སྤྱི་ཚེས་༢༠ཉིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་བོད་ལྗོངས་འཐུས་མི་ཚོགས་པའི་ཚོགས་ཆུང་ཁག་བགོས་གྲོས་བསྡུར་ཐོག་ནག་ཆུ་ས་ཁུལ་མི་དམངས་སྨན་ཁང་གི་ཏང་ཀྲེ་པུའུ་གཉིས་པའི་ཧྲུའུ་ཅི་གཞོན་པ། འགོས་ནད་ཚན་ཁག་གི་ཀྲུའུ་རེན་ཐན་ཧེ་གཡུས་ནས། ཚོགས་ཞུགས་འཐུས་མི་རྣམས་ལ་བོད་བྱང་ཐང་གི་སྨན་བཅོས་ཁོར་ཡུག་གསར་རྙིང་བསྡུར་བའི་པར་རིས་སྟོན་ཏེ། ཉེ་བའི་ལོའི་ནང་རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་ལ་འཕེལ་རྒྱས་ཤུགས་ཆེ་བྱུང་བ་དང་། སྨན་བཅོས་ཞབས་ཞུའི་སྤུས་ཚད་ཉིན་རེ་བཞིན་གོང་མཐོར་འགྲོ་བ་ར་སྤྲོད་བྱས་ཡོད།།