ཀྲུང་གོའི་བོད་ལྗོངས་དྲ་བ། > 2017ལོའི་སྐབས་བཅུ་དགུ་པའི་ཆེད་སྒྲིག > པར་རིས་

བོད་ལྗོངས་ཀྱི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མི་རྣམས་གནམ་གྲུར་བསྡད་དེ་པེ་ཅིང་དུ་འབྱོར་བ།

པད་མས་བསྒྱུར།    发布时间: 2017-10-17 10:33:00    来源: ཀྲུང་གོའི་བོད་ལྗོངས་དྲ་བ།

ཟླ་10པའི་ཚེས་15ཉིན། ཀྲུང་གོ་གུང་ཁྲན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་པའི་བོད་ལྗོངས་ཀྱི་འཐུས་མི་རྣམས་གནམ་གྲུར་བསྡད་དེ་པེ་ཅིན་དུ་འབྱོར་བ་རེད།

ཟླ་10པའི་ཚེས་15ཉིན། ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་མཁན་གྱི་བོད་ལྗོངས་ཀྱི་འཐུས་མི་རྣམས་གནམ་གྲུར་བསྡད་དེ་པེ་ཅིང་དུ་འབྱོར་ཏེ་ཚོགས་ཆེན་ལ་འབྱོར་ཐོ་བཀོད། 
          ཁོང་ཚོ་བོད་ལྗོངས་སུ་ཁ་གྱེས་ནས་པེ་ཅིང་དུ་འགྲོ་སྐབས། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ཨུ་དང་། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཙེང་ཝན་མེང་གནམ་ཐང་དུ་ཕེབས་ནས་འཐུས་མིར་ཕེབས་སྐྱེལ་ཞུས་པ་རེད། རྒྱལ་སྤྱིའི་གནམ་ཐང་དུ་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་པའི་བོད་ལྗོངས་ཀྱི་འཐུས་མི་རྣམས་ཀྱིས་ལུས་ལ་གཟབ་མཆོར་སྤྲས་པ་དང་གདོང་ལ་འཛུམ་གྱིས་ཁེངས་ཏེ་གནམ་གྲུ་ནང་ནས་མར་བབས་ཤིང་།  དེ་གར་སྔ་མོ་ནས་ངང་སྒུག་བྱས་ནས་བསྡད་པའི་སྨྱན་སྦྱོར་ལས་ཁུངས་ཀྱི་གསར་འགོད་པ་རྣམས་འཚང་ཁ་ཤིག་ཤིག་གིས་མདུན་དུ་རྒྱུགས་ཏེ་འཐུས་མི་རྣམས་ཀྱི་མཐའ་བསྐོར་འདུག
          འཐུས་མི་རྣམས་ཀྱིས་པར་མིག་དང་གཏམ་སྐྱེལ་འཕྲུལ་ཆས་ལ་གཏད་དེ་སྐད་ཆ་ལྷུག་པོར་བརྗོད་ཅིང་། ཚང་མས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཚུན་གྱི་ལོ་ལྔ་ནི་ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཕེལ་རིམ་ཁྲོད་ཀྱི་ཆེས་སྤྱིར་བཏང་མ་ཡིན་པའི་ལོ་ལྔ་ཡིན་པ་དང་། བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བ་འཛུགས་སྐྲུན་བྱ་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་འཐོབ་ཡོད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་བྱས་པའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་དང་།  རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་བྲལ་བའི་རོགས་སྐྱོར་གྱི་འོག རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་འགག་སྒྲོལ་དཀའ་སེལ་དང་། འབད་བརྩོན་གྱིས་ཡར་སྐུལ་བྱས་ཏེ་བྱ་གཞག་ཁག་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་གསར་པ་བླངས་ཡོད་ཅིང་། བོད་ཀྱི་གོང་འཕེལ་དང་བརྟན་ལྷིང་འདི་ཉིད་ལོ་རྒྱུས་ཐོག་ཆེས་བཟང་བའི་དུས་སྐབས་གྲས་ཀྱི་གཅིག་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཡིན་པའི་ཆ་ནས། ངེས་པར་དུ་འགན་འཁྲི་དང་ལས་འགན་ཡིད་ལ་བརྟན་པོར་བཟུང་སྟེ་ཧུར་ཐག་གིས་བློ་འདོན་ཇུས་འབུལ་དང་ནུས་ཤུགས་ཡོད་རྒུས་རང་འགན་གཙང་སྒྲུབ་བྱས་ཏེ་ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་འདོད་བློ་ཡར་ཞུ་ཡག་པོ་བྱ་རྒྱུ་དང་། ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། དོན་འཁྱོལ་ཡག་པོ་བྱས་ཏེ་དེ་བས་ལེགས་པའི་སྒོ་ནས་དུས་ཡུན་རིང་པོར་བོད་ལྗོངས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་ཐུབ་པར་སྐུལ་འདེད་གཏོང་དགོས་ཞེས་བཤད།
          སྤེན་པ་བཀྲ་ཤིས་དང་། པད་མ་དབྱངས་ཅན། བྱམས་པ་བཀྲ་ཤིས། ཐན་ཧའེ་ཡུས། ཡའོ་ཁྲི་སོགས་ཀྱི་འཐུས་མིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཏང་གི་རྩ་འཛུགས་རིམ་པ་ཁག་དང་རྒྱ་ཆེའི་ཏང་ཡོན་གྱིས་གནང་བའི་གཟི་བརྗིད་ལ་ལྡབ་འགྱུར་གྱིས་གཅེས་སྤྲས་བྱས་ཏེ། ཤུགས་ཆེའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་། ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས། བསམ་པའི་རྣམ་པ་ལེགས་པོ་ཞིག་གིས་དོན་དངོས་ཀྱིས་ཚོགས་ཆེན་བཅུ་དགུ་པའི་འཐུས་མིའི་བླ་ན་མེད་པའི་འགན་འཁྲི་དང་གཟི་བརྗིད་ལྡན་པའི་འགན་འཁྲི་འཁུར་ཏེ། ཚོགས་ཆེན་གྱི་བཀོད་སྒྲིག་ལྟར་ཡང་དག་པའི་སྒོ་ནས་ཁེ་དབང་བཀོལ་སྤྱོད་དང་ལྷག་བསམ་རྣམ་དག་གིས་འགན་འཁྲི་ལག་བསྟར་བྱས་ནས་སྣང་བརྙན་ལེགས་པོ་ཞིག་བསྟན་ཏེ་ཚོགས་ཆེན་བདེ་ལེགས་ངང་ལེགས་འགྲུབ་ཡོང་ཆེད་དེར་ལྡན་འོས་པའི་བྱས་རྗེས་འཇོག་རྒྱུ་ཡིན། དུས་མཚུངས་སུ་གོ་སྐབས་བཟང་པོ་འདི་ལ་བརྟེན་ནས་བོད་ལྗོངས་སུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་བྱས་པའི་ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་བསམ་བློ་གལ་ཆེན་བདེ་ལེགས་ངང་ལག་བསྟར་བྱས་པར་དྲིལ་བསྒྲགས་ཤུགས་ཆེ་གཏོང་རྒྱུ་དང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་གྱི་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་འཐོབ་པ་དྲིལ་བསྒྲགས་ཤུགས་ཆེ་བྱེད་པ། ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་བྱས་པའི་ཏང་ཀྲུང་དབྱང་གི་བཀའ་དྲིན་ཚད་མེད་དྲིལ་བསྒྲགས་ཤུགས་ཆེ་བྱ་རྒྱུ་ཡིན་ཞེས་བཤད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716