ཀྲུང་གོའི་བོད་ལྗོངས་དྲ་བ། > 2017ལོའི་སྐབས་བཅུ་དགུ་པའི་ཆེད་སྒྲིག > པར་རིས་

དྲག་ཆས་ཉེན་རྟོག་གི་བོད་ལྗོངས་ནགས་ཚལ་སྤྱི་ཁྱབ་རུ་ཁག་གི་དཔོན་དམག་ཡོངས་ཀྱིས་ཚོགས་ཆེན་བཅུ་དགུ་པའི་འགོ་ཚུགས་དགྱེས་སྟོན་གྱི་རྣམ་པར་ལྟ་བ།

པད་མས་བསྒྱུར།    发布时间: 2017-10-19 13:57:00    来源: ཀྲུང་གོའི་བོད་ལྗོངས་དྲ་བ།
          ཀྲུང་གོ་བོད་ལྗོངས་དྲ་བ་ནས་གནས་ཚུལ་འབྱོར་གསལ། ཟླ་10པའི་ཚེས་18ཉིན་གྱི་སྔ་དྲོ་ཆུ་ཚོད་དགུའི་སྟེང་། འཛམ་གླིང་གི་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིང་དུ་འགོ་ཚུགས་ཤིང་། དྲག་ཆས་ཉེན་རྟོག་གི་བོད་ལྗོངས་ནགས་ཚལ་སྤྱི་ཁྱབ་རུ་ཁག་གིས་དཔོན་དམག་རྣམས་ཀྱིས་ཚོགས་ཆེན་གྱི་འགོ་ཚུགས་པའི་དགྱེས་སྟོན་གྱི་རྣམ་པར་ལྟ་བའི་སྒྲིག་འཛུགས་བྱས་པ་དང་། ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ལ《ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་འཇགས་རོགས།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ་བློ་ཐག་རྦད་བཅད་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་བརྩོན་ལེན་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད》ཅེས་པའི་སྙན་སེང་ལ་ནན་ཏན་གྱིས་ཉན་ཞིབ་བྱས།
          དཔོན་དམག་ཡོངས་ཀྱིས་བློ་རྩེ་གཅིག་སྒྲིམ་ངང་ལྟ་ཞོར་ཟིན་ཐོར་འགོད་པ་དང་། སྙན་ཞུའི་ནང་དོན་གྱིས་ཡིད་སེམས་འགུལ་བར་མ་ཟད་སྐུལ་ལྕག་ཆེན་པོ་ཐེབས་སོང་། ཚང་མས་གཅིག་རྗེས་གཉིས་མཐུད་ངང་བློ་མཐུན་ཞི་ཅིན་ཕིང་གི་གསུང་བཤད་ལ་དུས་བབ་ཕྱག་གཟིགས་དང་། མི་སེམས་ལ་སྐུལ་མ་གཏོང་བ། ངེས་པར་དུ་བསམ་བློ་གཅིག་གྱུར་གྱིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་ཐོག་ཏུ་བབས་ཏེ་དེ་བས་བློ་སྟོབས་ཆེར་སྐྱེད་ཀྱི་སྒོ་ནས་ལས་ཀའི་སྤྲོ་སེམས་དང་ངར་ཤུགས་ཆེན་པོས་རྒྱལ་སྲུང་བྱ་གཞག་འཛུགས་སྐྲུན་བྱ་བར་རང་སྲོལ་འབུལ་བ་དང་། ལག་ལེན་རྣམ་དག་གིས་ལས་འགན་ལག་བསྟར་བྱས་ཏེ་བོད་ཀྱི་ཞི་མཐུན་བརྟན་ལྷིང་དང་འབྱུང་ཁམས་བདེ་འཇགས་ཡོང་བར་འགན་སྲུང་བྱས་ཏེ། དམག་དཔུང་འཛུགས་སྐྱོང་ཚན་རིག་དང་མཐུན་པར་གོང་འཕེལ་དང་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་པ་འབུལ་དགོས།

རི་མོ་འདི་ནི་དྲག་ཆས་ཉེན་རྟོག་གི་བོད་ལྗོངས་ནགས་ཚལ་སྤྱི་ཁྱབ་རུ་ཁག་གི་དཔོན་དམག་ཡོངས་ཀྱིས་བློ་རྩེ་གཅིག་ཏུ་བསྒྲིམས་ནས་ཚོགས་འདུ་གཟབ་རྒྱས་ངང་འཚོགས་པར་གཟིགས་པ་དང་། ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བར་ཉན་པའི་རྣམ་པ་རེད།

རི་མོ་འདི་ནི་གཞི་རིམ་གྱི་དཔོན་དམག་ཡོངས་ཀྱིས་སྒྲིག་ལམ་ལྡན་པའི་སྒོ་ནས་ནན་ཏན་གྱིས་ཚོགས་འདུ་གཟབ་རྒྱས་ངང་འཚོགས་པར་ལྟ་བའི་རྣམ་པ་རེད།

རི་མོ་འདི་ནི་དཔོན་དམག་ཚོས་ཚོགས་ཆེན་ལ་ལྟ་ཞོར་ཟིན་ཐོ་བཀོད་དེ་ནན་ཏན་སྒོས་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་རྣམ་པ་རེད།

རི་མོ་འདི་ནི་དྲག་ཆས་ཉེན་རྟོག་གི་བོད་ལྗོངས་ནགས་ཚལ་སྤྱི་ཁྱབ་རུ་ཁག་གི་དམག་གསར་རུ་ཁག་གིས་ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པར་སློབ་སྦྱོང་བྱེད་པའི་རྣམ་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716