ཀྲུང་གོའི་བོད་ལྗོངས་དྲ་བ། > 2017ལོའི་སྐབས་བཅུ་དགུ་པའི་ཆེད་སྒྲིག > པར་རིས་

ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས་པ།

བཀྲ་ཤིས་རྡོ་རྗེས་བསྒྱུར།    发布时间: 2017-10-17 18:38:00    来源: ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།

          ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས༡༧ཉིན། ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་གསར་འགྱུར་མགྲིན་ཚབ་པ་ཐུའོ་ཀྲེང་གིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཚོགས་ནས་ཚོགས་ཆེན་བཅུ་དགུ་པའི་གྲ་སྒྲིག་ལས་དོན་གནས་ཚུལ་དང་ཚོགས་ཆེན་གྱི་བརྗོད་གཞིའི་སྐོར་ངོ་སྤྲོད་གནང་ཡོད་པ་རེད།
          ཐུའོ་ཀྲེང་གིས་ཐོག་མར། ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་སྤྱི་ཚེས་༡༨ཉིན་གྱི་སྔ་དྲོ་ཆུ་ཚོད་དགུ་པའི་ཐོག་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་སྐོང་འཚོགས་བྱ་རྒྱུ་དང་། འཚོགས་ཡུན་སྤྱི་ཟླ༡༠པའི་ཚེས༡༨ཉིན་ནས་ཚེས༢༤ཉིན་བར་ཡིན་ཞིང་། ང་རང་ཚོགས་ཆེན་གྱི་གསར་འགྱུར་མགྲིན་ཚབ་པ་ཡིན་པའི་ངོས་ནས། གནས་ཚུལ་གཏོང་སྤེལ་གནང་བར་ཕེབས་པའི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
          ཚོགས་ཆེན་གྱི་མངགས་བཅོལ་ལྟར། ཐུའོ་ཀྲེང་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་རེད།

          ཐུའོ་ཀྲེང་གིས་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་ཐུབ་པ་བྱེད་པའི་ཐག་ཐག་གཅོད་རང་བཞིན་གྱི་དུས་མཚམས་དང་། ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་གོང་འཕེལ་འགག་རྩའི་དུས་སྐབས་སུ་སྐོང་འཚོགས་བྱེད་པའི་ཧ་ཅང་གལ་ཆེ་བའི་ཚོགས་ཆེན་ཞིག་ཡིན། ཚོགས་ཆེན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་པ་དང་། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་དགོངས་པའི་ལྟ་བ་བཅས་ཀྱི་མཛུབ་ཁྲིད་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་རབ་དང་རིམ་པ་དང་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། ཐབས་ཇུས་གསར་པ་བཅས་ལག་བསྟར་བྱས་ནས། འདས་ཟིན་པའི་ལོ་ལྔའི་ལས་དོན་ལ་ཕྱོགས་སྡོན་ནན་ཏན་བྱ་རྒྱུ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་སྣེ་ཁྲིད་གནང་ནས། ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་ལོ་རྒྱུས་འཕེལ་རིམ་དང་རྩ་ཆེའི་ཉམས་མྱོང་རྒྱུན་འཁྱོངས་དང་གོང་འཕེལ་བཏང་བ་དང་། མིག་སྔའི་རྒྱལ་ཕྱི་རྒྱལ་ནང་གི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ། ཏང་དང་རྒྱལ་ཁབ་བྱ་གཞག་གོང་འཕེལ་གྱི་བླང་བྱ་གསར་པ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་བྱེད་པ། དུས་རབས་ཀྱི་དགོས་མཁོ་དང་འཚམ་པའི་བྱ་སྤྱོད་རྩ་འཛིན་དང་བྱེད་ཕྱོགས་སྲིད་ཇུས་གལ་ཆེན་ཁག་གཏན་འབེབས་བཟོས་པ། ཐབས་ཇུས་ཁྱོན་ཡོངས་ཀྱི་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་འཆར་འགོད་དང་བཀོད་སྒྲིག་གསར་པ་བྱས་ཡོད་གསུངས་པ་དང་།

          ཐུའོ་ཀྲེང་གིས། དེ་རིང་ཕྱི་དྲོ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་གྲ་སྒྲིག་གྲོས་ཚོགས་སྐོང་འཚོགས་བྱས་ནས། ཚོགས་ཆེན་གྱི་གྲོས་རིམ་གཏན་འཁེལ་བྱས་ཡོད། ཚོགས་ཆེན་གྱི་གྲོས་རིམ་གཙོ་བོ་ནི། སྐབས་བཅུ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་གསན་རྒྱུ་དང་དེར་ཞིབ་དཔྱད་བྱ་རྒྱུ། སྐབས་བཅུ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུར་ཞིབ་དཔྱད་བྱ་རྒྱུ། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་ལ་ཞིབ་དཔྱད་བྱས་ནས་གྲོས་འཆམ་བྱ་རྒྱུ། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་འདེམས་རྒྱུ། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་འདེམ་རྒྱུ་བཅས་ཡིན་པ་རེད། གྲ་སྒྲིག་གྲོས་ཚོགས་ཐོག་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མིའི་གྲོས་འགོའི་མིང་ཐོར་གྲོས་འཆམ་བྱུང་བ་དང་། ཚོགས་ཆེན་དེ་ཀྲུའུ་ཞི་ཚོགས་པའི་དབུ་ཁྲིད་འོག་སྐོང་ཚོགས་བྱ་རྒྱུ། དྲུང་ཡིག་ཁྲུའུ་བཟོས་ནས་ཚོགས་ཆེན་གྱི་ལས་དོན་ཁག་གི་འགན་འཁུར་རྒྱུ། བློ་མཐུན་ལིའུ་ཡུན་ཧྲན་གྱིས་ཚོགས་ཆེན་གྱི་དྲུང་ཆེའི་འགན་བཞེས་རྒྱུ་ཡིན་པ་རེད། གྲ་སྒྲིག་གྲོས་ཚོགས་རྗེས། འཐུས་མིའི་ཐོབ་ཐང་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོ་སྐོང་འཚོགས་བྱས་ཡོད། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་དང་པའི་ཐོག་ཚོགས་ཆེན་གྱི་ཞིབ་ཕྲའི་ལས་རིམ་ལ་གྲོས་འཆམ་བྱུང་བ་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་འོས་སྦྱོར་བྱས་ནས་བདམས་ཐོན་བྱུང་ཡོད། མིག་སྔར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་གྲ་སྒྲིག་ལས་དོན་ཁག་ཚང་མ་བཀོད་སྒྲིག་བྱས་ཟིན་ཞེས་ངོ་སྤྲོད་གནང་ཡོད། ཐོའུ་ཀྲེང་གིས་ད་དུང་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་ཚོགས་ཆེན་བཅུ་དགུ་པའི་གྲ་སྒྲིག་ལས་དོན་ཁག་གི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་བ་དང་གསར་འགོད་པས་བཏོན་པའི་འདྲི་བར་ལན་སྐྱོན་ཡོད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716