ཀྲུང་གོའི་བོད་ལྗོངས་དྲ་བ། > 2017ལོའི་སྐབས་བཅུ་དགུ་པའི་ཆེད་སྒྲིག > སློབ་སྦྱོང་།

མཛེས་སྡུག་ལྡན་པའི་མ་འོངས་པར་རེ་སྒུག་བྱེད་པ།

   发布时间: 2017-10-24 20:23:00    来源: མི་དམངས་དྲ་བ།
          
          ཉིན་ཤས་བསྟུད་མའི་རིང་། བོད་རང་སྐྱོང་ལྗོངས་ལས་རིགས་ཁག་གི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་དགོངས་དོན་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་འཕྱུར་ཞིང་། སློབ་སྦྱོང་ནན་ཏན་དང་གྲོས་གླེང་འཁྲུག་ཆ་དོད་པ་བྱས་ནས་ཚང་མས་གཅིག་རྗེས་གཉིས་མཐུད་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་རང་གི་བསམ་བློར་དྲག་ཆས་སྤྲས་ནས། ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་ལ་བརྟན་པོར་ངེས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་གྲུབ་འབྲས་བཟང་པོ་གསར་གཏོད་བྱས་ཐོག་ཐུན་མོང་དུ་དུས་རབས་གསར་པའི་ཏང་གི་ལོ་རྒྱུས་ཀྱི་ལས་འགན་མངོན་འགྱུར་བྱ་ཆེད། འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་བསྟན་པ་རེད། གོང་གི་པར་རིས་ནི་རྗེ་འབུམ་སྒང་སྡེ་ཁུལ་གྲོང་མིའི་ཨུ་ལྷན་གྱི་མང་ཚོགས་མཉམ་དུ་འཛོམས་ནས་བློ་མཐུན་ཞི་ཅིན་ཕིང་གིས་གནང་བའི་སྙན་ཞུར་གྲོས་གླེང་བྱེད་པ་དང་། ལོ་ལྔའི་རིང་འཚོ་བར་འགྱུར་ལྡོག་བྱུང་ཚུལ་གྲོས་བསྡུར་བྱས་ཏེ་སྙན་ཞུའི་ནང་དུ་བཏོན་པའི་སྔར་ལས་ལེགས་ཤིང་མཛེས་སྡུག་ལྡན་པའི་མ་འོངས་པར་རེ་སྒུག་བྱེད་བཞིན་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ས་མཐོའི་གཅེས་ནོར་དཀར་ལས་མ་རྐང་ཚད་ཡོད་ཀུང་སིའི་ལས་བཟོ་པ་ཚོས་ཚགས་པར་ལྟ་བཞིན་ཟིན་བྲིས་ནན་ཏན་བྱེད་བཞིན་ཡོད་པ།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716