ཀྲུང་གོའི་བོད་ལྗོངས་དྲ་བ། > 2017ལོའི་སྐབས་བཅུ་དགུ་པའི་ཆེད་སྒྲིག > སློབ་སྦྱོང་།

བོད་ལྗོངས་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ནན་ཏན་གྱིས་ཚོགས་འདུར་ཞུགས་ནས་ཧུར་ཐག་སྒོས་ཐབས་ཇུས་འདོན་རྒྱུ་རེད།

བཀྲ་རྒྱལ་གྱིས་བསྒྱུར།    发布时间: 2017-10-18 11:43:00    来源: ཀྲུང་གོའི་བོད་ལྗོངས་དྲ་བ།

ཟླ་10བའི་ཚེས་16ཉིན། ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་མཁན་བོད་ཀྱི་འཐུས་མི་པད་མ་དབྱངས་ཅན་དང་ཚེ་རིང་དབྱངས་ཅན། རེན་ཧོའུ་མིང་། ལྷ་མཚོ།  ཐན་ཧའེ་ཡུས། ཡའོ་ཁྲི་( གཡོན་ནས་གཡས་བར)་སྡོད་ཡུལ་ནས་རང་སོ་སོའི་ཚོགས་འདུར་གྲ་སྒྲིག་བྱས་པའི་གནས་ཚུལ་ཐད་བསམ་ཕྱོགས་བརྗེ་རེས་གནང་།
          ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་གྲབས་ཡོད་ཅིང་། བོད་ཀྱི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་རྣམས་པེ་ཅིང་དུ་སླེབས་རྗེས“གྲོས་ཚོགས་ཀྱི་རྣམ་པར”ཚུད་ནས་ནན་ཏན་སྒོས་ཡིག་ཆའི་དགོངས་དོན་སློབ་སྦྱོང་བྱེད་པ་དང་། གཏམ་བཤད་ཡིག་ཆར་གྲ་སྒྲིག་ཞིབ་ཚགས་གནང་ནས་འགན་འཁྲི་སྒྲུབ་པའི་ནུས་པ་སྔར་བས་མཐོ་རུ་བཏང་ཡོད་པ་རེད།
          བོད་ཀྱི་ཏང་གི་ཚོགས་ཆེན་གྱི་འཐུས་མི་29ཡི་ཁྲོད། ཐོན་སྐྱེད་དང་ལས་ཀའི་འཐབ་ས་དང་པོས་ཐོན་པའི་ཏང་ཡོན་11ཡོད་པ་དང་36.67%ཟིན་ཡོད། འཐུས་མི་འདི་དག་ཚང་མ་ཐེངས་དང་པོར་བདམས་པ་ཡིན་ལ། ལྷན་རྒྱས་ཡོངས་ནས་ཚད་གཞི་མཐོ་བའི་ཚོགས་ཆེན་འདི་འདྲ་ཞུགས་པ་ཐེངས་དང་པོ་ཡིན་ཏེ། དགའ་སྤྲོའི་མྱོས་ཤིང་བློ་སེམས་འཚུབ་པ་ཞིག་ཡིན་ཏེ། སྐབས་ཐོག་གཏམ་བཤད་མི་བརྗེད་པའི་ཆེད་དུ་གྲ་སྒྲིག་ཡག་པོ་ཞིག་བྱེད་དགོས་འདུག་ཅེས་བརྗོད་བྱུང་།
          ཚོགས་ཆེན་བཅུ་དགུ་པའི་འཐུས་མི། རྣམ་གླིང་རྫོང་རྣམ་གླིང་གྲོང་བརྡལ་ནས་ཐོན་པའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཉི་མ་སྲི་གཅོད་ཉིན་གང་བོར་ཕྱི་ལ་མ་སོང་པར། རང་ཉིད་གཅིག་པུ་ཁང་པའི་ནང་བསྡད་ནས་ལག་འཁྱེར་གློག་ཀླད་སྟེང་དཔྱད་ཡིག་འདོན་གཏགས་ཀྱི་འདུག ཉི་མ་སྲི་གཅོད་ཀྱིས།  དེ་སྔོན་ཟབ་སྦྱོང་བྱས་མྱོང་ཡོད་ནའང་བློ་སེམས་བདེ་བོ་ཞིག་མ་རེད། ཁོམ་སྐབས་དང་བསྟུན་ནས་ཡང་བསྐྱར་ཚོགས་ཞུགས་ཤེས་བྱའི་སྐོར་སློབ་སྦྱོང་ཞིག་བྱེད་པ་དང་བསམ་གཞིགས་གཏོང་ཕྱོགས་ལ་གྲ་སྒྲིག་རེ་བྱེད་དགོས་ཟེར། ཉི་མ་སྲི་གཅོད་ཀྱིས“ ས་ཞིང་རྨོ་འདེབས་ལ་ཁ་གསབ་ཡོད་པ་དང་། ལུད་རྫས་ཉོ་བར་ཡང་ཁ་གསབ་ཡོད་པ། སློབ་གྲྭར་འགྲོ་བར‘ འགན་ལེན་གསུམ་’ ཡོད་པ། ནད་ཕོག་ན་འགྲོ་སོང་ཕལ་ཆེ་བ་རྩིས་ཞུ་བྱེད་ཐུབ” ཅེས་ཏང་གི་དམངས་ཕན་སྲིད་ཇུས་རེ་རེ་བཞིན་བགྲངས་ནས་ཡིག་ཐོག་ཏུ་ཕབ་འདུག  དོན་དག་ཐག་གཅོད་དཀའ་བ་རེ་དང་འཕྲད་ཚེ་དེ་འཕྲལ་གྲོང་ཚོའི་ནང་ཁ་པར་བཏང་ནས་ཞིབ་བཤེར་བྱེད་ཀྱི་ཡོད་པ་རེད། 《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་གྱི་གནད་བསྡུས་ཚིག་100》ཞེས་པ་ནི་ལུས་ལ་བཟུང་ནས་རྒྱུན་པར་བལྟ་ཀློག་བྱས་ནས་རང་ཉིད་ལ་“ ཤེས་བྱ་གསོག”གི་ཡོད་པ་རེད།
          ཚོགས་ཆེན་བཅུ་དགུ་པའི་འཐུས་མི། སྦྲ་ཆེན་རྫོང་ལྕང་སྨད་ཤང་བུ་བཅོལ་ཁང་གི་ཡོན་ཀྲང་ཚེ་རིང་དབྱངས་ཅན་གྱིས་ཚོགས་འདུའི་ཐོག་གྲོས་གཞི་གཉིས་འདོན་པར་གྲ་སྒྲིག་གནང་གི་འདུག་སྟེ། དེའི་ཐད་ཁོ་མོས་ཕྱོགས་ཡོངས་ཀྱི་བསམ་འཆར་ལ་རྒྱ་ཁྱབ་ཏུ་ཉན་པ་དང་གང་སར་རྒྱུ་ཆ་འཚོལ་སྡུད་བྱས་ནས་མིག་སྔར་བཟོ་བཅོས་བྱས་ནས་འཐུས་ཚང་དུ་གཏོང་སྒང་རེད། ཁོ་མོས། ཚོགས་འདུར་ནན་ཏན་ངང་ཞུགས་ནས་ཧུར་ཐག་སྒོས་ཐབས་ཇུས་འདོན་དགོས་པ་དང་། བོད་ཀྱི་ཏང་ཡོན་དང་མང་ཚོགས་ཀྱི་འདོད་བློ་ངོ་མ་གོང་ཞུ་གནང་དགོས་ཤིང་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་ཐོག  ཕ་ཡུལ་གྱི་འགྱུར་ལྡོག་བཤད་ཐུབ་པ་དང་། ལྷན་རྒྱས་ཡོང་ནས་དྲིན་ཆེའི་སེམས་འདུན་མཚོན་པར་བྱས་ནས་ཏང་གི་འཐུས་མི་ཞིག་གི་འགན་འཁྲི་འཁྱོལ་བར་བྱེད་དགོས།
          མཚོ་སྣ་རྫོང་མག་མང་ཤང་ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི་གཞོན་པ། ཤང་ཀྲང་པད་མ་དབྱངས་ཅན་ནི་མོན་པ་རིགས་ཀྱི་འཐུས་མི་ཞིག་ཡིན་ཏེ། ཁོ་མོས་གསར་འགོད་པར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་འོག་དང་། མོན་པ་རིགས་ཀྱི་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་སོང་ཡོད་པ་དང་། ཤང་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་དེ་2012 ལོའི་སྒོར་5344ནས་2016 ལོའི་སྒོར་13762ལ་འཕར་ཡོད་ཅིང་། ཧ་ལམ་ལྡབ་2.6 ཙམ་འཕར་ཡོད་ཅེས་ཟེར་ལ། པད་མ་དབྱངས་ཅན་གྱིས་ཀྱང་ནན་ཏན་སྒོས་ཟིན་བྲིས་འདེབས་ཀྱི་འདུག  ཁོ་མོས་ད་དུང“ ཏང་གི་བཀའ་དྲིན་ནི་རྒྱ་མཚོ་ལས་ཀྱང་ཟབ་སྟེ། མ་ཡོང་གོང་ལ་ཡུལ་མི་ཚོས་ང་ལ་མོན་པ་རིགས་ཀྱི་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་སྙན་ཞུ་འབུལ་དགོས་པར་ལས་བཅོལ་བྱས་ཡོད་དེ། ངས་ཀྱང་ལྷན་རྒྱས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་པར་ཁོ་ཐག་ཡིན”ཞེས་ཟེར།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716