ཀྲུང་གོའི་བོད་ལྗོངས་དྲ་བ། > 2017ལོའི་སྐབས་བཅུ་དགུ་པའི་ཆེད་སྒྲིག > པར་རིས་

《ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ་》ཞེས་པའི་རྒྱ་དབྱིན་པར་མ་དཔར་བསྐྲུན་བྱས་པ།

བྱམས་པ་ཚེ་རིང་གིས་བསྒྱུར།    发布时间: 2017-11-08 13:48:00    来源: ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

          ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཀྲུང་དབྱང་དྲིལ་བསྒྲགས་པུས་ཀྲུང་དབྱང་ཡིག་ཚགས་ཞིབ་འཇུག་ཁང་དང་ཀྲུང་དབྱང་ཕྱི་རྒྱལ་ཡིག་རིགས་ཅུད་བཅས་དང་མཉམ་དུ་རྩོམ་སྒྲིག་བྱས་པའི་ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ་ཞེས་པའི་བམ་པོ་གཉིས་པ། ཉེ་དུས་ཕྱི་རྒྱལ་ཡིག་རིགས་དཔེ་བསྐྲུན་ཁང་གིས་རྒྱ་ཡིག་དང་དབྱིན་ཡིག་གཉིས་དུ་དཔར་བསྐྲུན་བྱས་ནས་རྒྱལ་ཕྱི་རྒྱལ་ནང་དུ་འགྲེམ་སྤེལ་བྱེད་འགོ་ཚུགས་ཡོད།
          ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ་ཞེས་པའི་བམ་པོ་གཉིས་པའི་ནང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་བཏང་བའི་རླབས་ཆེའི་ལག་ལེན་བྲིས་ཡོད་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མགོ་མཇུག་དང་ནང་དོན་གལ་ཆེན་གཅིག་བསྡུས་བྱས་ཡོད་པ་དང་། ང་ཚོའི་ཏང་གིས་མིའི་རིགས་ཀྱི་ལས་དབང་ཐུན་མོང་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ཞི་བདེ་དང་གོང་འཕེལ་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ཀྲུང་གོའི་བླ་རིག་དང་ཀྲུང་གོའི་འཇུས་གཞི་མངོན་པར་བྱས་ཡོད་པས་འདི་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱེད་པའི་དབང་གྲགས་ལྡན་པའི་དཔེ་ཀློག་དེབ་ཅིག་རེད།
          ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ་ཞེས་པའི་བམ་པོ་གཉིས་པ་དཔར་བསྐྲུན་འགྲེམ་སྤེལ་བྱས་པ་དེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་གི་གསར་བསྐྲུན་རིག་གཞུང་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱེད་པ་དང་ཏང་གི་ཚོགས་ཆེན་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་འཕྱུར་བར་བྱེད་པ། མིག་སྔའི་ཀྲུང་གོ་དང་ཀྲུང་གོ་གུང་ཁྲན་ཏང་གི་གཟུགས་བརྙན་ལེགས་པོ་གང་ལེགས་མངོན་པར་བྱེད་པ། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྲུང་གོའི་གོང་འཕེལ་ལམ་བུ་དང་གོང་འཕེལ་གྱི་འདུ་ཤེས། གོང་འཕེལ་བྱ་ཐབས་བཅས་ལ་ཡང་དག་པའི་རྒྱུས་མངའ་དང་བསམ་ཤེས་ཐུབ་རྒྱུར་འཁྲིད་སྟོན་བྱེད་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716