ཀྲུང་གོའི་བོད་ལྗོངས་དྲ་བ། > 2017ལོའི་སྐབས་བཅུ་དགུ་པའི་ཆེད་སྒྲིག > སློབ་སྦྱོང་།

བོད་ལྗོངས་འཐུས་མིའི་ཚོགས་པས་ཚོགས་ཆེན་གྱི་སྙན་ཞུར་གྲོས་བསྡུར་བྱས།

མིག་དམར་རྒྱ་མཚོས་བསྒྱུར།    发布时间: 2017-10-22 20:44:00    来源: ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

          བོད་ལྗོངས་འཐུས་མིའི་ཚོགས་པས་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུར་གྲོས་བསྡུར་བྱས་ཏེ་འབད་བརྩོན་ཆེན་པོས་འཐབ་ཇུས་དམིགས་འབེན་ཁག་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན་ཞེས་བསྟན་པ།
          ཚེས་19ཉིན་གྱི་ཕྱི་དྲོ། འདི་ནི་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པས་གྲོས་བསྡུར་བྱེད་བཞིན་པའི་གནས་ཚུལ་ཡིན་པ།
          ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་པར་ཕེབས་པའི་བོད་ལྗོངས་འཐུས་མི་ཚོགས་པས་ཉིན་ཤས་བསྟུད་མར་བློ་མཐུན་ཞི་ཅིན་ཕིང་གི་སྙན་ཞུར་གྲོས་བསྡུར་ཚ་ཚ་འུར་འུར་གནང་ཡོད། ཚང་མས་མགྲིན་དབྱངས་གཅིག་གྱུར་ངང་ངེས་པར་དུ་སྙན་ཞུའི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱེད་དགོས་པ་དང་། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་ཁྲིད་སྟོན་འོག་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུའི་རྣམ་པ་བསྟན་པ་རེད།
          འཐུས་མི་ནོར་བུ་དོན་གྲུབ་ཀྱིས། བློ་མཐུན་ཞི་ཅིན་ཕིང་གིས་གནང་བའི་སྙན་ཞུའི་ནང་དར་ཆ་མཐོན་པོར་སྒྲེང་བ་དང་། གནས་བབ་ཧྲིལ་པོར་གཞིགས་པ། སྤྱི་ཁྱབ་ཧྲུའུ་ཅི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་ངོས་ནས་ཚད་མཐོའི་འགོ་ཁྲིད་པའི་ནུས་པ་དང་མིག་རྒྱང་རིང་བའི་ཆབ་སྲིད་བརྟན་ཤུགས་གང་ལེགས་མངོན་ཡོད་པ་དང་། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་དགོངས་པ་གང་ལེགས་མངོན་ཡོད་པས། དེར་ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཆེན་པོ་ལྡན་ཞིང་། ང་ཚོར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད་ཅེས་བསྟན་ཡོད་པ་རེད།
          འཐུས་མི་པད་མ་དབང་འདུས་ཀྱིས། ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ནི་གཟིགས་རྒྱང་མཐོ་བ་དང་། བརྗོད་དོན་འབུར་དུ་ཐོན་པ། མི་སེམས་ལ་སྐུལ་མ་ཐེབས་ཐུབ་པ་ཞིག་ཡིན། ལོ་ལྔའི་རིང་། སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་མཚམས་སྐྱོང་བར་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་གལ་ཆེའི་འཐབ་ཇུས་བསམ་བློའི་མཛུབ་ཁྲིད་འོག ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་བ་དང་། མི་རིགས་ཁག་གི་མང་ཚོགས་ནས་སུ་ལ་ཕན་པ་ཐོབ་པ་དང་། སུས་ཕན་པ་ཐོབ་པ་བྱས་པ་གསལ་པོ་ཤེས་ཀྱི་ཡོད། ང་ཚོས་ངེས་པར་དུ་འདུ་ཤེས་བཞི་བརྟན་པོ་བཙུགས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་ཁྲི་ཡིད་ལ་བརྟན་པོར་ངེས་པ། གོང་འཕེལ་དང་། བརྟན་ལྷིང་། སྐྱེ་ཁམས་བཅས་དོན་ཆེན་གསུམ་ལ་དམ་འཛིན་ཡག་པོ་ཏན་ཏིག་བྱས་ནས། ལྷ་སའི་ཡུན་རིང་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བའི་རྣམ་པ་གསར་པ་ཟམ་མི་ཆད་པ་གཏོད་དགོས་ཞེས་གསུངས་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716