ཀྲུང་གོའི་བོད་ལྗོངས་དྲ་བ། > 2017ལོའི་སྐབས་བཅུ་དགུ་པའི་ཆེད་སྒྲིག > སློབ་སྦྱོང་།

ཚོགས་ཆེན་བཅུ་དགུ་པར་སློབ་སྦྱོང་བྱས་ནས་རྟོགས་པ་འཕེལ་བ་སྟེ། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་འཕྱོངས་རྒྱས་རྫོང་གི་རིམ་པ་བཞི་པའི་དམངས་ཆེན་འཐུས་མི་རྣམས་ཀྱིས་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་སྐོར་ལ་གླེང་བརྗོད་གནང་།

པདྨ་ཚེ་རིང་གིས་བསྒྱུར།    发布时间: 2017-11-06 08:42:00    来源: ཀྲུང་གོའི་བོད་ལྗོངས་དྲ་བ།
          ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགྱུར། ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་གྲོལ་རྗེས། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གི་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་བཅས་རིམ་པ་བཞིའི་དམངས་ཆེན་འཐུས་མི་280ལྷག་གིས་གང་མགྱོགས་ཀྱིས་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་དགོངས་དོན་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་བསྐྱངས།

རི་མོ་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གི་རྣམ་པ་ཡིན།
          ཤང་རིམ་པའི་དམངས་ཆེན་འཐུས་མིའམ་ཆུ་སྨད་ཤང་ལྕགས་གྲོང་ཚོའི་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཟླ་བས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྙན་ཞུ་དེས་ང་ཚོར་མཛེས་སྡུག་ལྡན་པའི་མ་འོངས་པར་སྔོན་དཔག་བྱེད་ཆོག་པར་གྱུར་ཡོད་ལ། དེ་བས་ཀྱང་འཛད་མཐའ་མེད་པའི་སྒུལ་ཤུགས་སྤྲད་ཡོད་པ་རེད།གཞི་རིམ་གྱི་དམངས་ཆེན་འཐུས་མི་ཞིག་ཡིན་པའི་ཆ་ནས།ཏང་གི་ཐུགས་ཁུར་དང་འགོ་ཁྲིད་འོག་བོད་ལྗོངས་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པ་ཚོར་བ་ཟབ་མོ་འདྲོངས་ཡོད་ལ། སྔོན་ཆད་ཞིང་བྲན་ཞིག་ཡིན་པའི་ང་རང་ད་ཆ་གཟི་བརྗིད་ཅན་གྱི་དམངས་ཆེན་འཐུས་མིར་གྱུར་ཡོད། ཁོ་བོས་འདི་ནི་བསོད་ནམས་ཆེན་པོ་ཞིག་རེད་ཅེས་སྙམ་གྱི་ཡོད་ཅེས་བཤད།
          སླར་ཕྱིན། བདག་གིས་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་བརྟེན་ནས་ལག་ལེན་དངོས་སུ་སྟོབས་ཤུགས་གཅིག་བསྡུས་ཀྱིས་རང་ངོས་ཀྱི་བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་།བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ཧུར་ཐག་གིས་ལག་ལེན་དུ་བསྟར་ནས།ཞིང་འབྲོག་མང་ཚོགས་ཀྱི་ལས་དོན་ཏན་ཏིག་གིས་བསྒྲུབ་སྟེ་མང་ཚོགས་ཀྱི་མགྲིན་ཚབ་པ་ཞིག་བྱེད་ངེས་ཡིན།

རི་མོ་ནི་པད་ཁའི་མེ་ཏོག་རྣམ་པར་བཞད་སྐབས་ཀྱི་སྤུ་རྒྱལ་བཙན་པོའི་བང་སོའི་ཚོགས་ཡིན།
          ཤང་རིམ་པའི་དམངས་ཆེན་འཐུས་མིའམ་ལྷ་ཡུལ་ཤང་བྱམས་ཆེན་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་དཀར་རྡོས་བསྟན་དོན། དམངས་ཆེན་འཐུས་མི་ཞིག་ཡིན་པའི་ཆ་ནས་ངས་མུ་མཐུད་དུ་“འདུ་ཤེས་བཞི་”སྔར་བས་ཇེ་དྲག་ཏུ་བཏང་སྟེ། རང་རྟོགས་ཀྱི་སྒོ་ནས་བསམ་བློ་ཆབ་སྲིད་བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ཚད་མཐོའི་གཅིག་གྱུར་བྱ་རྒྱུ་ཡིན་ལ། གཞན་ལ་མིག་དཔེ་བསྟན་ནས་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་དོན་འཁྱོལ་ཡོང་བར་སྣེ་ཁྲིད་བྱ་རྒྱུ་ཡིན། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་པའི་ཆ་ནས། ངས་སྔ་མ་ནང་བཞིན་ཏང་གི་རྩ་དོན་ཡིད་ལ་བརྟན་པོ་བཅངས་ནས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། གྲོང་མིའི་ཨུ་ཡོན་ལྷན་ཁང་རང་ཁྱིམ་དུ་གཅེས་ཤིང་སྡེ་མི་རྣམས་ཁྱིམ་མི་ལྟར་བརྩེ་བ། གྲོང་ཚོའི་ལས་དོན་རང་ཁྱིམ་གྱི་ལས་དོན་ལྟར་བསྒྲུབ་ནས། གྲོང་ཚོའི་ཏང་ཀྲི་པུའུ་འཛུགས་སྐྲུན་ཇེ་ལེགས་སུ་གཏོང་རྒྱུ་ཡིན། 
          ཤང་རིམ་པའི་དམངས་ཆེན་འཐུས་མི་ལྷ་ཡུལ་ཤང་སྟོད་པ་གྲོང་ཚོའི་ཚོགས་ཆུང་གསུམ་པའི་གྲོང་མི་ལྷ་འབྲུག་གིས་བསྟན་དོན། དམངས་ཆེན་འཐུས་མི་ཞིག་ཡིན་པའི་ཆ་ནས།ངས་སྒྲུབ་བཞིན་པ་དག་ད་དུང་འདང་ངེས་པ་ཞིག་མ་རེད། སླར་ཕྱིན། ངས་སྔར་བས་ཡར་རྒྱས་བརྩོན་ལེན་དང་།མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་བཅངས་ཏེ། འགན་འཁྲི་འཁུར་བའི་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན། རྒྱ་ཆེའི་མི་དམངས་མང་ཚོགས་ལ་ངེས་པ་དོན་གྱི་བྱ་བ་བཟང་པོ་བསྒྲུབ་པ་དང་། ལས་དོན་དངོས་སུ་སྒྲུབ་པ། སྔར་བས་ཀྱང་གཞི་རིམ་དུ་ཐེངས་མང་ཟབ་ཞུགས་དང་། མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས། དོན་དངོས་ནང་ཟབ་ཞུགས་བཅས་བྱས་ཏེ། མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱ་རྒྱུ་ཡིན། དེ་མིན་བསམ་འཆར་བསྡུ་རུབ་དང་།མང་ཚོགས་ཀྱིས་བཏོན་པའི་གནད་དོན་འབུར་ཐོན་རྒྱུས་ལོན་བྱས་པ་གྲོས་གཞི་མགོ་རྔ་ཡོད་པར་བྱས་ནས། ཐག་གཅོད་གང་ལེགས་ཡོང་བར་དོན་འཁྱོལ་བྱེད་རྒྱུའི་འབྲེལ་ཟམ་ལྟ་བུ་ཞིག་བྱེད་ཅི་ཐུབ་བྱ་རྒྱུ་ཡིན།

རི་མོ་ནི་འཕྱོངས་རྒྱས་རྫོང་གི་གཞི་རིམ་དམངས་ཆེན་འཐུས་མིས་ལུས་ལ་གཟབ་མཆོར་སྤྲས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འགོ་ཚུགས་པའི་མཛད་སྒོར་ལྟ་བཞིན་པའི་ཚུལ་ཡིན།
          རྫོང་རིམ་པའི་དམངས་ཆེན་འཐུས་མིའམ་འཕྱོངས་རྒྱས་གྲོང་བརྡལ་གདོང་དཀར་གྲོང་ཚོའི་སྡེ་མི་སྲི་ཐར་གྱིས་བསྟན་དོན།  ང་རང་ལོ་རེ་ལྔར་སོན་ཡོད། ཏང་ལོ་45ཡོད་པའི་དམངས་ཆེན་འཐུས་མི་ཞིག་ཡིན། ངས་རང་ཁྱིམ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐད་གཏོང་ལ་བལྟས་ཤིང་ཡིད་ལ་སྤྲོ་སེམས་རབ་ཏུ་འཁོལ།  ངས་ང་ཚོའི་མེས་རྒྱལ་སྔར་ལས་སྟོབས་དང་ལྡན་ཞིང་མི་དམངས་ཀྱི་འཚོ་བ་སྔར་ལས་འབྱོར་ཕྱུག་ལྡན་པ་ཚོར་བྱུང་།  ང་རང་ད་ལྟ་“གྲོང་ཚོ་ཨུ་ལྷན་གཉིས”ཀྱི་ཁོངས་མིའི་གྲས་སུ་མེད་ཀྱང་། འདི་ལས་ང་ཡིས་རང་ནུས་གང་ལྕོགས་ཀྱིས་གྲོང་ཚོར་ཞབས་འདེགས་ཞུ་བ་འགོག་ཐབས་མེད། ཐོག་མའི་ཕུགས་འདུན་མ་བརྗེད་པར་རང་གི་སེམས་ཤུགས་འདོན་པ་དང་།  རྒས་ཀྱང་བྱས་རྗེས་འཇོག་པར་སྟོབས་ཤུགས་འབུལ། ནམ་ཡང་ཏང་གི་རྗེས་སུ་འབྲང་ནས་བསྐྱོད་ཚེ། ང་ཚོའི་གདོང་དཀར་གྲོང་ཚོ་སྔར་ལས་འཛུགས་སྐྲུན་ལེགས་པོ་བྱེད་ཐུབ་པ་སྨྲས་མེད་ཡིན་ཞེས་བཤད།
          རྫོང་རིམ་པའི་དམངས་ཆེན་འཐུས་མིའམ་རྒྱལ་སྨན་ཤང་སྤུན་གསུམ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཟླ་བས་བསྟན་དོན། ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ནི་དམངས་གཙོ་དར་སྤེལ་གང་ལེགས་བྱེད་ཅིང་། ཕྱོགས་མང་པོའི་བློ་གྲོས་གཅིག་ཏུ་བསྡུས་པ། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་སེམས་འདུན་ལ་མཐུན་ཁར། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གོང་དུ་སྤེལ་བའི་བླང་བྱ་ལའང་མཐུན། འདི་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་གནས་བབ་གསར་པ་དང་ལས་འགན་གསར་པར་ངར་ཤུགས་བསྐྱེད་པའི་སྙན་ཞུ་ཞིག་རེད་ཅེས་གསུངས།
          སླད་ཕྱིན་གྱི་ལས་ཀའི་ཁྲོད། ང་ཚོས་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་རེ་འདུན་ལྟར། ཏན་ཏན་ཏིག་ཏིག་གིས་ལས་དོན་སོ་སོར་ལེགས་པོ་བསྒྲུབ་དགོས་པ་དང་། དམངས་ཆེན་འཐུས་མིའི་ཡར་སྐུལ་གྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་འགན་འཁུར་ཕོད་པ་དང་རང་འགན་གཙང་སྒྲུབ་ཀྱི་ཁོར་ཡུག་ཅིག་བསྐྲུན་ནས། རང་རྫོང་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། དབུལ་ཐར་སྲ་བརྟན་ལ་རྒྱལ་ཁ་ལེན་པ། “འབྱོར་ཕྱུག སྟོབས་ལྡན། ཞི་མཐུན། མཛེས་སྡུག”ཅན་གྱི་འཕྱོངས་རྒྱས་གསར་པ་འཛུགས་སྐྲུན་བྱེད་པར་རང་ཉིད་ཀྱི་ནུས་ཤུགས་བཏོན་ནས་འབད་བརྩོན་བྱེད་རྒྱུ་ཡིན། 
          གྲོང་ཁྱེར་རིམ་པའི་དམངས་ཆེན་འཐུས་མིའམ་རྒྱལ་སྨན་ཤང་བཅིངས་འགྲོལ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་པོ་བཀྲ་ཤིས་རྒྱ་མཚོས་བཤད་རྒྱུར།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཐོག་གནང་བའི་སྙན་ཞུ་ཡིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མགོ་ཁྲིད་ནས་“ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ཆོད་སེམས་མངོན་པ་མ་ཟད། མི་དམངས་ཀྱི་མངག་བཅོལ་གལ་ཆེན་སྟོང་ཟད་དུ་མི་གཏོང་བའི་ཆོད་སེམས་བསྟན་པ་ཞིག་ཀྱང་རེད་།
          གྲོང་ཁྱེར་རིམ་པའི་དམངས་ཆེན་འཐུས་མི་ཞིག་དང་གཞི་རིམ་གྲོང་ཚོའི་ཏང་ཨུའི་ཧྲུའུ་ཅི་ཞིག་ཡིན་པའི་ཆ་ནས།ངས་གྲོང་ཚོའི་ཏང་ཨུ་ཚན་ཁག་དང་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་105དང་སྡེ་མི་630རྣམས་ཀྱི་སྣེ་ཁྲིད་དེ།ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་། ཏང་གི་རྩ་དོན་ཡིད་ལ་བརྟན་པོ་བཅངས་ནས། དུས་རབས་ཀྱིས་དཀྲིས་པའི་འགན་འཁྲི་ཕྲག་ཏུ་ཁུར་བཞིན་ཐོག་མའི་བསམ་འདུན་མི་བརྗེད་ཅིང་མུ་མཐུད་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་རྒྱུ་ཡིན། དོ་དམ་དངོས་ཐོག་གི་བྱ་སྤྱོད་ལ་བརྟེན་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་བརྟན་པོ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཀྲུང་གོའི་ཕུགས་འདུན་དང་། བཅིངས་གྲོལ་གྲོང་ཚོའི་ཕུགས་འདུན། དེ་བཞིན་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་རེ་སྙེག་བྱེད་པ་ལ་རང་ཉིད་ཀྱི་ནུས་པ་གང་ཡོད་འབུལ་རྒྱུ་ཡིན་ཞེས་བཤད།

རི་མོ་ནི་འཕྱོངས་རྒྱས་རྫོང་གཞི་རིམ་དམངས་ཆེན་འཐུས་མིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱེད་པའི་ཚུལ་ཡིན།
          གྲོང་ཁྱེར་རིམ་པའི་དམངས་ཆེན་འཐུས་མིའམ་རྫོང་ཨུའི་ཧྲུའུ་ཅི་ཨན་ཞིན་གོའི་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲོན་པའི་སྙན་ཞུ་དེ་ནི། རྒྱ་ཆེ་ཞིང་གཏིང་ཟབ་ལ། མི་སེམས་འགུལ་ཞིང་ཡར་སྐུལ་ནུས་པས་ཏང་ཡོངས་ཀྱི་དེང་སྐབས་དང་སླད་ཕྱིན་དུས་སྐབས་ངེས་ཅན་ཞིག་གི་རིང་ལ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གཏོང་བའི་བསམ་བློའི་རྩ་འཛིན་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན། འདི་ནི་དུས་རབས་ཀྱི་རྒྱབ་ལྗོངས་ལྡན་པ་དང་། ཏང་ཡོངས་ཀྱི་བློ་གྲོས་གཅིག་ཏུ་བསྡུས་པ། མི་དམངས་ཀྱི་འདོད་བློ་མཚོན་པ་ཞིག་སྟེ། ལྷག་པར་དུ་《སྙན་ཞུའི》ཁྲོད་དུ་སྤྱི་བསྡོམས་བྱས་པའི་གྲུབ་འབྲས་གསར་པ་ལས་ང་ཚོར་སྤོབས་པ་ཆེར་བསྐྱེད་བྱུང་ཞིང་། ལས་འགན་གསར་པའི་བཀོད་སྒྲིག་ལ་ང་ཚོར་ཡིད་ཆེས་ལྡབ་འགྱུར་གྱིས་ཡོད། རང་རྫོང་གྱིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས་ཏན་ཏན་ཏིག་ཏིག་གིས་དམ་འཛིན་ནན་སྒྲུབ་བྱེད་རྒྱུ་ཡིན། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྲིད་སྟོན་དུ་བྱས་ཏེ་ལས་དོན་ཁག་ལ་རྣམ་པ་གསར་པ་ཞིག་གཏོད་པར་འབད་བརྩོན་བྱ་དགོས། སྙན་ཞུའི་དགོངས་དོན་རྣལ་མར་སློབ་སྦྱོང་དང་གོ་བ་བླངས་པ་བརྒྱུད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་བསམ་བློར་དྲག་ཆས་སྤྲས་ཏེ། འདི་ཉིད་རྫོང་ཡོངས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་བྱེད་པའི་སྟོབས་ལྡན་གྱི་བསམ་བློའི་མཚོན་ཆར་བྱེད་དགོས། སྙན་ཞུའི་དགོངས་དོན་གྱིས་ལག་ལེན་ལ་མཛུབ་སྟོན་བྱས་ནས་སྣང་བརྙན་གསར་པ་དང་། རྣམ་པ་གསར་པ། བསམ་གཞིགས་དང་འདུ་ཤེས་གསར་པར་བརྟེན་ནས་མ་འོངས་པའི་རང་རྫོང་གི་ལས་དོན་ཁག་ལ་སྐུལ་འདེད་བྱེད་དགོས། རྗེས་ཕྱོགས་ལས་དོན་བསྒྲུབ་པའི་སྐབས་སུ་གོམ་གང་མདུན་སྤོས་ཀྱིས་སྙན་ཞུའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་སྐོར་གྱི་བསམ་གཞིག་དང་གོ་བ་ལེན་ཕྱོགས་གོ་བ་གཏིང་ཟབ་ལེན་དགོས། འཕྱོངས་རྒྱས་ཀྱི་ལས་དོན་ཁག་རྒྱུན་ཆད་མེད་པར་ཡོ་བསྲང་དང་ཇེ་ལེགས་སུ་བཏང་སྟེ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་ཁྲིད་སྟོན་འོགདབུལ་ཐར་སྲ་བརྟན་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ། གྲོང་གསེབ་དར་རྒྱས་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་བཅས་བྱས་ཏེ། འཕྱོངས་རྒྱས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་ཕྱིར་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་གསུངས།

རི་མོ་ནི་འཕྱོངས་རྒྱས་ཞིང་འབྲོག་མང་ཚོགས་ཀྱི་འཛུམ་མདངས་ཡིན།
          ལྗོངས་རིམ་པའི་དམངས་ཆེན་འཐུས་མིའམ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་བསོད་ནམས་རྡོ་རྗེས་བསྟན་དོན།ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུལ་བའི་སྙན་ཞུ་ལ་ནན་ཏན་གྱིས་ཉན་ཁར་སྙན་ཞུའི་མ་ཡིག་ཀྱང་ཐེངས་མང་པོར་ཞིབ་ཀློག་བྱས་པ་ཡིན། འདི་ལས་ང་ལ་མྱོང་ཚོར་ཟབ་མོ་སྤྲད་ཅིང་རྒྱུད་ལ་སེམས་ཤུགས་བསྐྱེད་པ་ཞིག་རེད། འདས་པའི་ལོ་ངོ་ལྔ་ནི་འཕྱོངས་རྒྱས་རྫོང་དེ་རྒྱལ་ཡོངས་དང་ལྗོངས་ཡོངས་ལ་བསྡོངས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོགདཔལ་འབྱོར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་།དམངས་འཚོ་དམངས་ཕན་ལའང་ཕན་འབྲས་གསར་པ་ཐོབ། རྨང་གཞིའི་སྒྲིག་བཀོད་སྔར་བས་ཇེ་ལེགས་སུ་བཏང་ཞིང་། ཐོན་ལས་འཕེལ་རྒྱས་ལ་གོམ་པ་གསར་པ་སྤོས།སྐྱེ་ཁམས་འཛུགས་སྐྲུན་ངེས་ཤེས་གསར་པ་རྙེད་ཅིང་། སྤྱི་ཚོགས་བཅོས་སྐྱོང་ཐད་ཡར་རྒྱས་གསར་པ་བྱུང་བ་རེད།
          འཆར་འགོད་ལྟར་ན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་ཡོང་བར་ནན་ཏན་གྱིས་སློབ་སྦྱོང་དང་བསམ་བློ་གཏོང་དགོས་ལ། ཏང་གི་བོད་སྐྱོང་འཐབ་ཇུས་ལག་བསྟར་དོན་འཁྱོལ་གང་ལེགས་བྱས་ཏེ། དཔའ་ངར་ཆེར་བསྐྱེད། དངོས་ཐོག་བདེན་སྒྲུབ་ཀྱིས་འཕྱོངས་རྒྱས་ཀྱི་ལས་དོན་སོ་སོ་ཕྱོགས་ཡོངས་ནས་མགོ་རྩོམ་དགོས། 
          སྔར་ལས་ལེགས་པའི་སྒོ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱེད་ཆེད། རང་རྫོང་གིས་དུས་མཚམས་རིམ་དང་། ཆེད་དོན། ཁྱབ་ཁོངས་བཅས་བགོས་ནས་རྫོང་ཡོངས་སུ་“བརྒྱ་བྱས་ལྔ”ཡི་ལག་ལེན་བྱེད་སྒོ་སྤེལ་རྒྱུ་ཡིན། དེ་ནི་“སློབ་སྦྱོང་དང་གྲོས་བསྡུར་ཐེངས་བརྒྱར་སྤེལ་བ་དང་། དྲིལ་བསྒྲགས་སློབ་ཁྲིད་ཐེངས་བརྒྱར་རྩ་འཛུགས་བྱེད་པ། ལོ་ལྔ་ཚུན་གྱི་སྔོན་ཐོན་དཔེ་མཚོན་བརྒྱ་བདམས་པ། གཞུང་ལུགས་ཀྱི་གྲོས་མོལ་གྲུབ་འབྲས་བརྒྱར་འདོན་པ། དྲིལ་བསྒྲགས་སྙན་ཞུ་བརྒྱར་འབྲི་བ་བཅས་ཀྱི་བྱེད་སྒོ་རྣམས་སོ། །
          ཤེས་གསལ་ལྟར་ན། འཕྱོངས་རྒྱས་རྫོང་དམངས་ཆེན་གྱིས་རིམ་པ་སོ་སོའི་དམངས་ཆེན་འཐུས་མིར་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་གྲོས་བསྡུར་བྱེད་པའི་ཚོགས་འདུ་ཐེངས་10ཙམ་སྤེལ་བ་དང་ཆབས་ཅིག སྐད་གཉིས་པར་གཞིའི་《འཕྱོངས་རྒྱས་རྫོང་མི་དམངས་འཐུས་ཚོགས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་འགྲེལ་བཤད་མདོར་བསྡུས》ཞེས་པ་དེབ་400ལྷག་པར་སྐྲུན་གྱིས་ཞང་3དང་གྲོང་རྡལ་1གི་“དམངས་ཆེན་འཐུས་མིའི་ཁྱིམ་”དང་གྲོང་ཚོ་རིམ་པའི་“དམངས་ཆེན་འཐུས་མིའི་ཚོགས་ཆུང་བྱེད་སྒོ་ཁང་”སོ་སོར་བཀྲམས། རིམ་པ་བཞི་ཡི་དམངས་ཆེན་འཐུས་མི་རེ་རེའི་ཕྱག་ཏུ་དེབ་རེ་འབྱོར་བར་བརྩོན་ལེན་བྱས་ཡོད། 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716