           བོད་ལྗོངས་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧན་ཧྲུའུ་ལི་ལྟར་ན། ཐེངས་འདིར་འགྲེམས་སྟོན་དུ་བཀྲམས་པའི་མཛེས་རྩལ་དང་། ཡིག་གཟུགས་བརྩམས་ཆོས་ཀྱིས་སྒྱུ་རྩལ་གྱི་ལམ་ནས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་བོད་ལྗོངས་ཀྱི་འཕེལ་རྒྱས་ཡར་ཐོན་དང་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་བདེ་སྐྱིད་ཀྱི་འཚོ་བ་མཚོན་པར་མ་ཟད། རྒྱ་ཆེའི་རིག་རྩལ་ལས་སྒྲུབ་མཁན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་ཀྲུང་གོའི་བསྐྱར་དར་དང་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་དུས་ཡུན་རིང་བོར་འཕེལ་རྒྱས་དང་། ཡུན་སྐྱོང་བདེ་འཁོད་ཀྱི་རྒྱང་ལྟ་མཚོན་པར་བྱས།
 
འགྲེམས་སྟོན་སྟེང་གི་མཛེས་རྩལ་བརྩམས་ཆོས།
          “ བརྩམས་ཆོས་འདི་དག་ཚང་མ་ནི་འགྲེམས་ཞུགས་སྒྱུ་རྩལ་པས་ཉེ་བའི་ལོ་ཤས་རིང་གསར་གཏོད་བྱས་པའི་བརྩམས་ཆོས་གསར་བ་ཡིན་ཞིང་། ནང་དོན་དགེ་མཚན་ལྡན་ལ་རྣམ་པ་འདྲ་མིན་ཡིན་ཞིང་།  སྒྱུ་རྩལ་ཁྱད་དུ་འཕགས་པ་ཡིན་ཏེ་བསམ་བློ་རང་བཞིན་དང་སྒྱུ་རྩལ་གྱི་རང་བཞིན་ཆེས་ཆེར་ལྡན་ཡོད” ཅེས་ཧན་ཧྲུའུ་ལིས་བཤད། འགྲེམས་སྟོན་བྱས་པ་བརྒྱུད། ང་ཚོས་ཧ་ཅང་དགའ་བའི་ངང་ནས་མཛེས་ཉམས་ལྡན་པའི་མཐིང་ཤིང་བྲིས་པའི་མཐོང་བར་མ་ཟད། སྒྱུ་རྩལ་པ་རྣམས་ཀྱིས་ཀྲུང་ཧྭའི་རིག་གནས་ཀྱི་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་བོད་མི་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ཀྱི་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་གཅིག་ཏུ་བསྡུས་ཏེ་སྒྱུ་རྩལ་པ་རྣམས་ཀྱིས་ཏང་དང་། མེས་རྒྱལ། མི་རིགས་ལ་བཅངས་པའི་བརྩེ་སེམས་དང་དགའ་ཞེན་མཚོན་པར་བྱས་ཡོད།

འགྲེམས་ཞུགས་མཛེས་རྩལ་བརྩམས་ཆོས།
 
ཀྲང་དབྱིན་གྱི《རྫོང་རིའི་འདབས་སུ》ཞེས་པའི་སྣུམ་ཚོན་རི་མོ།
          བོད་ཀྱི་དམངས་སྲོལ་པར་རྒྱག་མཁས་ཅན་དང་། རི་མོ་བ་གྲགས་ཅན་ཀྲང་དབྱིན་གྱི་འགྲེམས་ཞུགས་བརྩམས་ཆོས《རྫོང་རིའི་འདབས་སུ》ཞེས་པའི་སྣུམ་ཚོན་རི་མོས་རྒྱལ་རྩེ་རྫོང་རིའི་འདབས་ཀྱི་གནའ་བོའི་གྲོང་ཚོ་དེའི་གྲོང་མིའི་རྒྱུན་ལྡན་གྱི་འཚོ་བའི་རྣམ་པ་བྲིས་ཡོད། ཀྲང་དབྱིན་ཁོ་རང་གིས་བོད་ཀྱི་འཕེལ་རྒྱས་ཀྱི་འགྱུར་ལྡོག་དངོས་སུ་མྱངས་ཤིང་། ཁོང་གིས་བཤད་རྒྱུར།“པིར་སྨྱུག་བརྒྱུད་དེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་མི་དམངས་ཀྱི་འཚོ་བ་གསར་བ་མཚོན་པར་འདོད་ཅིང་། 《རྫོང་རིའི་འདབས་སུ》ཞེས་པས་དུས་སྐབས་གསར་བའི་བོད་ལྗོངས་མི་དམངས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་དང་བསམ་པའི་འཁྱེར་སོ་བཟང་བོ་མཚོན་པར་བྱས་ཡོད”ཅེས་བཤད།

 

 

 

 

 

འགྲེམས་ཞུགས་མཛེས་རྩལ་བརྩམས་ཆོས།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716