ཀྲུང་གོའི་བོད་ལྗོངས་དྲ་བ། > 2017ལོའི་སྐབས་བཅུ་དགུ་པའི་ཆེད་སྒྲིག > སློབ་སྦྱོང་།

གྲོས་གླེང་གཏིང་ཟབ་པོ་བྱེད་པ།

   发布时间: 2017-10-24 20:15:00    来源: མི་དམངས་དྲ་བ།

         ཉིན་ཤས་རིང་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞུགས་པའི་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་འཁྲི་ཡིད་ལ་བརྟན་པོར་འཇགས་ནས་བློ་མཐུན་ཞི་ཅིན་ཕིང་གིས་གནང་བའི་སྙན་ཞུ་སློབ་སྦྱོང་དང་གོ་བ་ལེན་པ་ཏན་ཏན་ཏིག་ཏིག་བྱས་ཤིང་། ཚང་མས་མགྲིན་གཅིག་ཏུ་རང་ཉིད་ལ་མྱོང་ཚོར་དངོས་སུ་བྱུང་བར་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བོད་ལྗོངས་སུ་ཁྱེར་ནས་སོ་སོའི་ཉེ་འགྲམ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚང་མར་བབརྒྱུད་བསྒྲགས་བྱ་རྒྱུ་ཡིན་ཞེས་བསྟན་པ་རེད། གོང་གི་པར་རིས་ནི་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་པའི་གྲོས་ཚོགས་གྲོལ་རྗེས། འཐུས་མི་ཚོས་ཚོགས་རའི་ཕྱིར་མུ་མཐུད་ནས་མྱོང་ཚོར་ལྷུག་བརྗོད་བྱས་ནས་ལེགས་ཤིང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རེ་སྨོན་བྱེད་བཞིན་ཡོད་པ་རེད།
        
ཚོགས་ཆེན་བཅུ་དགུ་པའི་འཐུས་མི་དང་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སློབ་འབྲིང་གི་དགེ་རྒན་པད་སྒྲོན(གཡོན)དང་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཤང་ཚལ་ཁྲོབ་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཟླ་པོ(གཡས)གཉིས་ཀྱིས་སྤེལ་རེས་བྱེད་བཞིན་ཡོད་པ།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716