ཀྲུང་གོའི་བོད་ལྗོངས་དྲ་བ། > 2017ལོའི་སྐབས་བཅུ་དགུ་པའི་ཆེད་སྒྲིག > སློབ་སྦྱོང་།

《ཚོགས་ཆེན་བཅུ་དགུ་པའི་ཐོས་བསམ་སྒོམ་རྟོགས》བོད་ཀྱི་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱས་པ།

པད་མས་བསྒྱུར།    发布时间: 2017-11-03 16:30:00    来源: ཀྲུང་གོའི་བོད་ལྗོངས་དྲ་བ།
          ཀྲུང་གོའི་བོད་ལྗོངས་དྲ་བ་ནས་གནས་ཚུལ་འབྱོར་གསལ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སྔར་བས་སློབ་སྦྱོང་དང་གོ་བ་ལོན་ཆེད། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་བཅིངས་འགྲོལ་གྲོང་ཚོར་བཅའ་སྡོད་བྱས་པའི་ལས་དོན་རུ་ཁག་གིས་གྲོང་དམངས་ཀྱི་ཚོགས་ཆེན་འཚོགས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱ་བར་རྩ་འཛུགས་བྱས་ཤིང་། གྲོང་ཚོ་ཡོངས་ཀྱི་གྲོང་མིའི་འཐུས་མི་140ལྷག་ཙམ་ཚོགས་འདུར་ཞུགས་ཡོད།

          ཚོགས་ཐོག་ཏུ། བཅིངས་འགྲོལ་གྲོང་ཚོའི་ཧྲུའུ་ཅི་དང་པོ་དང་། གྲོང་ཚོའི་བཅའ་སྡོད་ལས་དོན་རུ་མིས་གོ་བདེ་བ་དང་ཤེས་སླ་བའི་སྐད་ཀྱིས་གྲོང་མི་ཚོར་ཚོགས་འདུའི་དགོངས་དོན་གཙོ་བོ་བརྒྱུད་བསྒྲགས་བྱས་ཏེ། གྲོང་མི་ཚོས་དྲ་བ་དང་། བརྙན་འཕྲིན། རླུང་འཕྲིན་སོགས་ཀྱི་ཐབས་ལམ་བརྒྱུད་དེ་འབྲེལ་ཡོད་ཀྱི་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་བྱ་བར་ཤུགས་སྣོན་རྒྱག་པ་དང་། ཁྱོན་ཡོངས་ནས་རྒྱལ་ཁབ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བར་གནས་པའི་གནས་ཚུལ་གསར་པ་དང་གནས་བབ་གསར་པར་ངོས་འཛིན་ཟབ་མོ་བྱེད་པ་དང་། དེ་དང་དུས་མཚུངས་སུ། གྲོང་ཚོར་བཅའ་སྡོད་ཀྱི་ལས་དོན་རུ་ཁག་གིས་ཚོགས་ཞུགས་གྲོང་མིའི་འཐུས་མིར་ཚོགས་ཆེན་བཅུ་དགུ་པའི་སློབ་སྦྱོང་གི་དཔྱད་གཞིའི་ཡིག་ཆ་140ལྷག་ཙམ་སྤྲད་པ་རེད། 
          ལས་དོན་རུ་ཁག་གི་རུ་དཔོན་ཀྲོའུ་ཡུས་ཀྱིས་གྲོང་ཚོ་ཡོངས་ཀྱི་རྒྱ་ཆེའི་མང་ཚོགས་ཀྱིས་སློབ་སྦྱོང་ནན་ཏན་བྱེད་དགོས་པ་དང་། ལྷག་པར་དུ་ཏང་ཡོན་ལས་བྱེད་པས་ངེས་པར་དུ་རང་དཔེ་གཞན་སྟོན་གྱིས་བླང་བྱ་ནན་པོ་བཏོན་ཏེ་སློབ་སྦྱོང་གི་འཆར་གཞི་བཟོས་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དཔྱིས་ཕྱིན་པ་བྱེད་པ་དང་། གྲོང་མིའི་མིག་དཔེ་དང་ཏང་ཡོན་ཚད་ལྡན་ཞིག་བྱས་ནས་གྲོང་ཚོ་དེ་ཡོངས་ཀྱི་མང་ཚོགས་ཀྱི་བསམ་བློ་དང་བྱ་སྤྱོད་གཉིས་པོ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་ཏུ་གཅིག་གྱུར་ཡོང་བར་སྐུལ་ཁྲིད་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དེ་བཅིངས་གྲོལ་ས་ཆར་རྐང་ཚུགས་པར་བྱས་ཏེ་གསོན་ཉམས་ལྡན་པའི་ལག་ལེན་དུ་འགྱུར་ཐུབ་པར་འཇུག་དགོས་ཞེས་རེ་བ་བཏོན། 
          རྒྱུས་ལོན་བྱུང་བ་ལྟར་ན། བཅིངས་འགྲོལ་གྲོང་ཚོས་ད་ལོར་ཚོད་ལྟའི་ངང་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། ལྕ་བ་འདེབས་འཛུགས་བྱས་པ་དང་བོད་ཕག་གསོ་ཚགས་ཀྱི་རྒྱ་ཇེ་ཆེར་བཏང་བར་མ་ཟད། ལྷ་སའི་པ་ཏྲའི་ཞོ་ཉོ་སྒྲུབ་བྱས་ཏེ་ཚོང་ལས་འཁོར་རྒྱུག་ཡག་པོ་བྱེད་ཀྱི་ཡོད། གོམ་པ་རྗེས་མར་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་དང་། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་གྲོང་མི་ཡོངས་ཀྱིས་བསམ་ཕྱོགས་སྔར་ལས་ལེགས་པར་བསྒྱུར་རྒྱུ་དང་། བློ་ཁོག་ཆེན་པོས་སྲོལ་འབྱེད་བྱས་ཏེ་ཁྱད་ཆོས་ལྡན་པའི་ཐོན་ལས་མུ་མཐུད་དུ་འཕེལ་རྒྱས་དང་རྒྱ་བསྐྱེད་དེ་རྒྱ་ཆེའི་མང་ཚོགས་རྣམས་ས་གནས་ས་ཐོག་ཏུ་ཡོང་འབབ་འཕར་སྣོན་བྱུང་སྟེ་ཕྱུག་པོར་གྱུར་དུ་བཅུག་སྟེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་གྲོང་གསེབ་ཀྱི་རྣམ་པ་གསར་པ་གཏོད་པ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་སེམས་དང་། སྐྱིད་སྣང་། བདེ་འཇགས་ཀྱི་ཉམས་སྣང་ཟམ་མི་ཆད་པར་ཇེ་ཆེར་སོང་སྟེ་བཅིངས་འགྲོལ་ཞེས་པའི་མཛེས་སྡུག་ལྡན་པའི་ས་གཞིར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དོན་འཁྱོལ་བྱས།

          མཇུག་མཐར། ཚོགས་ཞུགས་ཀྱི་གྲོང་མི་དང་ཏང་ཡོན་གྱིས་གྲོས་བསྡུར་གནང་སྟེ་ཚང་མས་གཅིག་རྗེས་གཉིས་མཐུད་ངང་ཚད་ལྡན་གྱི་རྒྱལ་ཁབ་ཀྱི་སྤྱི་དམངས་ཤིག་ཡིན་པའི་ཆ་ནས། ངེས་པར་དུ་ཚོགས་ཆེན་བཅུ་དགུ་པ་དང་འབྲེལ་ཡོད་ཀྱི་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་བྱ་བར་གཙིགས་མཐོང་བྱས་ཏེ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་བྱ་བར་མཐོ་རླབས་འཕྱུར་བའི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་དང་སྐྱེ་སྟོབས་དང་གསོན་ཤུགས་ཀྱི་ཁ་སྣོན་བྱེད་དགོས། དེ་དང་དུས་མཚུངས་སུ། ཡང་ཚང་མས་ཚོགས་འདུའི་དགོངས་དོན་ཐུགས་སུ་ཆུད་དགོས་ན། ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་ལམ་ཆེན་གྱི་སྟེང་ཧུར་བརྩོན་ཆེན་པོས་ལས་སྒོ་གཏོད་པ་དང་། ལས་བརྩོན་ཕྱུག་འགྱུར་གྱིས་དུས་སྐབས་གསར་པའི་དཔལ་ཡོན་དང་ཞི་མཐུན་གྱི་མཛེས་སྡུག་ལྡན་པའི་བཅིངས་འགྲོལ་འཛུགས་སྐྲུན་བྱ་བར་ནུས་ཤུགས་གང་ཡོད་འདོན་སྤེལ་བྱ་དགོས་ཞེས་བསྟན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716